རྗེ་རིན་པོ་ཆེས་དབུ་མའི་ལྟ་ཁྲིད་བཞུགས་སོ།།

Practice Texts of the Middle Way

ཟབ་མོ་དབུ་མའི་ལམ་བསྒོམ་པ་མདོར་ན། དགག་གཞི་གང་ཟག་གི་སྟེང་དུ་དགག་བྱ་གང་ཟག་གི་བདག་རྣམ་པར་བཅད་པ་གང་ཟག་གི་བདག་མེད་དང་། དགག་གཞི་ཕུང་པོའི་སྟེང་དུ་དགག་བྱ་ཆོས་ཀྱི་བདག་རྣམ་པར་བཅད་ཙམ་ཆོས་ཀྱི་བདག་མེད་པ་སྟེ། བདག་མེད་ཕྲ་རགས་གཉིས་སུ་འདུས་པས། འདིར་དེ་ལྟ་བུའི་དབུ་མའི་ལྟ་བ་བསྒོམ་པའི་ཁྲིད་ལ་འཇུག་པ་ལ། ཐོག་མར་བླ་མའི་རྣལ་འབྱོར་དང་། སྐྱེས་བུ་ཆུང་འབྲིང་དང་། བྱང་ཆུབ་སེམས་སྦྱོང་སྐོར་དང༌། རྒྱལ་སྲས་ཀྱི་སྤྱོད་པ་སྤྱི་སློབ་དང་བཅས་པ་སྔོན་འགྲོ་སྤྱི་དང་། གསུང་རབ་ཀྱི་གནད་ཕྱིན་ཅི་མ་ལོག་པར་མཁྱེན་པའི་མཁས་པ་ལ་བརྟེན་ནས་དྲི་མ་མེད་པའི་གཞུང་མཉན་ཏེ་ཐོས་བསམ་གྱི་ཤེས་རབ་ཀྱིས་དེ་ཁོ་ན་ཉིད་རྟོགས་པའི་ལྟ་བ་སྐྱེད་པ་ལ་སོགས་ལྷག་མཐོང་གི་རྒྱུ་ཚོགས་ཚང་ཞིང་། འཕགས་པ་ཀླུ་སྒྲུབ་ཀྱི་དགོངས་པ་དཔལ་ལྡན་ཟླ་བས་བཀྲལ་བའི་རྗེས་སུ་ཞུགས་ན་ལྟ་བའི་གནད་མཐར་ཐུག་པ་རྙེད་པར་འགྱུར་བའི་ཚུལ་ལ་ངེས་པ་སྐྱེས་ནས་ལུགས་དེའི་ལྟ་བ་སྐྱོང་ཚུལ་ལ་ཤེས་འདོད་སྐྱེས་པ་སྔོན་འགྲོ་ཁྱད་པར་ཅན་གཉིས་གཞིར་སོང་ནས། དངོས་བཞི་བདག་མེད་ཕྲ་རགས་གཉིས་པོ་བསྒོམ་པའི་མཉམ་རྗེས་ཀྱི་ཚུལ་དང་རྗེས་བསྔོ་བ་བཅས་པ་ཞིབ་པར་གཏན་ལ་ཕབ་པའོ།།

༄༅། །དབུ་མ་ཐལ་འགྱུར་བའི་ལུགས་ཀྱི་ཟབ་ལམ་དབུ་མའི་ལྟ་ཁྲིད་ཅེས་བྱ་བ་བཞུགས་པའི་བེའུ་བུམ་མོ།།

༄༅། །རྗེ་རིན་པོ་ཆེས་གནང་བའི་དབུ་མའི་ལྟ་ཁྲིད་བསྡུས་པ་བཞུགས་སོ།།

འདིར་དབུ་མ་ཐལ་འགྱུར་བའི་ལུགས་ཀྱི་ལྟ་ཁྲིད་བསྒོམ་པའི་ཚུལ་ལ་གསུམ། སྔོན་འགྲོ །དངོས་གཞི། རྗེས་སོ། །དང་པོ་༼སྔོན་འགྲོ༽ནི།

གཉིས་པ་དངོས་གཞི་ལ།

གང་ཟག་གི་བདག་མེད་བསྒོམ་པ་དང༌། ཆོས་ཀྱི་བདག་མེད་བསྒོམ་པའོ། །དང་པོ་༼གང་ཟག་གི་བདག་མེད་བསྒོམ་པ་༽ལ་གཉིས། ང་རང་བཞིན་མེད་པར་བསྒོམ་པ་དང༌། ང་ཡི་བ་རང་བཞིན་མེད་པར་བསྒོམ་པའོ། །དང་པོ་༼ང་རང་བཞིན་མེད་པར་བསྒོམ་པ་༽ལ་གཉིས། མཉམ་གཞག་ནམ་མཁའ་ལྟ་བུའི་རྣལ་འབྱོར་དང༌། རྗེས་ཐོབ་སྒྱུ་མ་ལྟ་བུའི་རྣལ་འབྱོར་རོ། །དང་པོ་༼མཉམ་གཞག་ནམ་མཁའ་ལྟ་བུའི་རྣལ་འབྱོར་༽ལ་བཞི། ངའོ་སྙམ་པའི་བློ་ལྷན་སྐྱེས་ལ་ཁྱད་གཞི་དེའི་རྣམ་པ་ལེགས་པར་ཤར་ནས་ང་སྣང་བར་བྱེད་པའི་གནད་ཤེས་པ་དང༌། སྣང་ཚུལ་དེར་གྲུབ་ན་གཅིག་ཐ་དད་ལས་ཕུང་གསུམ་མི་སྲིད་པས་ང་དང་ངའི་ཕུང་པོ་གཉིས་རང་བཞིན་གྱིས་གྲུབ་པ་ཟླ་མེད་ཀྱི་གཅིག་དང༌། རང་བཞིན་གྱིས་གྲུབ་པ་ཟླ་བཅས་ཀྱི་ཐ་དད་གང་རུང་ཞིག་ཏུ་ངེས་པ་ཁྱབ་པ་ངེས་པ་དང༌། ང་དང་ངའི་ཕུང་པོ་གཉིས་རང་བཞིན་གྱིས་གྲུབ་པའི་གཅིག་དང་ཐ་དད་མིན་པར་ངེས་པ་ཕྱོགས་ཆོས་ངེས་པ་དང༌། དགག་གཞི་ལ་དགག་བྱ་རྣམ་པར་བཅད་པ་རྟགས་ཀྱི་བསྒྲུབ་བྱ་ངེས་པའི་གཅིག་དང་དུ་བྲལ་གྱི་རྟགས་སོ། །དང་པོ་༼ངའོ་སྙམ་པའི་བློ་ལྷན་སྐྱེས་ལ་ཁྱད་གཞི་དེའི་རྣམ་པ་ལེགས་པར་ཤར་ནས་ང་སྣང་བར་བྱེད་པའི་གནད་ཤེས་པ་༽ནི།

གཉིས་པ་༼སྣང་ཚུལ་དེར་གྲུབ་ན་གཅིག་ཐ་དད་ལས་ཕུང་གསུམ་མི་སྲིད་པས་ང་དང་ངའི་ཕུང་པོ་གཉིས་རང་བཞིན་གྱིས་གྲུབ་པ་ཟླ་མེད་ཀྱི་གཅིག་༽ནི།

གསུམ་པ་༼རང་བཞིན་གྱིས་གྲུབ་པ་ཟླ་བཅས་ཀྱི་ཐ་དད་གང་རུང་ཞིག་ཏུ་ངེས་པ་ཁྱབ་པ་ངེས་པ་༽ལ་གཉིས་ལས། དང་པོ་ང་དང་ངའི་ཕུང་པོ་གཉིས་དོན་སྟེང་ནས་གྲུབ་པའི་གཅིག་མ་ཡིན་པར་ངེས་པ་ནི།

གཉིས་པར་ང་དང་ངའི་ཕུང་པོ་གཉིས་ངེས་པར་དོན་སྟེང་ནས་གྲུབ་པའི་ཐ་དད་མ་ཡིན་པར་ངེས་པ་ནི།

བཞི་པ་དགག་གཞི་ལ་དགག་བྱ་རྣམ་པར་བཅད་པ་རྟགས་ཀྱི་བསྒྲུབ་བྱ་ངེས་པའི་གཅིག་དང་དུ་བྲལ་གྱི་རྟགས་ནི།

གཉིས་པ་རྗེས་ཐོབ་སྒྱུ་མ་ལྟ་བུའི་རྣལ་འབྱོར་ནི། མིང་ཙམ་དང༌། བཏགས་པ་ཙམ་དང༌། སྒྱུ་མ་ལྟ་བུ་གསུམ་གྱིས་ཤེས་པར་བྱའོ། །དང་པོ་༼མིང་ཙམ་༽ནི།

གཉིས་པ་༼བཏགས་པ་ཙམ་༽ནི།

གསུམ་པ་༼སྒྱུ་མ་ལྟ་བུ་གསུམ་གྱིས་ཤེས་པར་བྱ༽ནི།

སྒྱུ་མ་ནི་རྣལ་འབྱོར་དེ་བསྒོམ་པའི་དཔེར་མཛད་དེ། དེ་ཡང་སྒྱུ་མ་མཁན་རང་ལ་སྒྱུ་མའི་སྣང་བ་ཡོད་ཀྱང་ཞེན་པ་མེད་པ་ལྟར་རོ། །དེ་ལྟར་བསྒོམ་པར་བྱ་བ་ལ་གཉིས་ལས། མྱོང་སྟོབས་ཀྱིས་བསྒོམ་པ་ནི། མཉམ་གཞག་ནུས་པ་མཐུ་ཅན་དུ་གྱུར་པའི་སྟོབས་ཀྱིས་དྲན་ཤེས་ལ་མི་ལྟོས་པར་སྣང་ཙམ་ནས་རང་བཞིན་གྱིས་གྲུབ་པ་ཅུང་ཟད་ཀྱང་མེད་པར་ངེས་པའི་རྒྱུན་སྒྱུ་མ་ལྟ་བུ་བསྒོམ་མོ། །ལྟ་བའི་ངེས་པ་མེད་པར་གང་སྣང་བུན་ལོང་གཏད་མེད་དུ་འཆར་བ་སེམས་གནས་ཀྱི་མཐུ་ལའང་འབྱུང་བས་སྒྱུ་མ་ལྟ་བུ་བསྒོམ་པར་མི་རུང༌།

གཉིས་པ་དྲན་ཤེས་ཀྱིས་བསྒོམ་པ་ནི།

གཉིས་པ་ང་ཡི་བ་རང་བཞིན་མེད་པར་བསྒོམ་པ་ལ་གཉིས། མཉམ་གཞག་ཏུ་བསྒོམ་པ་དང༌། རྗེས་ཐོབ་ཏུ་བསྒོམ་པའོ། །དང་པོ་༼མཉམ་གཞག་ཏུ་བསྒོམ་པ་༽ནི།

གཉིས་པ་རྗེས་ཐོབ་ཏུ་བསྒོམ་པ་ནི།

གཉིས་པ་ཆོས་ཀྱི་བདག་མེད་བསྒོམ་པ་ལ་གཉིས། མཉམ་གཞག་ཏུ་བསྒོམ་པ་དང༌། རྗེས་ཐོབ་ཏུ་བསྒོམ་པའོ། །དང་པོ་༼མཉམ་གཞག་ཏུ་བསྒོམ་པ་༽ནི།

གཉིས་པ་རྗེས་ཐོབ་ཏུ་བསྒོམ་པ་ནི།

གསུམ་པ་རྗེས་ནི།

དེབ་ཕྲེང་འདི་ཡི་ཁོངས་གཏོགས་འཕྲུལ་དེབ་གཞན།