སངས་རྒྱས་ཀྱི་དུས་ཆེན་རྣམས་དང་གུ་རུའི་ཚེས་བཅུ་སོགས་ཀྱི་ངོས་འཛིན་རྒྱུ་མཚན་ཕན་ཡོན་སོགས་བཞུགས་སོ།།

The Reasons for and Benefits of the Anniversary Celebrations of Buddha and Guru Rinpoche

བཅོམ་ལྡན་འདས་དང་འབྲེལ་བའི་དུས་ཆེན་བཞི་ལས། དང་པོ་དགུན་ཟླ་ཐ་ཆུང་ངམ་ཧོར་ཟླ་དང་པོའི་ཚེས་གཅིག་ནས་བཅོ་ལྔའི་བར་ཆོ་འཕྲུལ་དུས་ཆེན་དང་། གཉིས་པ་དཔྱིད་ཟླ་ཐ་ཆུང་ཧོར་ཟླ་བཞི་པའི་ཚེས་བཅོ་ལྔ་ལ་མངོན་པར་བྱང་ཆུབ་པའི་དུས་ཆེན་དང་། གསུམ་པ་དབྱར་འབྲིང་ཧོར་ཟླ་དྲུག་པའི་ཚེས་བཞིའམ་བརྒྱད་ལ་ཆོས་འཁོར་བསྐོར་བའི་དུས་ཆེན་དང་། བཞི་པ་སྟོན་འབྲིང་ཧོར་ཟླ་དགུ་པའི་ཉ་ལ་ལྷ་བབས་དུས་ཆེན་བཅས་དུས་ཆེན་བཞི་དང་། བྱེ་བྲག་གསང་སྔགས་བླ་མེད་སྤྱི་ལ་ཡར་ངོའི་ཚེས་བཅུ་དང་། མར་ངོའི་ཉེར་ལྔ་གཉིས་ལ་ཕྱི་རོལ་དུ་དཔའ་བོ་མཁའ་འགྲོ་འདུ་བ་དང་། ནང་དུ་རྡོ་རྗེ་ལུས་སུ་དཀར་དམར་ཐབས་ཤེས་ཀྱི་འཁོར་ལོ་འདུ་བའི་དུས་ཆེན་གཉིས་དང་། རྙིང་ལུགས་ལྟར་ན་ཡར་ངོའི་ཚེས་བཅུ་ལ་གུ་རུ་རིན་པོ་ཆེ་པདྨ་འབྱུང་གནས་ཀྱིས་མཛད་པ་ཁྱད་པར་ཅན་སྟོན་པའི་དུས་ཡིན་པ་སོགས་དུས་ཆེན་ཁྱད་པར་ཅན་རྣམས་ཀྱི་ངོས་འཛིན་དང་རྒྱུ་མཚན་། ཚེས་བཟང་དེ་དག་གི་དུས་གནད་དང་བསྟུན་ཏེ་རིམ་པ་གཉིས་ཀྱི་རྣལ་འབྱོར་སོགས་ལ་འབད་ན་ཕན་ཡོན་ས་ཡ་ཕྲག་བརྒྱའི་འགྱུར་ཡོད་པར་བཀའ་བསྟན་ཚད་མ་ལས་གསུངས་པ་སོགས་བཤད་པའོ།།

དཀར་ཆག་མེད།

ས་བཅད་མེད།

དེབ་ཕྲེང་འདི་ཡི་ཁོངས་གཏོགས་འཕྲུལ་དེབ་གཞན།