གསང་ཆེན་རྡོ་རྗེ་ཐེག་པའི་ལམ་གྱི་སྙིང་པོ་མཐར་ཐུག་གི་སྔོན་འགྲོ་བློ་སྦྱོང་སྦྱོར་བ་བདུན་མའི་དམིགས་ཁྲིད་ཟབ་ལམ་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ།།

A Commentary on the Stages of the Seven Points of Mind Training, the Preliminaries of the Ultimate Essence of the Vajrayana Path of the Great Secret.

ངོ་སྤྲོད་མེད།

དཀར་ཆག་མེད།

གསང་ཆེན་རྡོ་རྗེ་ཐེག་པའི་ལམ་གྱི་སྙིང་པོ་མཐར་ཐུག་གི་སྔོན་འགྲོ་བློ་སྦྱོང་སྦྱོར་བ་བདུན་མའི་དམིགས་ཁྲིད་ཟབ་ལམ་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ། དང་པོ་འཆད་པའི་སློབ་དཔོན་གྱི་མཚན་ཉིད། ཆོས་ཉན་པའི་སློབ་མའི་མཚན་ཉིད། མཚན་ཉིད་དང་ལྡན་པའི་དཔོན་སློབ་གཉིས་ཀྱིས་ཆོས་འཆད་ཉན་ཇི་ལྟར་བྱ་བའི་ཚུལ་གསུམ་ལས། དང་པོ་(འཆད་པའི་སློབ་དཔོན་གྱི་མཚན་ཉིད་)ནི། དང་པོ་སློབ་དཔོན་སངས་རྒྱས་ཀྱིས་ཆོས་འཆད་ཚུལ་ལ། ཆོ་འཕྲུལ་གསུམ་ལ་བརྟེན་ནས་འཆད་པ། དེ་ཡང་སྐུ་རྫུ་འཕྲུལ་གྱི་ཆོ་འཕྲུལ་ནི། གསུམ་པ་སློབ་དཔོན་མཁས་པ་པཎྜི་ཏས་ཆོས་འཆད་ཚུལ་ལ་གཉིས་ཏེ། དང་པོ་དཔལ་ནཱ་ལེནྡྲའི་པཎྜི་ཏ་རྣམས་ཀྱིས་བཀའ་ཐམས་ཅད་ཕུན་སུམ་ཚོགས་པ་ལྔ་དང་། བསྟན་བཅོས་ཐམས་ཅད་རྩིས་མགོ་ཡན་ལག་ལྔས་འཆད་པ་ཡིན། གཉིས་པ་བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་གི་པཎྜི་ཏ་རྣམས་ཀྱིས་ཐོག་མར་ཆོས་ཉན་པ་པོ་དེ། ཆོས་སྟོན་རུང་བའི་སྣོད་ཁྱད་པར་ཅན་དུ་སྒྲུབ་པ་སྔོན་དུ་སོང་ནས། དེའི་རྗེས་སུ་སངས་རྒྱས་ཀྱི་བཀའ་དང་བཀའི་དགོངས་པ་འགྲེལ་བའི་བསྟན་བཅོས་གང་རུང་ཚུལ་བཞིན་སྟོན་པར་བྱེད་པ་ཡིན་ནོ། ། གསུམ་པ་ཆེ་བ་གཉིས་ལྡན་གྱི་ཆོས་འཆད་ཉན་ཇི་ལྟར་བྱ་བ་ལ། བཤད་བྱའི་ཆོས་ཀྱི་ཡན་ལག་དང་། བཤད་བྱའི་ཆོས་དངོས་གཉིས། དང་པོ་བཤད་བྱའི་ཆོས་ཀྱི་ཡན་ལག་ཀུན་སློང་དང་ཀུན་སྤྱོད་གཉིས། དང་པོ་ལ་བསམ་པ་རྒྱ་ཆེ་བ་བྱང་ཆུབ་སེམས་ཀྱི་ཀུན་སློང་དང་། ཐབས་རྒྱ་ཆེ་བ་གསང་བ་སྔགས་ཀྱི་ཀུན་སློང་གཉིས་ལས། དང་པོ་(བསམ་པ་རྒྱ་ཆེ་བ་བྱང་ཆུབ་སེམས་ཀྱི་ཀུན་སློང་)ནི། གཉིས་པ་བཤད་བྱའི་ཆོས་དངོས་བཤད་པ་ལ། བསྟན་བཅོས་བརྩམ་པའི་ཡན་ལག་དང་། དེ་བརྩམ་པའི་བསྟན་བཅོས་ཀྱི་ལུས་དངོས་དང་། མཇུག་ཡོངས་སུ་རྫོགས་པའི་བྱ་བ་དང་གསུམ་ལས། དང་པོ་(བསྟན་བཅོས་བརྩམ་པའི་ཡན་ལག་)ལ། མཆོད་པར་བརྗོད་པ་དང་། བརྩམ་པར་དམ་བཅའ་བ་གཉིས། དང་པོ་(མཆོད་པར་བརྗོད་པ་)ལ་མཚན་ནས་སྨོས་ཏེ་བསྡུས་ཏེ་མཆོད་པར་བརྗོད་པ། ཡོན་ཏན་དྲན་པས་རྒྱས་པར་མཆོད་པར་བརྗོད་པ་དང་གཉིས། དང་པོ་(མཚན་ནས་སྨོས་ཏེ་བསྡུས་ཏེ་མཆོད་པར་བརྗོད་པ)ནི། ༈ བཞི་པ་རྒྱུ་བསོད་ནམས་ཀྱི་ཚོགས་ལ་བརྟེན་ནས་འབྲས་བུ་ཡེ་ཤེས་ཀྱི་ཚོགས་རྫོགས་པ་བྱེད་པ་མཎྜལ་གྱི་ཁྲིད་ལ་གཉིས་ཏེ། མཎྜལ་འབུལ་བའི་དགོས་ཆེད་དང་། མཎྜལ་འབུལ་བ་དངོས་སོ། །དང་པོ་དགོས་ཆེད་ནི། ༈ ལྔ་པ་སྣོད་དག་པར་བྱེད་པ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ཀྱི་ཁྲིད་ལ་གཉིས་ཏེ། བསྒོམས་པའི་དགོས་པ་དང་། བསྒོམ་བཟླས་དངོས་གཉིས་སོ། ། ༈ དྲུག་པ་བཅུད་བླ་མའི་བྱིན་རླབས་ཀྱིས་གང་བར་བྱེད་པ་ལམ་ཟབ་བླ་མའི་རྣལ་འབྱོར་གྱི་ཁྲིད་ལ་གཉིས་ཏེ། དགོས་དོན་ཆེ་བར་བསམ་པ་དང་། ལམ་ཟབ་བླ་མའི་འབྱོར་ཉམས་སུ་ལེན་པ་དངོས་དང་གཉིས་སོ། །དང་པོ་དགོས་པའི་དོན་ཆེ་བར་བསམ་པ་ནི། ༈ བདུན་པ་ཟབ་ལམ་ལ་འཇུག་པའི་གང་ཟག་གི་བློར་བྲོད་པ་སྐྱེད་པར་བྱེད་པའི་ཕན་ཡོན་གྱི་ཁྲིད་ལ་ཕན་ཡོན་དངོས་དང་། ཞར་བྱུང་འཕོ་བའི་ཁྲིད་གཉིས་ལས། དང་པོ་ལམ་ཟབ་མོ་ལ་འཇུག་པའི་ཕན་ཡོན་ནི།

དེབ་ཕྲེང་འདི་ཡི་ཁོངས་གཏོགས་འཕྲུལ་དེབ་གཞན།