དཀར་ཆག་མེད།
ལེའུ་བཅུ་ནི།
ད་ལམ་པར་དུ་བསྐྲུན་རྒྱུ་ནི།
རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་གཞུང་བཟང་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འདི་ཉིད་འཆད་པ་ལ། བཤད་བྱའི་ཡན་ལག་བཤད་པ་དང༌། བཤད་བྱ་དངོས་བཤད་པ་གཉིས་ལས། དང་པོ་༼བཤད་བྱའི་ཡན་ལག་བཤད་པ།༽ལ་སློབ་དཔོན་གྱི་ཆོས་ཇི་ལྟར་འཆད་ཚུལ། སློབ་མས་ཇི་ལྟར་ཉན་ཚུལ། དཔོན་སློབ་གཉིས་ཀས་འཆད་ཉན་ཇི་ལྟར་བགྱི་བའི་ཚུལ་དང་གསུམ་བཤད་གྲུབ་ནས། གཉིས་པ་བཤད་བྱ་དངོས་བཤད་པ་ལ་བསྟན་བཅོས་ཀྱི་མཚན་དང༌། མཚན་དེ་ལྡན་གྱི་གཞུང་དངོས་གཉིས། དང་པོ་༼བསྟན་བཅོས་ཀྱི་མཚན།༽ལ། མཚན་དངོས་དང༌། ཞར་བྱུང་དུ་འགྱུར་ཕྱག་གཉིས། དང་པོ་༼མཚན་དངོས།༽ནི།
གཉིས་པ་ཞར་བྱུང་དུ་འགྱུར་ཕྱག་ནི།
གཉིས་པ་མཚན་དེ་ལྡན་གྱི་གཞུང་དངོས་བཤད་པ་ལ། བསྟན་བཅོས་རྩོམ་པ་ལ་འཇུག་པའི་རྒྱུ། བརྩམ་བྱ་བསྟན་བཅོས་ལུས་ཀྱི་རང་བཞིན་དངོས། མཇུག་ཡོངས་སུ་རྫོགས་པའི་བྱ་བ་དང་གསུམ། དང་པོ་༼བསྟན་བཅོས་རྩོམ་པ་ལ་འཇུག་པའི་རྒྱུ།༽ལ་བཞི་སྟེ། དང་པོ་ཐོས་བསམ་སྒོམ་གསུམ་ལ་བར་ཆད་མི་འབྱུང་བའི་ཕྱིར་དུ་དཀོན་མཆོག་གསུམ་ལ་མཆོད་པར་བརྗོད་པ་ནི།
བྱང་སེམས་རྣམས་ལ་རྒྱལ་སྲས་བརྗོད་པའི་རྒྱུ་མཚན་གསུམ་ནི། རྒྱལ་བའི་གདུང་བརྒྱུད་འཛིན་པ་དང༌། དམ་པའི་ཆོས་ཀྱི་མཛོད་འཛིན་པ་དང༌། གདུལ་བྱའི་ལྷག་མ་སྐྱོང་བ་དང་གསུམ་ལས། དང་པོ་༼རྒྱལ་བའི་གདུང་བརྒྱུད་འཛིན་པ།༽ནི།
གཉིས་པ་༼དམ་པའི་ཆོས་ཀྱི་མཛོད་འཛིན་པ།༽ནི།
གསུམ་པ་༼གདུལ་བྱའི་ལྷག་མ་སྐྱོང་བ།༽ནི།
གཉིས་པ་བརྩམ་པར་དམ་བཅའ་བ་ནི།
གསུམ་པ་ཁེངས་པ་སྐྱུངས་པ་ནི།
བཞི་པ་ཞུམ་པའི་ལེ་ལོ་བསལ་ཕྱིར་སྤྲོ་བ་བསྐྱེད་པ་ནི།
གཉིས་པ་བརྩམ་བྱ་བསྟན་བཅོས་ལུས་ཀྱི་རང་བཞིན་དངོས་བཤད་པ་ལ།
དང་པོ་ལ་གཞུང་དང་མཚན་གཉིས། དང་པོ་གཞུང་ལ། བྱང་ཆུབ་སེམས་ཀྱི་རྟེན་བཤད་པ་དང༌། ཕན་ཡོན་དངོས་བཤད་པ་གཉིས། དང་པོ་ལ་ལུས་རྟེན་དང༌། བསམ་པའི་རྟེན་བཤད་པ་གཉིས་ལས། དང་པོ་༼ལུས་རྟེན་།༽ནི།
གཉིས་པ་ལ། རང་འབྱོར་ལྔ་ནི།
གཞན་འབྱོར་ལྔ་ནི།
གསུམ་པ་རྙེད་དཀའི་དཔེ་ནི།
བཞི་པ་གྲངས་ཀྱི་ཁྱད་པར་ནི།
གཉིས་པ་བསམ་པའི་རྟེན་ནི།
གཉིས་པ་ཕན་ཡོན་དངོས་བཤད་པ་ལ། སེམས་བསྐྱེད་སྤྱིའི་ཕན་ཡོན། སྨོན་འཇུག་སོ་སོའི་ཕན་ཡོན། སེམས་བསྐྱེད་རྒྱུད་ལྡན་གྱི་གང་ཟག་གི་ཆེ་བ་བསྟན་པ་དང་གསུམ་ལས། དང་པོ་ལ། དགེ་བ་གཞན་ལས་ཁྱད་པར་དུ་འཕགས་པའི་ཕན་ཡོན། མིང་དོན་གནས་འགྱུར་བའི་ཕན་ཡོན། ཕན་ཡོན་དཔེའི་སྒོ་ནས་བསྟན་པ་དང་གསུམ་ལས། དང་པོ་༼དགེ་བ་གཞན་ལས་ཁྱད་པར་དུ་འཕགས་པའི་ཕན་ཡོན་༽ནི།
གཉིས་པ་མིང་དོན་གནས་འགྱུར་བའི་ཕན་ཡོན་བསྟན་པ་ནི།
གསུམ་པ་ཕན་ཡོན་དཔེའི་སྒོ་ནས་བསྟན་པ་ལ་དྲུག་ལས། དང་པོ་གསེར་འགྱུར་གྱི་དཔེས་སངས་རྒྱས་ཐོབ་པར་བསྟན་པ་ནི།
གཉིས་པ་རིན་པོ་ཆེའི་དཔེས་དོན་ཆེ་བར་བསྟན་པ་ནི།
གསུམ་པ་འབྲས་བུ་ཅན་གྱི་ལྗོན་ཤིང་གི་དཔེས་དགེ་རྩ་མི་ཟད་ཅིང་གོང་ནས་གོང་འཕེལ་དུ་བསྟན་པ་ནི།
བཞི་པ་སྐྱེལ་མ་དཔའ་བོའི་དཔེས་ངེས་པའི་སྡིག་པ་ཟིལ་གྱིས་གནོན་པར་བསྟན་པ་ནི།
ལྔ་པ་དུས་མཐའི་མེའི་དཔེས་མ་ངེས་པའི་སྡིག་པ་དྲུང་ནས་འབྱིན་པར་བསྟན་པ་ནི།
དྲུག་པ་འདིར་མ་བཤད་པར་གཞན་དུ་ཞལ་འཕངས་པ་ནི།
དེ་ནས་གཉིས་པ་སྨོན་འཇུག་སོ་སོའི་ཕན་ཡོན་བཤད་པ་ལ་གསུམ་སྟེ། དང་པོ་སྨོན་འཇུག་གི་དབྱེ་བའི་ཁྱད་པར་ནི།
གཉིས་གང་ཞེ་ན།
དེ་གཉིས་ཀྱི་དཔེ་ནི།
གཉིས་པ་སྨོན་འཇུག་གི་ཕན་ཡོན་གྱིས་ཁྱད་པར་ནི།
གསུམ་པ་སྨོན་འཇུག་གི་ཕན་ཡོན་ལུང་རིགས་ཀྱི་སྒོ་ནས་སྒྲུབ་པ་ལ་གཉིས་ལས། དང་པོ་ལུང་གི་སྒོ་ནས་སྒྲུབ་པ་ནི།
གཉིས་པ་ཕན་ཡོན་རིགས་པས་སྒྲུབ་པ་གཉིས་ལས། དང་པོ་སྨོན་སེམས་ཀྱི་ཕན་ཡོན་རིགས་པས་སྒྲུབ་པ་ནི།
གཉིས་པ་འཇུག་པ་སེམས་བསྐྱེད་ཀྱི་ཕན་ཡོན་རིགས་པའམ་དཔེས་བསྒྲུབ་པ་ནི།
རྩ་བའི་ས་བཅད་གསུམ་པ་སེམས་བསྐྱེད་རྒྱུད་ལྡན་གྱི་གང་ཟག་གི་ཆེ་བ་བསྟན་པ་ནི།
གཉིས་པ་ལེའུའི་མཚན་ནི།
ལེའུ་གཉིས་པ་བྱང་ཆུབ་སེམས་དཔའི་ལམ་གྱི་སྤྱིའི་མི་མཐུན་ཕྱོགས་སྡིག་པ་བཤགས་པའི་ལེའུ་ལ། གཞུང་དང་མཚན་གཉིས། དང་པོ་༼གཞུང་།༽ལའང་སེར་སྣའི་གཉེན་པོ་མཆོད་པ་འབུལ་བའི་ཡན་ལག །ང་རྒྱལ་གྱི་གཉེན་པོ་ཕྱག་འཚལ་བའི་ཡན་ལག །ལམ་ལོག་པ་ལས་སྐྱོབས་པའི་གཉེན་པོ་སྐྱབས་སུ་འགྲོ་བའི་ཡན་ལག །གཏི་མུག་གི་གཉེན་པོ་སྡིག་པ་བཤགས་པའི་ཡན་ལག་དང་བཞི་ལས། དང་པོ་༼སེར་སྣའི་གཉེན་པོ་མཆོད་པ་འབུལ་བའི་ཡན་ལག༽ལ་དངོས་སུ་འབྱོར་བའི་མཆོད་པ་དང༌། ཡིད་ཀྱིས་སྤྲུལ་པའི་མཆོད་པ། སྨོན་ལམ་སྟོབས་ཀྱི་མཆོད་པ། བླ་ན་མེད་པའི་མཆོད་པ། བསྟོད་པ་དབྱངས་ཀྱི་མཆོད་པ་དང་ལྔ་ལས། དང་པོ་༼དངོས་སུ་འབྱོར་བའི་མཆོད་པ།༽ལའང་བདག་པོས་ཡོངས་སུ་བཟུང་བའི་མཆོད་པ་དང༌། བདག་པོས་ཡོངས་སུ་མ་བཟུང་བའི་མཆོད་པ་དང༌། ལུས་དབུལ་བའི་མཆོད་པ་རྣམ་པ་གསུམ་ལས། དང་པོ་བདག་པོས་ཡོངས་སུ་བཟུང་བའི་མཆོད་པ་ནི།
གཉིས་པ་བདག་པོས་ཡོངས་སུ་མ་བཟུང་བའི་མཆོད་པ་ནི།
གསུམ་པ་ལུས་དབུལ་བའི་མཆོད་པ་ནི།
གཉིས་པ་ཡིད་སྤྲུལ་གྱི་མཆོད་པ་ལ། ཁྲུས་ཀྱི་སྐུ་ཕྱི་སོགས་ཀྱི་མཆོད་པ་དང༌། ཉེར་སྤྱོད་ཀྱི་མཆོད་པ་གཉིས་ལས། དང་པོ་༼ཁྲུས་ཀྱི་སྐུ་ཕྱི་སོགས་ཀྱི་མཆོད་པ།༽ནི།
རུང་བའི་ཚོན་གསུམ་ནི།
གཉིས་པ་ཉེར་སྤྱོད་ཀྱི་མཆོད་པ་རྣམས་ལས། དང་པོ་དྲི་ཆབ་ཀྱི་མཆོད་པ་ནི།
དེ་ནས་མེ་ཏོག་གིས་མཆོད་པ་ནི།
དེ་ནས་བདུག་སྤོས་ཀྱི་མཆོད་པ་ནི།
དེ་ནས་ཞལ་ཟས་ཀྱི་མཆོད་པ་ནི།
དེ་ནས་མར་མེས་མཆོད་པ་ནི།
དེ་ནས་ས་གཞིའི་མཆོད་པ་ནི།
དེ་ནས་གཞལ་མེད་ཁང་གི་མཆོད་པ་ནི།
དེ་ནས་གདུགས་ཀྱི་མཆོད་པ་ནི།
གསུམ་པ་སྨོན་ལམ་སྟོབས་ཀྱི་མཆོད་པ་ནི།
བཞི་པ་བླ་ན་མེད་པའི་མཆོད་པ་ནི།
ལྔ་པ་བསྟོད་པ་དབྱངས་ཀྱི་མཆོད་པ་ནི།
གཉིས་པ་གུས་པ་ཕྱག་གི་མཆོད་པ་ནི།
གསུམ་པ་སྐྱབས་སུ་འགྲོ་བའི་ཡན་ལག་ནི།
དང་པོ་དུས་ཀྱི་ཁྱད་པར་ནི།
གཉིས་པ་ཡུལ་གྱི་ཁྱད་པར་ནི།
གསུམ་པ་བསམ་པའི་ཁྱད་པར་ནི།
དང་པོ་རྒྱུ་ཡི་སྐྱབས་འགྲོ་ནི།
གཉིས་པ་འབྲས་བུའི་སྐྱབས་འགྲོ་ནི།
བཞི་པ་སྡིག་པ་བཤགས་པའི་ཡན་ལག་ལ། བཤགས་ཡུལ་མངོན་དུ་བྱ་བ་དང༌། བཤགས་པ་དངོས་བཤད་པ་གཉིས་ལས། དང་པོ་༼བཤགས་ཡུལ་མངོན་དུ་བྱ་བ།༽ནི།
གཉིས་པ་བཤགས་པ་དངོས་བཤད་པ་ལ། གཉེན་པོ་སྟོབས་བཞི་ལས་དང་པོ་སུན་འབྱིན་པའི་སྟོབས་ནི།
གཉིས་པ་རྟེན་གྱི་སྟོབས་ནི།
གསུམ་པ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ལ། གཉེན་པོ་བསྟེན་དགོས་པའི་རྒྱུ་མཚན་དང༌། གཉེན་པོ་དངོས་གཉིས་ལས། དང་པོ་༼གཉེན་པོ་བསྟེན་དགོས་པའི་རྒྱུ་མཚན།༽ནི།
གཉིས་པ་གཉེན་པོ་དངོས་ནི།
བཞི་པ་སོར་ཆུད་པའམ་ཕྱིན་ཆད་སྡོམ་པའི་སྟོབས་ནི།
གཉིས་པ་ལེའུའི་མཚན་ནི།
གསུམ་པ་མཐུན་ཕྱོགས་བྱང་སེམས་ཡོངས་སུ་བཟུང་བའི་ལེའུ་ལ་གཞུང་དང་མཚན་གཉིས། དང་པོ་ལེའུའི་གཞུང་ལ། སྦྱོར་བ་སྔོན་དུ་འགྲོ་བའི་ཆོས། དངོས་གཞི་དམ་བཅའ་བ། མཇུག་རང་གཞན་དགའ་བ་སྒོམ་པ་དང་གསུམ་ལས། དང་པོ་༼སྦྱོར་བ་སྔོན་དུ་འགྲོ་བའི་ཆོས།༽ལའང༌། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རང་རྒྱུད་ལ་སྐྱེད་པའི་ཐབས་ལྷན་ཅིག་བྱེད་པའི་རྐྱེན་ཚོགས་བསགས་པ་དང༌། ཉེ་བར་ལེན་པའི་རྒྱུ་བློ་སྦྱོང་བ་གཉིས་ལས། དང་པོ་༼བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རང་རྒྱུད་ལ་སྐྱེད་པའི་ཐབས་ལྷན་ཅིག་བྱེད་པའི་རྐྱེན་ཚོགས་བསགས་པ།༽ལ། ཚོགས་བསགས་ཡན་ལག་བརྒྱད་ཡོད་པ་ལས། མཆོད་པ་དང༌། ཕྱག་འཚལ་བ་དང༌། སྐྱབས་སུ་འགྲོ་བ། སྡིག་པ་བཤགས་པའི་ཡན་ལག་བཞི་ལེའུ་གཉིས་པའི་སྐབས་སུ་བཤད་ཟིན་ནས། འདིར་བཤད་པར་བྱ་བ་ལ། ཕྲག་དོག་གི་གཉེན་པོ་རྗེས་སུ་ཡི་རང་བའི་ཡན་ལག་དང༌། འདོད་ཆགས་དང་ཆོས་སྤང་གི་གཉེན་པོ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བའི་གསོལ་བ་འདེབས་པའི་ཡན་ལག་དང༌། ལོག་ལྟ་དང་ཐུགས་དཀྲུག་གི་གཉེན་པོ་མྱ་ངན་ལས་མི་འདའ་བར་བཞུགས་པར་གསོལ་བ་འདེབས་པའི་ཡན་ལག་དང༌། ཐེ་ཚོམ་དང་ལུང་མ་བསྟན་གྱི་གཉེན་པོར་དགེ་རྩ་གཞན་དོན་དུ་བསྔོ་བའི་ཡན་ལག་དང་བཞི་ལས། དང་པོ་༼ཕྲག་དོག་གི་གཉེན་པོ་རྗེས་སུ་ཡི་རང་བའི་ཡན་ལག༽ནི།
གཉིས་པ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བའི་གསོལ་བ་འདེབས་པའི་ཡན་ལག་ནི།
གསུམ་པ་མྱ་ངན་ལས་མི་འདའ་བར་བཞུགས་པར་གསོལ་བ་འདེབས་པའི་ཡན་ལག་ནི།
བཞི་པ་དགེ་རྩ་གཞན་དོན་དུ་བསྔོ་བ་ནི།
གཉིས་པ་བློ་སྦྱོང་བ་ལ། བློ་སྦྱོང་བ་དངོས་དང༌། དེའི་འཐད་པ་དགོད་པ། ལུས་བྱེ་བྲག་ཏུ་གཏོང་བ། བློ་སྦྱོང་གི་འབྲས་བུ་གཞན་དོན་དུ་སྨོན་ལམ་བཏབ་པ་དང་བཞི་ལས། དང་པོ་༼བློ་སྦྱོང་བ་དངོས།༽ནི།
གཉིས་པ་དེའི་འཐད་པ་ནི།
གསུམ་པ་ལུས་བྱེ་བྲག་ཏུ་གཏོང་བ་ནི།
བཞི་པ་བློ་སྦྱོང་གི་འབྲས་བུ་གཞན་དོན་དུ་སྨོན་ལམ་འདེབས་པ་ནི།
དམ་བཅའ་བ་དངོས་ནི།
གསུམ་པ་མཇུག་ཏུ་དགའ་བ་བསྒོམ་པ་ལའང༌། རང་དགའ་བ་སྒོམ་པ་དང༌། གཞན་དགའ་བ་སྒོམ་དུ་བཞུགས་པ་གཉིས་ལས། དང་པོ་༼རང་དགའ་བ་སྒོམ་པ།༽ནི།
གཉིས་པ་གཞན་དགའ་བ་སྒོམ་དུ་གཞུག་པ་ནི།
གཉིས་པ་ལེའུའི་མཚན་ནི།
ད་ནི་གཉིས་པ་བྱང་ཆུབ་ཀྱི་སེམས་དེ་རང་རྒྱུད་ལ་སྐྱེས་པ་མི་ཉམས་པར་བྱེད་པའི་ལེའུ་གསུམ་ནི། མཇུག་ལྡོག་གི་གནས་ལ་གཟོབ་པ་ལྷུར་ལེན་པ་བག་ཡོད་ཀྱི་ལེའུ། རང་གི་སྒོ་གསུམ་ལ་བརྟགས་པ་ཤེས་བཞིན་གྱི་ལེའུ། བྱང་ཆུབ་སེམས་ཀྱི་བྱེ་བྲག་གི་མི་མཐུན་ཕྱོགས་ཁོང་ཁྲོའི་གཉེན་པོ་བཟོད་པའི་ལེའུ་དང་གསུམ་ལས། དང་པོ་བག་ཡོད་ཀྱི་ལེའུ་ལའང༌། ལེའུའི་གཞུང་དང༌། ལེའུའི་མཚན་གཉིས། དང་པོ་གཞུང་ལ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ་གཉིས་ལས། དང་པོ་༼མདོར་བསྟན་པ།༽ནི།
གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། བསྒྲུབ་བྱ་བསླབ་པ་ལ་བསམ་ཏེ་བག་བྱ་བ། རྟེན་དལ་འབྱོར་ལ་བསམས་ཏེ་བག་བྱ་བ། སྤངས་བྱ་ཉོན་མོངས་ལ་བསམས་ཏེ་བག་བྱ་བ་དང་གསུམ་ལས། དང་པོ་༼བསྒྲུབ་བྱ་བསླབ་པ་ལ་བསམ་ཏེ་བག་བྱ་བ།༽ལའང༌། བསམ་པ་སེམས་བསྐྱེད་བའི་ཉམས་པར་སྲུང་བ་དང༌། སྦྱོར་བ་བརྩོན་འགྲུས་མི་ཉམས་པར་སྲུང་བ་གཉིས་ལས། དང་པོ་༼བསམ་པ་སེམས་བསྐྱེད་བའི་ཉམས་པར་སྲུང་བ།༽ནི།
གཉིས་པ་སྦྱོར་བ་བརྩོན་འགྲུས་མི་ཉམས་པར་སྲུང་བ་ནི།
གཉིས་པ་རྟེན་དལ་འབྱོར་ལ་བསམས་ཏེ་བག་བྱ་བ་ལ། དལ་འབྱོར་རྙེད་དཀའི་ཚུལ་ལ་བསམས་ཏེ་བག་བྱ་བ། ངན་སོང་ལས་ཐར་དཀའ་བ་ལ་བསམས་ཏེ་བག་བྱ་བ། དལ་འབྱོར་ཐོབ་དུས་དགེ་བ་ལ་འབད་དགོས་པར་བསྟན་པ་དང་གསུམ་ལས། དང་པོ་༼དལ་འབྱོར་རྙེད་དཀའི་ཚུལ་ལ་བསམས་ཏེ་བག་བྱ་བ།༽ནི།
གཉིས་པ་ངན་སོང་ལས་ཐར་དཀའ་བ་ལ་བསམས་ཏེ་བག་བྱ་བ་ནི།
གསུམ་པ་དལ་འབྱོར་ཐོབ་དུས་དགེ་བ་ལ་འབད་དགོས་པར་བསྟན་པ་ནི།
གསུམ་པ་སྤངས་བྱ་ཉོན་མོངས་པ་ལ་བསམས་ཏེ་བག་བྱ་བ་ལ། ཉོན་མོངས་པའི་ཉེས་དམིགས་བཤད་པ། ཉོན་མོངས་པ་སྤངས་པའི་དཀའ་སྤྱད་བཟོད་པ། ཉོན་མོངས་པ་ཇི་ལྟར་སྤངས་ཚུལ་དང་གསུམ་ལས། དང་པོ་༼ཉོན་མོངས་པའི་ཉེས་དམིགས་བཤད་པ།༽ནི།
གཉིས་པ་ཉོན་མོངས་པ་སྤངས་པའི་དཀའ་སྤྱད་བཟོད་པ་ནི།
གསུམ་པ་ཉོན་མོངས་པ་ཇི་ལྟར་སྤངས་ཚུལ་ནི།
གཉིས་པ་ལེའུའི་མཚན་ནི།
གཉིས་པ་རང་གི་སྒོ་གསུམ་ལ་བརྟགས་པ་ཤེས་བཞིན་གྱི་ལེའུ་ལའང༌། གཞུང་དང་མཚན་གཉིས་ལས། དང་པོ་གཞུང་ལའང་བསླབ་པ་བསྲུང་བའི་ཐབས་སུ་སེམས་བསྲུང་བ། སེམས་སྲུང་བའི་ཐབས་སུ་དྲན་ཤེས་བརྟེན་ཚུལ། དྲན་ཤེས་དང་ལྡན་པའི་སྒོ་ནས་སེམས་སྦྱོང་གི་སྤྱོད་པ་ལ་བསླབ་ཚུལ། སྒྲུབ་པ་ཕུན་སུམ་ཚོགས་པའི་ཡན་ལག་གཞན་བསྟན་པ་དང་བཞི་ལས། དང་པོ་༼དང་པོ་གཞུང་ལའང་བསླབ་པ་བསྲུང་བའི་ཐབས་སུ་སེམས་བསྲུང་བ།༽ལའང༌། མདོར་བསྟན་པ་དང༌། རྒྱས་པར་བཤད་པ་གཉིས་ལས། དང་པོ་༼མདོར་བསྟན་པ།༽ནི།
གཉིས་པ་རྒྱས་པར་བཤད་པ་ལ། གནོད་པ་ཐམས་ཅད་སེམས་ལས་བྱུང་ཚུལ། དགེ་བ་ཐམས་ཅད་སེམས་ལས་བྱུང་ཚུལ། དེས་ན་ངེས་པར་སེམས་བསྲུང་དགོས་པར་བསྟན་པ་དང་གསུམ་ལས། དང་པོ་༼གནོད་པ་ཐམས་ཅད་སེམས་ལས་བྱུང་ཚུལ།༽ནི།
གཉིས་པ་དགེ་བ་ཐམས་ཅད་སེམས་ལས་བྱུང་ཚུལ་ནི།
དེས་ན་ཕྱིན་དྲུག་ནི།
གསུམ་པ་དེས་ན་ངེས་པར་སེམས་སྲུང་དགོས་པར་བསྟན་པ་ནི།
གཉིས་པ་སེམས་བསྲུང་བའི་ཐབས་སུ་དྲན་ཤེས་བརྟེན་ཚུལ་ལ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ་གཉིས་ལས། དང་པོ་༼མདོར་བསྟན་པ།༽ནི།
གཉིས་པ་རྒྱས་པར་བཤད་པ་ལ། ཤེས་བཞིན་མེད་པའི་ཉེས་དམིགས་བཤད་པ་དང༌། དྲན་པ་བརྟན་ཐབས་དངོས་བཤད་པ་གཉིས་ལས། དང་པོ་༼ཤེས་བཞིན་མེད་པའི་ཉེས་དམིགས་བཤད་པ།༽ནི།
གཉིས་པ་དྲན་པ་བརྟན་ཐབས་དངོས་ནི།
གསུམ་པ་དྲན་ཤེས་དང་ལྡན་པའི་སྒོ་ནས་སེམས་སྦྱོང་གི་སྤྱོད་པ་ལ་བསླབ་ཚུལ་ལ། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ལ་བསླབ་ཚུལ། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ལ་བསླབ་ཚུལ། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ལ་བསླབ་ཚུལ་དང་གསུམ་ལས། དང་པོ་༼ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ལ་བསླབ་ཚུལ།༽ལའང༌། སྒོ་གསུམ་གྱི་སྤྱོད་པ་དག་པར་བྱ་བ་དང༌། བསླབ་པ་མི་ཉམས་པར་བསྲུང་བ་གཉིས་ལས། དང་པོ་༼སྒོ་གསུམ་གྱི་སྤྱོད་པ་དག་པར་བྱ་བ།༽ནི།
གཉིས་པ་བསླབ་པ་མི་ཉམས་པར་བསྲུང་བ་ནི།
ཁྱད་པར་དུ་སྡོམ་པ་གསུམ་དང་འགལ་བྱེད་ལུས་ངག་གི་བཅས་པ་ལས་ཀྱང་སེམས་ཀྱི་ཀུན་སློང་འདི་བསྲུང་ཞིང་ཐུབ་དགོས་པས་དེ་ཐམས་ཅད་ཀྱི་རྩ་བ་ཉེས་སྤྱོད་འབྱུང་བའི་སྒོ་ཉེར་བདུན་ནི།
གཉིས་པ་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ལ། བསླབ་པ་ལ་མི་སློབ་པའི་རྒྱུ་ལུས་ལ་ཆགས་པ་སྤང་དགོས་པར་བསྟན་པ་དང༌། བསྒྲུབ་པའི་ཐབས་ལ་མཁས་པར་བྱ་བ་གཉིས་ལས། དང་པོ་༼བསླབ་པ་ལ་མི་སློབ་པའི་རྒྱུ་ལུས་ལ་ཆགས་པ་སྤང་དགོས་པར་བསྟན་པ།༽ནི།
གཉིས་པ་སྒྲུབ་པའི་ཐབས་ལ་མཁས་པར་བྱ་བ་ནི།
གསུམ་པ་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ལ་བསླབ་ཚུལ་ལ། གཞན་དོན་ལྷུར་ལེན་པ་དང༌། ཟང་ཟིང་དང་ཆོས་ཀྱིས་བསྡུ་བ། ཕ་རོལ་གྱི་མ་དད་པ་བསྲུང་བ་དང་གསུམ་ལས། དང་པོ་༼གཞན་དོན་ལྷུར་ལེན་པ།༽ནི།
གཉིས་པ་ཟང་ཟིང་དང་ཆོས་ཀྱིས་བསྡུ་བ་ནི།
གསུམ་པ་ཕ་རོལ་གྱི་མ་དད་པ་བསྲུང་བ་ནི།
བཞི་པ་བསྒྲུབ་པ་ཕུན་སུམ་ཚོགས་པའི་ཡན་ལག་གཞན་བསྟན་པ་ལའང༌། སྒྲུབ་པ་ཕུན་སུམ་ཚོགས་པའི་ཡན་ལག་དངོས་དང༌། ངོ་བོ་ངོས་བཟུང་ནས་ལེའུའི་སྐབས་བསྡུ་བ་གཉིས་ལས། དང་པོ་༼སྒྲུབ་པ་ཕུན་སུམ་ཚོགས་པའི་ཡན་ལག་དངོས།༽ནི།
དང་པོ་དགེ་བའི་བཤེས་གཉེན་བསྟེན་ཚུལ་ནི།
དེའི་ནང་དུ་རྩ་ལྟུང་བཅོ་བརྒྱད་གསུངས་ཡོད་པ་རྣམས་ཚུར་མདོར་བསྡུས་པ་ནི་བསླབ་བཏུས་ལས། དང་པོ་རྒྱལ་པོ་ལ་འབྱུང་ཉེ་བ་ལྔ་ནི།
གཉིས་པ་བློན་པོ་ལ་འབྱུང་ཉེ་བ་ལྔ་ནི།
གསུམ་པ་ཕལ་པ་ལ་འབྱུང་ཉེ་བ་བརྒྱད་ནི།
ལུགས་བཞིན་བསྡུ་ཚུལ་ནི།
གཉིས་པ་ངོ་བོ་ངོས་བཟུང་ནས་ལེའུའི་སྐབས་བསྡུ་བ་ནི།
གཉིས་པ་ལེའུའི་མཚན་ནི།
གསུམ་པ་བྱང་ཆུབ་སེམས་ཀྱི་བྱེ་བྲག་གི་མི་མཐུན་ཕྱོགས་ཁོང་ཁྲོའི་གཉེན་པོ་བཟོད་པའི་ལེའུ་བཤད་པ་ལ་ཡང༌། གཞུང་དང༌། མཚན་གཉིས་ལས། དང་པོ་ལེའུའི་གཞུང་ལའང༌། ཁོང་ཁྲོ་སྤང་བ་དང༌། བཟོད་པ་སྒོམ་ཚུལ་དང༌། སེམས་ཅན་ལ་གུས་པར་བྱ་བ་དང་གསུམ་ལས། དང་པོ་༼ཁོང་ཁྲོ་སྤང་བ།༽ནི།
གཉིས་པ་བཟོད་པ་སྒོམ་ཚུལ་ལ། བཟོད་ཡུལ་ངོས་བཟུང་བ་དང༌། བཟོད་པ་སྒོམ་པ་དངོས་གཉིས་ལས། དང་པོ་༼བཟོད་ཡུལ་ངོས་བཟུང་བ།༽ནི།
དང་པོ་མི་འདོད་པ་བཅུ་གཉིས་ནི།
ཡང་འདོད་པ་བཅུ་གཉིས་ནི།
གཉིས་པ་བཟོད་པ་སྒོམ་པ་དངོས་ལ། མི་འདོད་པ་བྱེད་པ་ལ་བཟོད་པ་སྒོམ་པ་དང༌། འདོད་པའི་གེགས་བྱེད་པ་ལ་བཟོད་པ་སྒོམ་པ་གཉིས་ལས། དང་པོ་༼མི་འདོད་པ་བྱེད་པ་ལ་བཟོད་པ་སྒོམ་པ།༽ལ། བདག་ལ་སྡུག་བསྔལ་བྱེད་པ་ལ་བཟོད་པ་སྒོམ་པ་དང༌། བདག་ལ་བརྙས་སོགས་བྱེད་པ་ལ་བཟོད་པ་སྒོམ་པ་དང༌། བདག་གི་བཤེས་ལ་མི་འདོད་པ་བྱེད་པ་ལ་བཟོད་པ་སྒོམ་པ་དང༌། བདག་གི་དགྲ་ལ་ལེགས་པར་བྱེད་པ་ལ་བཟོད་པ་སྒོམ་པ་དང་བཞི་ལས། དང་པོ་༼བདག་ལ་སྡུག་བསྔལ་བྱེད་པ་ལ་བཟོད་པ་སྒོམ་པ།༽ལའང༌། སྡུག་བསྔལ་དང་ལེན་གྱི་བཟོད་པ་དང༌། ཆོས་ལ་ངེས་སེམས་ཀྱི་བཟོད་པ་དང༌། གནོད་པ་ལ་ཇི་མི་སྙམ་པའི་བཟོད་པ་སྒོམ་པ་དང་གསུམ་ལས། དང་པོ་༼སྡུག་བསྔལ་དང་ལེན་གྱི་བཟོད་པ།༽ནི།
གཉིས་པ་ཆོས་ལ་ངེས་སེམས་ཀྱི་བཟོད་པ་ནི།
གསུམ་པ་གནོད་བྱེད་ལ་ཇི་མི་སྙམ་པའི་བཟོད་པ་བསྒོམ་པ་ནི།
གཉིས་པ་བདག་ལ་བརྙས་སོགས་བྱེད་པ་ལ་བཟོད་པ་བསྒོམ་པ་ནི།
གསུམ་པ་བདག་གི་བཤེས་ལ་མི་འདོད་པ་བྱེད་པ་ལ་བཟོད་པ་བསྒོམ་པ་ནི།
བཞི་པ་བདག་གི་དགྲ་ལ་ལེགས་པར་བྱེད་པ་ལ་བཟོད་པ་སྒོམ་པ་ནི།
གཉིས་པ་འདོད་པའི་གེགས་བྱེད་པ་ལ་བཟོད་པ་བསྒོམ་པ་ལ་ཡང༌། དགྲ་བོའི་མི་འདོད་པའི་གེགས་བྱེད་པ་ལ་བཟོད་པ་སྒོམ་པ་དང༌། བདག་དང་བདག་གི་བཤེས་ལ་འདོད་པའི་གེགས་བྱེད་པ་ལ་བཟོད་པ་སྒོམ་པ་དང་གཉིས་ལས། དང་པོ་༼དགྲ་བོའི་མི་འདོད་པའི་གེགས་བྱེད་པ་ལ་བཟོད་པ་སྒོམ་པ།༽ནི།
གཉིས་པ་བདག་དང་བདག་གི་བཤེས་ལ་འདོད་པའི་གེགས་བྱེད་པ་ལ་བཟོད་པ་བསྒོམ་པ་ནི།
གསུམ་པ་སེམས་ཅན་ལ་གུས་པར་བྱ་བ་ལའང༌། བསོད་ནམས་ཀྱི་ཞིང་དུ་བསམས་ཏེ་གུས་པར་བྱ་བ་དང༌། རྒྱལ་བ་དགྱེས་པ་ལ་བསམས་ཏེ་གུས་པར་བྱ་བ་དང༌། ཕན་གནོད་ཀྱི་འབྲས་བུ་ལ་བསམས་ཏེ་གུས་པར་བྱ་བ་དང་གསུམ་ལས། དང་པོ་༼བསོད་ནམས་ཀྱི་ཞིང་དུ་བསམས་ཏེ་གུས་པར་བྱ་བ།༽ནི།
གཉིས་པ་རྒྱལ་བ་དགྱེས་པ་ལ་བསམས་ཏེ་གུས་པར་བྱ་བ་ནི།
གསུམ་པ་ཕན་གནོད་ཀྱི་འབྲས་བུ་ལ་བསམ་ཏེ་སེམས་ཅན་ལ་གུས་པར་བྱ་བ་ནི།
གཉིས་པ་ལེའུའི་མཚན་ནི།
གསུམ་པ་བྱང་ཆུབ་ཀྱི་སེམས་སྐྱེས་པ་མི་ཉམས་པར་གོང་དུ་འཕེལ་བར་བྱེད་པའི་ལེའུ་གསུམ་ནི། ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་འཕེལ་བའི་ཐབས་སམ་གྲོགས་སུ་གྱུར་པ་བརྩོན་འགྲུས་ཀྱི་ལེའུ། ཀུན་རྫོབ་སེམས་བསྐྱེད་གོང་ནས་གོང་དུ་འཕེལ་བར་བྱེད་པ་བསམ་གཏན་གྱི་ལེའུ། དོན་དམ་སེམས་བསྐྱེད་གོང་ནས་གོང་དུ་འཕེལ་བར་བྱེད་པ་ཤེས་རབ་ཀྱི་ལེའུ་དང་གསུམ་ལས། དང་པོ་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ཀྱི་འཕེལ་བའི་ཐབས་སམ་གྲོགས་སུ་གྱུར་པ་བརྩོན་འགྲུས་ཀྱི་ལེའུ་ལའང༌། གཞུང་དང༌། མཚན་གཉིས་ལས། དང་པོ་ལེའུའི་གཞུང་ལའང༌། བརྩོན་འགྲུས་བརྩམ་དགོས་པའི་རྒྱུ་མཚན་མདོར་བསྟན་པ་དང༌། ཇི་ལྟར་རྩོམ་ཚུལ་རྒྱས་པར་བཤད་པ་གཉིས་ལས། དང་པོ་༼བརྩོན་འགྲུས་བརྩམ་དགོས་པའི་རྒྱུ་མཚན་མདོར་བསྟན་པ།༽ནི།
གཉིས་པ་ཇི་ལྟར་རྩོམ་ཚུལ་རྒྱས་པར་བཤད་པ་ལ། བརྩོན་འགྲུས་ཀྱི་ངོ་བོ་ངོས་བཟུང་བ་དང༌། བརྩོན་འགྲུས་ཀྱི་མི་མཐུན་ཕྱོགས་སྤང་བ་དང༌། མཐུན་ཕྱོགས་སྒྲུབ་པ་སྟེ་གསུམ་ལས། དང་པོ་༼བརྩོན་འགྲུས་ཀྱི་ངོ་བོ་ངོས་བཟུང་བ།༽ནི།
གཉིས་པ་བརྩོན་འགྲུས་ཀྱི་མི་མཐུན་ཕྱོགས་སྤང་བ་ལའང༌། མི་མཐུན་ཕྱོགས་ལེ་ལོ་རྒྱུ་འབྲས་དང་བཅས་པ་ངོས་བཟུང་བ་དང༌། དེ་ཇི་ལྟར་སྤོང་ཐབས་ཀྱི་གཉེན་པོ་བཤད་པ་དང་གཉིས་ལས། དང་པོ་༼མི་མཐུན་ཕྱོགས་ལེ་ལོ་རྒྱུ་འབྲས་དང་བཅས་པ་ངོས་བཟུང་བ།༽ནི།
གཉིས་པ་དེ་ཇི་ལྟར་སྤོང་ཐབས་ཀྱི་གཉེན་པོ་བཤད་པའང༌། སྙོམ་ལས་འཛིན་པའི་ལེ་ལོའི་གཉེན་པོ་སྒོམ་ཚུལ་དང༌། བྱ་བ་ངན་ཞེན་གྱི་ལེ་ལོའི་གཉེན་པོ་སྒོམ་ཚུལ་དང༌། སྒྱིད་ལུག་གི་ལེ་ལོའི་གཉེན་པོ་སྒོམ་ཚུལ་དང་གསུམ་ལས། དང་པོ་༼སྙོམ་ལས་འཛིན་པའི་ལེ་ལོའི་གཉེན་པོ་སྒོམ་ཚུལ།༽ནི།
གཉིས་པ་བྱ་བ་ངན་ཞེན་གྱི་ལེ་ལོའི་གཉེན་པོ་དམ་པའི་ཆོས་ལ་ཐོས་བསམ་སྒོམ་གསུམ་བྱེད་ཚུལ་ནི།
གསུམ་པ་སྒྱིད་ལུག་གི་ལེ་ལོའི་གཉེན་པོ་རྫོགས་པའི་བྱང་ཆུབ་ལ་སྤྲོ་བ་བསྐྱེད་པ་ནི།
གསུམ་པ་བརྩོན་འགྲུས་ཀྱི་མཐུན་ཕྱོགས་སྒྲུབ་པ་ལ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ་གཉིས་ལས། དང་པོ་༼མདོར་བསྟན་པ།༽ནི།
གཉིས་པ་རྒྱས་པར་བཤད་པ་ལ། དཔུང་བཞི་བསགས་པ་དང༌། སྟོབས་གཉིས་བསྐྱེད་ཚུལ་ཏེ་གཉིས་ལས། དང་པོ་དཔུང་བཞི་བསགས་པ་ལའང༌། མོས་པའི་དཔུང་དང༌། བརྟན་པའམ་ང་རྒྱལ་གྱི་དཔུང་དང༌། དགའ་བའི་དཔུང་དང༌། དོར་བའི་དཔུང་བཤད་པ་དང་བཞི་ལས། དང་པོ་༼མོས་པའི་དཔུང་།༽ནི།
གཉིས་པ་བརྟན་པའམ་ང་རྒྱལ་གྱི་དཔུང་བཤད་པ་ལ། སྤྱིར་བསྟན་པ་དང༌། བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་༼སྤྱིར་བསྟན་པ།༽ནི།
གཉིས་པ་བརྟན་པའམ་ང་རྒྱལ་གྱི་དཔུང་བྱེ་བྲག་ཏུ་བཤད་པ་ལ། ལས་ཀྱི་ང་རྒྱལ་དང༌། ནུས་པའི་ང་རྒྱལ་དང༌། ཉོན་མོངས་པའི་ང་རྒྱལ་བཤད་པ་དང་གསུམ་ལས། དང་པོ་ལས་ཀྱི་ང་རྒྱལ་ནི།
གཉིས་པ་ནུས་པའི་ང་རྒྱལ་བཤད་པ་ནི།
གསུམ་པ་ཉོན་མོངས་ཀྱི་ང་རྒྱལ་བཤད་པ་ནི།
གསུམ་པ་དགའ་བའི་དཔུང་ནི།
བཞི་པ་དོར་བའི་དཔུང་ནི།
གཉིས་པ་སྟོབས་གཉིས་སྐྱེད་ཚུལ་ལ། ལྷུར་ལེན་གྱི་སྟོབས་དང༌། དབང་བསྒྱུར་གྱི་སྟོབས་གཉིས་ལས། དང་པོ་༼ལྷུར་ལེན་གྱི་སྟོབས།༽ནི།
གཉིས་པ་དབང་སྒྱུར་གྱི་སྟོབས་ནི།
གཉིས་པ་ལེའུའི་མཚན་ནི།
གཉིས་པ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་གོང་ནས་གོང་དུ་འཕེལ་བར་བྱེད་པ་ལེའུ་བརྒྱད་པ་བསམ་གཏན་གྱི་ལེའུ་ལ། ལེའུའི་གཞུང་དང༌། མཚན་གཉིས་ལས། དང་པོ་༼ལེའུའི་གཞུང་།༽ལའང༌། མཚམས་སྦྱར་བའི་སྒོ་ནས་མདོར་བསྟན་པ་དང༌། བསམ་གཏན་གྱི་མི་མཐུན་ཕྱོགས་སྤོང་བ་དང༌། བསམ་གཏན་སྒོམ་པ་དངོས་བཤད་པ་སྟེ་གསུམ་ལས། དང་པོ་༼མཚམས་སྦྱར་བའི་སྒོ་ནས་མདོར་བསྟན་པ།༽ནི།
གཉིས་པ་བསམ་གཏན་གྱི་མི་མཐུན་ཕྱོགས་སྤང་བ་ལ། མདོར་བསྟན་དང༌། རྒྱས་པར་བཤད་པ་གཉིས་ལས། དང་པོ་༼མདོར་བསྟན།༽ནི།
གཉིས་པ་རྒྱས་པར་བཤད་པ་ལ། འཇིག་རྟེན་སྤང་བ་དང༌། རྣམ་རྟོག་དོར་བ་གཉིས་ལས། དང་པོ་འཇིག་རྟེན་སྤང་བ་ལའང༌། འཇིག་རྟེན་སྤོང་དགོས་པའི་རྒྱུ་མཚན་དང༌། ནང་སེམས་ཅན་གྱི་འཇིག་རྟེན་ལ་ཆགས་པ་སྤང་བར་བསྟན་པ་དང༌། ཕྱི་རྙེད་སོགས་ཀྱི་འཇིག་རྟེན་ལ་སྲེད་པ་སྤང་བ་དང༌། སྤངས་ནས་དབེན་པ་བསྟེན་ཚུལ་དང་བཞི་ལས། དང་པོ་༼འཇིག་རྟེན་སྤོང་དགོས་པའི་རྒྱུ་མཚན།༽ནི།
ཞི་གནས་ཀྱི་མི་མཐུན་ཕྱོགས་ཀྱི་ཉེས་པ་ལྔ་ནི།
གཉིས་པ་ནང་སེམས་ཅན་གྱི་འཇིག་རྟེན་ལ་ཆགས་པ་སྤང་བར་བསྟན་པ་ནི།
གསུམ་པ་ཕྱི་རྙེད་སོགས་ཀྱི་འཇིག་རྟེན་ལ་སྲེད་པ་སྤང་བར་བསྟན་པ་ནི།
བཞི་པ་སྤངས་ནས་དབེན་པ་བསྟེན་ཚུལ་ནི།
གཉིས་པ་རྣམ་རྟོག་དོར་བ་ལ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ་གཉིས་ལས། དང་པོ་༼མདོར་བསྟན་པ།༽ནི།
གཉིས་པ་རྒྱས་པར་བཤད་པ་ལ། ནང་བུད་མེད་ཀྱི་སྲེད་པ་སྤང་བ་དང༌། ཕྱི་རྙེད་སོགས་ཀྱི་སྲེད་པ་སྤང་བ་དང༌། དབེན་པའི་ཡོན་ཏན་དྲན་པ་དང་གསུམ་ལས། དང་པོ་ནང་བུད་མེད་ཀྱི་སྲེད་པ་སྤང་བ་ལའང༌། རྒྱུ་སྒྲུབ་དཀའ་བ་དང༌། ངོ་བོ་མི་གཙང་བ་ཡིན་པ་དང༌། འབྲས་བུ་གནོད་པ་མང་བ་དང་གསུམ་ལས། དང་པོ་རྒྱུ་སྒྲུབ་དཀའ་ནི།
གཉིས་པ་ངོ་བོ་མི་གཙང་བ་ཡིན་པར་བསྟན་པ་ནི།
གསུམ་པ་འབྲས་བུ་གནོད་པ་མང་བ་ནི།
གཉིས་པ་ཕྱི་རྙེད་སོགས་ཀྱི་སྲེད་པ་སྤང་བར་བསྟན་པ་ནི།
གསུམ་པ་དབེན་པའི་ཡོན་ཏན་དྲན་པ་ནི།
གསུམ་པ་བསམ་གཏན་སྒོམ་པ་དངོས་ལ། མཚམས་སྦྱར་ཏེ་མདོར་བསྟན་པ་དང༌། བསམ་གཏན་སྒོམ་ཚུལ་རྒྱས་པར་བཤད་པ་དང༌། ཏིང་ངེ་འཛིན་འགྲུབ་པའི་ཐབས་ལ་གདམས་པ་དང་གསུམ་ལས། དང་པོ་ནི།
གཉིས་པ་བསམ་གཏན་བསྒོམ་ཚུལ་རྒྱས་པར་བཤད་པ་ལ། བདག་གཞན་མཉམ་པ་དང་བརྗེ་བའི་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ནི་བསྒོམ་པ་དང༌། བདག་གཞན་བརྗེ་བ་བྱང་ཆུབ་ཀྱི་སེམས་བསྒོམ་ཚུལ་དང་གཉིས་ལས། དང་པོ་༼བདག་གཞན་མཉམ་པ་དང་བརྗེ་བའི་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ནི་བསྒོམ་པ།༽ལ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ་དང༌། དོན་བསྡུ་བ་དང་གསུམ་ལས། དང་པོ་མདོར་བསྟན་ནི།
གཉིས་པ་རྒྱས་པར་བཤད་པ་ལ། མཉམ་པ་ཇི་ལྟར་བསྒོམ་ཚུལ། དེ་ལ་རྩོད་པ་སྤང་བ། དེ་ལྟར་གོམས་པའི་ཕན་ཡོན་དང་གསུམ་ལས། དང་པོ་༼མཉམ་པ་ཇི་ལྟར་བསྒོམ་ཚུལ།༽ནི།
གཉིས་པ་དེ་ལ་རྩོད་པ་སྤངས་པ་ནི།
གསུམ་པ་དེ་ལྟར་གོམས་པའི་ཕན་ཡོན་ནི།
གསུམ་པ་དོན་བསྡུ་བ་ནི།
གཉིས་པ་བདག་གཞན་བརྗེ་བ་བྱང་ཆུབ་ཀྱི་སེམས་སྒོམ་ཚུལ་བཤད་པ་ལ། རྒྱུ་མཚན་བརྗོད་པས་མདོར་བསྟན་པ་དང༌། དེ་སྒོམ་ཚུལ་རྒྱས་པར་བཤད་པ་གཉིས་ལས། དང་པོ་༼རྒྱུ་མཚན་བརྗོད་པས་མདོར་བསྟན་པ།༽ནི།
གཉིས་པ་དེ་བསྒོམས་ཚུལ་རྒྱས་པར་བཤད་པ་ལ། བརྗེ་ཚུལ་སྤྱིར་བསྟན་པ་དང༌། གཉེན་པོའི་ཁྱད་པར་བྱེ་བྲག་ཏུ་བསྒོམ་པ་དང༌། བརྗེས་ནས་ཇི་ལྟར་བསྒྲུབ་པ་དང་གསུམ་ལས། དང་པོ་བརྗེ་ཚུལ་སྤྱིར་བསྟན་པ་ལ། གཞན་དང་དུ་བླང་བ། བདག་གཅེས་འཛིན་དོར་བ། བདག་གཞན་གཙོ་བོར་བྱས་པའི་སྐྱོན་ཡོན། དེས་ན་ངེས་པར་བརྗེ་དགོས་པར་བསྟན་པ་དང་བཞི་ལས། དང་པོ་༼གཞན་དང་དུ་བླང་བ།༽ནི།
གཉིས་པ་བདག་གཅེས་འཛིན་དོར་བ་ནི།
གསུམ་པ་བདག་གཞན་གཙོ་བོར་བྱས་པའི་སྐྱོན་ཡོན་ནི།
བཞི་པ་དེས་ན་ངེས་པར་བརྗེ་དགོས་པར་བསྟན་པ་ནི།
གཉིས་པ་གཉེན་པོའི་ཁྱད་པར་བྱེ་བྲག་ཏུ་བསྒོམ་པ་ལ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ་གཉིས་ལས། དང་པོ་༼མདོར་བསྟན་པ།༽ནི།
གཉིས་པ་རྒྱས་པར་བཤད་པ་ལ། དམན་པ་དང་བརྗེས་ནས་ཕྲག་དོག་སྒོམ་ཚུལ་དང༌། མཉམ་པ་དང་བརྗེས་ནས་འགྲན་སེམས་བསྒོམ་པ་དང༌། ལྷག་པ་དང་བརྗེས་ནས་ང་རྒྱལ་སྒོམ་ཚུལ་དང་གསུམ་ལས། དང་པོ་༼དམན་པ་དང་བརྗེས་ནས་ཕྲག་དོག་སྒོམ་ཚུལ།༽ནི།
གཉིས་པ་མཉམ་པ་དང་བརྗེས་ནས་འགྲན་སེམས་བསྒོམ་པ་ནི།
གསུམ་པ་ལྷག་པ་དང་བརྗེས་ནས་ང་རྒྱལ་སྒོམ་ཚུལ་ནི།
གསུམ་པས་བརྗེས་ནས་ཇི་ལྟར་བསྒྲུབ་པ་ལའང༌། འཇམ་པོའི་སྒོ་ནས་གདམས་པ་དང༌། རྩུབ་མོའི་སྒོ་ནས་ཚར་གཅོད་པ་གཉིས་ལས། དང་པོ་༼འཇམ་པོའི་སྒོ་ནས་གདམས་པ།༽ནི།
གཉིས་པ་རྩུབ་མོའི་སྒོ་ནས་ཚར་གཅོད་པ་ལའང༌། ཡིད་ཚར་གཅོད་པ་དང༌། ལུས་ཚར་གཅོད་པ་གཉིས་ལས། དང་པོ་༼ཡིད་ཚར་གཅོད་པ།༽ནི།
གཉིས་པ་ལུས་ཚར་གཅོད་པ་ནི།
གསུམ་པ་ཏིང་ངེ་འཛིན་འགྲུབ་པའི་ཐབས་ལ་གདམས་པ་ནི།
གཉིས་པ་ལེའུའི་མཚན་ནི།
གསུམ་པ་དོན་དམ་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་གོང་དུ་འཕེལ་བར་བྱེད་པ་དགུ་པ་ཤེས་རབ་ཀྱི་ལེའུ་བཤད་པ་ལ། ལེའུའི་གཞུང་དང༌། མཚན་གཉིས་ལས། དང་པོ་ཤེས་རབ་ལེའུའི་གཞུང་ལ། ཤེས་རབ་བསྐྱེད་པ་མདོར་བསྟན་པ་དང༌། དེ་རྒྱས་པར་བཤད་པ་གཉིས་ལས། དང་པོ་༼ཤེས་རབ་བསྐྱེད་པ་མདོར་བསྟན་པ།༽ནི།
གཉིས་པ་དེ་རྒྱས་པར་བཤད་པ་ལ། ལྟ་བ་གཏན་ལ་ཕབ་པ། བསྒོམ་པས་ཉམས་སུ་བླང་བ། གཏན་ཚིགས་ཀྱིས་སྒྲོ་འདོགས་གཅོད་པ། སྟོང་ཉིད་རྟོགས་པའི་བྱེད་ལས་དང་བཞི་ལས། དང་པོ་ལྟ་བ་གཏན་ལ་ཕབ་པ་ལའང་བདེན་གཉིས་ཀྱི་རྣམ་པར་བཞག་པ། དེ་ལ་རྩོད་པ་སྤང་བ། ཐེག་ཆེན་མཆོག་ཏུ་བསྒྲུབ་པ་དང་གསུམ་ལས། དང་པོ་བདེན་གཉིས་ཀྱི་རྣམ་པར་བཞག་པ་ལའང༌། བདེན་གཉིས་ཀྱི་དབྱེ་བ། བདེན་གཉིས་ཀྱི་མཚན་ཉིད། བདེན་གཉིས་གཏན་ལ་འབེབས་པའི་གང་ཟག་དང་གསུམ་ལས། དང་པོ་བདེན་གཉིས་ཀྱི་དབྱེ་བ་ནི།
གཉིས་པ་བདེན་གཉིས་ཀྱི་མཚན་ཉིད་ནི།
གསུམ་པ་བདེན་གཉིས་གཏན་ལ་འབེབས་པའི་གང་ཟག་ནི།
གཉིས་པ་དེ་ལ་རྩོད་པ་སྤང་བ་ལའང༌། གཞི་བདེན་གཉིས་ལ་རྩོད་སྤང༌། ལམ་སྟོང་ཉིད་ལ་རྩོད་སྤང༌། འབྲས་བུ་གཞན་ལ་རྩོད་སྤང་དང་གསུམ་ལས། དང་པོ་གཞི་བདེན་གཉིས་ལ་རྩོད་སྤང་དེ་ལའང༌། འཇིག་རྟེན་ཕལ་པའི་རྩོད་སྤང༌། ཉན་ཐོས་ཀྱི་རྩོད་སྤང༌། སེམས་ཙམ་པའི་རྩོད་སྤང་དང་གསུམ་ལས། དང་པོ་འཇིག་རྟེན་ཕལ་པའི་རྩོད་སྤང་ནི།
གཉིས་པ་ཉན་ཐོས་ཀྱི་རྩོད་སྤང་ནི།
གསུམ་པ་སེམས་ཙམ་པའི་རྩོད་སྤང་ནི།
གཉིས་པ་ལམ་སྟོང་ཉིད་ལ་རྩོད་པ་སྤང་བ་ལ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ་གཉིས་ལས། དང་པོ་༼མདོར་བསྟན་པ།༽ནི།
གཉིས་པ་དེའི་དོན་རྒྱས་པར་བཤད་པ་ནི།
གསུམ་པ་འབྲས་བུ་གཞན་དོན་ལ་རྩོད་པ་སྤང་བ་ནི།
གསུམ་པ་ཐེག་ཆེན་མཆོག་ཏུ་བསྒྲུབ་པ་ལའང༌། གཞུང་ཐེག་ཆེན་བཀའ་བསྒྲུབ་པ་དང༌། ལམ་སྟོང་ཉིད་གཉེན་པོར་བསྒྲུབ་པ་གཉིས་ལས། དང་པོ་༼གཞུང་ཐེག་ཆེན་བཀའ་བསྒྲུབ་པ།༽ནི།
གཉིས་པ་ལམ་སྟོང་ཉིད་གཉེན་པོར་སྒོམ་ཚུལ་ནི།
གཉིས་པ་བསྒོམ་པས་ཉམས་སུ་ལེན་ཚུལ་ལའང༌། གང་ཟག་གིས་བདག་མེད་སྒོམ་ཚུལ་དང༌། ཆོས་ཀྱི་བདག་མེད་སྒོམ་ཚུལ་དང་གཉིས་ལས། དང་པོ་གང་ཟག་གི་བདག་མེད་སྒོམ་ཚུལ་ལའང༌། ལྷན་སྐྱེས་ཀྱི་བདག་སྟོང་པར་སྒོམ་ཚུལ་དང༌། ཀུན་བཏགས་ཀྱི་བདག་སྟོང་པར་སྒོམ་ཚུལ་དང་གཉིས་ལས། དང་པོ་༼ལྷན་སྐྱེས་ཀྱི་བདག་སྟོང་པར་སྒོམ་ཚུལ།༽ནི།
གཉིས་པ་གྲུབ་མཐའ་ངན་པའི་བློས་བཏགས་པའི་ཀུན་བཏགས་ཀྱི་བདག་སྟོང་པར་སྒོམ་ཚུལ་ལའང༌། བདག་ཤེས་པར་འདོད་པ་དགག་པ་དང༌། བདག་བེམ་པོར་འདོད་པ་དགག་པ་དང༌། བདག་མེད་པའི་དོན་ལ་རྩོད་པ་སྤང་བ་དང་གསུམ་ལས། དང་པོ་༼བདག་ཤེས་པར་འདོད་པ་དགག་པ།༽ནི།
གཉིས་པ་བེམས་པོར་འདོད་པ་དགག་པ་ནི།
གསུམ་པ་བདག་མེད་པའི་དོན་ལ་རྩོད་པ་སྤོང་བ་ལའང༌། བདག་མེད་ན་ལས་འབྲས་མི་འཐད་པའི་རྩོད་སྤང༌། བདག་མེད་ན་སྙིང་རྗེ་མི་འཐད་པའི་རྩོད་སྤང༌། བཏགས་པའི་བདག་མི་འགོག་པར་བསྟན་པ་དང་གསུམ་ལས། དང་པོ་༼བདག་མེད་ན་ལས་འབྲས་མི་འཐད་པའི་རྩོད་སྤང།༽ནི།
གཉིས་པ་བདག་མེད་ན་སྙིང་རྗེ་མི་འཐད་པའི་རྩོད་སྤང་ནི།
གསུམ་པ་བཏགས་པའི་བདག་མི་འགོག་པར་བསྟན་པ་ནི།
གཉིས་པ་ཆོས་ཀྱི་བདག་མེད་སྒོམ་ཚུལ་ལའང༌། ལུས་དྲན་པ་ཉེ་བར་བཞག་པ་སྒོམ་ཚུལ་དང༌། ཚོར་བ་དྲན་པ་ཉེ་བར་བཞག་པ་སྒོམ་ཚུལ་དང༌། སེམས་དྲན་པ་ཉེ་བར་བཞག་པ་སྒོམ་ཚུལ་དང༌། ཆོས་དྲན་པ་ཉེ་བར་བཞག་པ་སྒོམ་ཚུལ་དང་བཞི་ལས། དང་པོ་ལུས་དྲན་པ་ཉེ་བར་བཞག་པ་སྒོམ་ཚུལ་ལའང༌། ལུས་སྤྱིར་བརྟགས་པ་དང༌། ཡན་ལག་བྱེ་བྲག་ཏུ་བརྟགས་པ་དང༌། དེས་ན་ལུས་ལ་ཆགས་པ་སྤོང་དགོས་པར་བསྟན་པ་དང་གསུམ་ལས། དང་པོ་ལུས་སྤྱིར་བརྟགས་པ་ནི།
གཉིས་པ་ཡན་ལག་བྱེ་བྲག་ཏུ་བརྟགས་པ་ནི།
གསུམ་པ་དེས་ན་ལུས་ཆགས་པ་སྤོང་དགོས་པར་བསྟན་པ་ནི།
གཉིས་པ་ཚོར་བ་དྲན་པ་ཉེ་བར་བཞག་པ་སྒོམ་ཚུལ་ལའང༌། ཚོར་བའི་ངོ་བོ་ལ་བརྟགས་པ་དང༌། ཚོར་བའི་རྒྱུ་ལ་བརྟགས་པ་དང༌། ཚོར་བའི་འབྲས་བུ་ལ་བརྟགས་པ་དང༌། ཚོར་བ་པོ་ལ་བརྟགས་པ་དང་བཞི་ལས། དང་པོ་ཚོར་བའི་ངོ་བོ་ལ་བརྟགས་པ་ནི།
གཉིས་པ་ཚོར་བའི་རྒྱུ་ལ་བརྟགས་པ་ནི།
གསུམ་པ་ཚོར་བའི་འབྲས་བུ་ལ་བརྟགས་པ་ནི།
བཞི་པ་ཚོར་བ་པོ་ལ་བརྟགས་པ་ནི།
གསུམ་པ་སེམས་དྲན་པ་ཉེ་བར་བཞག་པ་ལའང༌། སེམས་རང་བཞིན་མེད་པར་བསྟན་པ་དང༌། སེམས་སྐྱེ་བ་མེད་པར་བསྟན་པ་དང་གཉིས་ལས། དང་པོ་༼སེམས་རང་བཞིན་མེད་པར་བསྟན་པ།༽ནི།
གཉིས་པ་སེམས་སྐྱེ་བ་མེད་པར་བསྟན་པ་ནི།
བཞི་པ་ཆོས་དྲན་པ་ཉེ་བར་བཞག་པ་ལའང༌། དངོས་དང༌། དེ་ལ་རྩོད་པ་སྤང་བ་གཉིས་ལས། དང་པོ་ཆོས་དྲན་པ་ཉེར་བཞག་སྒོམ་ཚུལ་དངོས་ནི།
གཉིས་པ་དེ་ལ་རྩོད་པ་སྤང་བ་ལའང༌། བདེན་གཉིས་མི་འཐད་པའི་རྩོད་སྤང་དང༌། གཏན་ཚིགས་མེད་པའི་རྩོད་སྤང་དང༌། རྣམ་དཔྱོད་ཐུག་མེད་དུ་འགྱུར་བའི་རྩོད་སྤང་དང་གསུམ་ལས། དང་པོ་༼བདེན་གཉིས་མི་འཐད་པའི་རྩོད་སྤང་།༽ནི།
གཉིས་པ་གཏན་ཚིགས་མེད་པའི་རྩོད་སྤང་ནི།
གསུམ་པ་རྣམ་དཔྱོད་ཐུག་མེད་དུ་འགྱུར་བའི་རྩོད་སྤང་ནི།
གསུམ་པ་གཏན་ཚིགས་ཀྱིས་སྒྲོ་འདོགས་གཅོད་པ་ལའང༌། དངོས་པོར་སྨྲ་བའི་སྒྲུབ་བྱེད་བཀག་པ་དང༌། སྟོང་པར་སྨྲ་བའི་སྒྲུབ་བྱེད་བཀོད་པ་གཉིས་ལས། དང་པོ་༼དངོས་པོར་སྨྲ་བའི་སྒྲུབ་བྱེད་བཀག་པ།༽ནི།
གཉིས་པ་སྟོང་པར་སྨྲ་བའི་སྒྲུབ་བྱེད་བཀོད་པ་ལའང༌། རྒྱུ་ལ་དཔྱོད་པ་རྡོ་རྗེའི་གཟེགས་མ་དང༌། ངོ་བོ་ལ་དཔྱོད་པ་རྟེན་འབྲེལ་ཆེན་མོ་དང༌། འབྲས་བུ་ལ་དཔྱོད་པ་ཡོད་མེད་སྐྱེ་འགོག་དང་གསུམ་ལས། དང་པོ་རྒྱུ་ལ་དཔྱོད་པ་རྡོ་རྗེའི་གཟེགས་མ་ལའང༌། རྒྱུ་མེད་ལས་སྐྱེ་བར་འདོད་པ་དགག་པ་དང༌། གཞན་ལས་སྐྱེ་བར་འདོད་པ་དགག་པ་དང༌། བདག་ལས་སྐྱེ་བར་འདོད་པ་དགག་པ་དང༌། དེ་དག་གི་དོན་བསྡུ་བ་དང་བཞི་ལས། འདིའི་སྐབས་སུ་དབུ་མ་རྩ་བ་ཤེས་རབ་ལས།
དེ་ལྟར་གཏན་ལ་དབབ་ཚུལ་ལ། དང་པོ་རྒྱུ་མེད་ལས་སྐྱེ་བར་འདོད་པ་དགག་པ་ནི།
གཉིས་པ་གཞན་ལས་སྐྱེ་བར་འདོད་པ་དགག་པ་ལའང༌། གཞན་མི་རྟག་པ་ལས་སྐྱེ་བ་འདོད་པ་དགག་པ་དང༌། གཞན་རྟག་པ་ལས་སྐྱེ་བར་འདོད་པ་དགག་པ་གཉིས་ལས། སྔ་མ་སེམས་དྲན་པ་ཉེར་བཞག་དང་ཆོས་དྲན་པ་ཉེར་བཞག་གི་སྐབས་སུ་བཤད་ཟིན་ནས། གཉིས་པ་གཞན་རྟག་པ་ལས་སྐྱེ་བར་འདོད་པ་དགག་པ་ནི།
གསུམ་པ་བདག་ལས་སྐྱེ་བར་འདོད་པས་དགག་པ་ལ། གཙོ་བོ་དགག་པ་དང༌། བདག་སྐྱེ་དངོས་དགག་པ་གཉིས་ལས། དང་པོ་༼གཙོ་བོ་དགག་པ།༽ནི།
དེ་ཙམ་ཉེར་ལྔ་ནི།
དབང་པོ་བཅུ་གཅིག་ནི།
གཉིས་པ་བདག་སྐྱེ་དངོས་དགག་པ་ནི།
བཞི་པ་རྡོ་རྗེའི་གཟེགས་མའི་དོན་བསྡུ་བ་ནི།
གཉིས་པ་ངོ་བོ་ལ་དཔྱོད་པ་རིགས་པ་ཐམས་ཅད་ཀྱི་རྒྱལ་པོ་རྟེན་འབྲེལ་ཆེན་མོའི་རིག་པ་ནི།
གསུམ་པ་འབྲས་བུ་ལ་དཔྱོད་པ་ཡོད་མེད་སྐྱེ་འགོག་གི་རིག་པ་ནི།
བཞི་པ་སྟོང་ཉིད་རྟོགས་པའི་བྱེད་ལས་ལའང༌། རང་དོན་དུ་ཆོས་བརྒྱད་འགོ་སྙོམས་པ་དང༌། གཞན་དོན་དུ་བརྩེ་བའི་སྙིང་རྗེ་རྩོལ་མེད་དུ་སྐྱེ་བ་བསྟན་པ་གཉིས་ལས། དང་པོ་༼རང་དོན་དུ་ཆོས་བརྒྱད་འགོ་སྙོམས་པ།༽ནི།
གཉིས་པ་གཞན་དོན་དུ་བརྩེ་བའི་སྙིང་རྗེ་རྩོལ་མེད་དུ་འབྱུང་བ་ནི།
གཉིས་པ་ལེའུའི་མཚན་ནི།
བཞི་པ་དེ་ལྟར་སྤེལ་བའི་འབྲས་བུ་གཞན་དོན་ལ་བསྔོ་བའི་ལེའུ་ལའང༌། བསྔོ་བ་མདོར་བསྟན་པ། དེ་རྒྱས་པར་བཤད་པ་གཉིས་ལས། དང་པོ་༼བསྔོ་བ་མདོར་བསྟན་པ།༽ནི།
གཉིས་པ་དེ་རྒྱས་པར་བཤད་པ་ལའང༌། གཞན་དོན་ཕན་དང་བདེ་བའི་རྒྱུ་བསྔོ་བ་དང༌། རང་དོན་བྱང་ཆུབ་སྤྱོད་པའི་རྒྱུར་བསྔོ་བ་དང༌། གཉིས་དོན་བསྟན་པ་དར་རྒྱས་སུ་བསྔོ་བ་དང་གསུམ་ལས། དང་པོ་གཞན་དོན་ཕན་པ་དང་བདེ་བའི་རྒྱུར་བསྔོ་བ་ལའང༌། དམན་པ་དང་བྲལ་བར་བསྔོ་བ་དང༌། མཆོག་གི་དགོངས་པ་རྫོགས་པར་བསྔོ་བ་གཉིས་ལས། དང་པོ་དམན་པ་དང་བྲལ་བར་བསྔོ་བ་ལའང༌། ཁམས་གསུམ་སེམས་ཅན་སྤྱི་ལ་ཁྱབ་པའི་སྡུག་བསྔལ་དང་བྲལ་བར་བསྔོ་བ་དང༌། ངན་སོང་གསུམ་སོགས་འགྲོ་བ་སོ་སོའི་སྡུག་བསྔལ་བྱེ་བྲག་དང་བྲལ་བར་བསྔོ་བ་གཉིས་ལས། དང་པོ་ཁམས་གསུམ་སེམས་ཅན་སྤྱི་ལ་ཁྱབ་པའི་སྡུག་བསྔལ་དང་བྲལ་བར་བསྔོ་བ་ནི།
གཉིས་པ་ངན་སོང་གསུམ་ལ་སོགས་པ་འགྲོ་བ་སོ་སོའི་སྡུག་བསྔལ་བྱེ་བྲག་དང་བྲལ་བར་བསྔོ་བ་ནི།
གཉིས་པ་མཆོག་གི་དགོངས་པ་རྫོགས་པར་བསྔོ་བ་ནི།
གཉིས་པ་རང་དོན་བྱང་ཆུབ་སྤྱོད་པའི་རྒྱུར་བསྔོ་བ་ནི།
གསུམ་པ་གཉིས་དོན་དུ་བསྟན་པ་དར་རྒྱས་སུ་བསྔོ་བ་ནི།
གསུམ་པ་མཇུག་ཡོངས་སུ་རྫོགས་པའི་བྱ་བ་མཐར་ཕྱིན་པ་ལའང༌། བཀའ་དྲིན་དྲན་པས་ཕྱག་བྱ་བ་དང༌། ལེའུའི་མཚན་དང༌། གང་གིས་བརྩམས་པའི་མཛད་བྱང་དང༌། མཇུག་ལོ་ཙཱ་བའི་འགྱུར་བྱང་དང་བཞི་ལས། དང་པོ་བཀའ་དྲིན་དྲན་པས་ཕྱག་འཚལ་བ་ནི།
གཉིས་པ་ལེའུའི་མཚན་ནི།
གསུམ་པ་གང་གིས་བརྩམ་པའི་མཛད་བྱང་ནི།
བཞི་པ་མཇུག་ལོ་ཙཱ་བའི་འགྱུར་བྱང་ལ་གསུམ་སྟེ།
དེ་ལྟར་སྤྱོད་འཇུག་གི་ཚིག་དོན་ལྟ་བུ་ལ་སོགས་པ་སེམས་དྲུག་གི་སྒོ་ནས་ཉམས་སུ་ལེན་ཚུལ་ནི། རྩ་བའི་སེམས་དང༌། རྗེས་སུ་སྤྱོད་པའི་སེམས་དང༌། རྣམ་པར་དཔྱོད་པའི་སེམས་དང༌། ངེས་པར་འཛིན་པའི་སེམས་དང༌། བསྡོམ་པའི་སེམས་དང༌། སྨོན་པའི་སེམས་དང་དྲུག་ལས། དང་པོ་རྩ་བའི་སེམས་ནི།
གཉིས་པ་རྗེས་སུ་དཔྱོད་པའི་སེམས་ནི།
གསུམ་པ།
བཞི་པ་ངེས་པར་འཛིན་པའི་སེམས་ནི།
ལྔ་པ།
དྲུག་པ་སྨོན་པའི་སེམས་ནི།