དྲང་བ་དང་ངེས་པའི་དོན་རྣམ་པར་ཕྱེ་བའི་བསྟན་བཅོས་ལེགས་བཤད་སྙིང་པོ་བཞུགས་སོ།།

Essence of Eloquence

ཆོས་རྣམས་ཀྱི་དེ་བཞིན་ཉིད་ནི་ཤིན་ཏུ་རྟོགས་པར་དཀའ་བས། དེ་ཉིད་ཇི་བཞིན་ཁོང་དུ་ཆུད་པ་ལ་རྒྱལ་བའི་གསུང་རབ་ཀྱི་དྲང་བ་དང་ངེས་པའི་དོན་རྣམ་པར་འབྱེད་པ་ལ་རག་ལས་ཤིང༌། དེ་ཡང་འདི་ནི་དྲང་བའི་དོན་ནོ་འདི་ནི་ངེས་པའི་དོན་ནོ་ཞེས་གསུངས་པའི་ལུང་ཙམ་གྱིས་མི་ནུས་པས་ན། དྲང་ངེས་འབྱེད་པར་ལུང་བསྟན་པའི་ཤིང་རྟ་ཆེན་པོ་དག་གིས་དྲང་ངེས་ཀྱི་དགོངས་པ་བཀྲལ་ཞིང་། དེ་ཡང་ངེས་དོན་གྱི་གསུང་རབ་ཀྱི་དོན་གཞན་དུ་འདྲེན་པ་ལ་གནོད་བྱེད་དང༌། གཞན་དུ་དྲང་དུ་མི་རུང་བར་དོན་དེར་ངེས་པའི་སྒྲུབ་བྱེད་ཀྱི་རིགས་པས་ལེགས་པར་གཏན་ལ་ཕབ་པ་ཞིག་གི་རྗེས་སུ་འབྲངས་ནས་དགོངས་པ་འཚོལ་དགོས་པས། མདོར་ན་དྲི་མ་མེད་པའི་རིགས་པ་ཉིད་ཀྱིས་དབྱེ་དགོས་ཏེ། རིགས་པ་དང་འགལ་བའི་གྲུབ་མཐའ་ཁས་ལེན་ན་སྨྲ་བ་པོ་ཚད་མའི་སྐྱེས་བུར་མི་རུང་བའི་ཕྱིར་དང༌། དངོས་པོའི་དེ་ཁོ་ན་ཉིད་ཀྱང་འཐད་པས་སྒྲུབ་པའི་རིགས་པའི་སྒྲུབ་བྱེད་དང་ལྡན་དགོས་པའི་ཕྱིར། འདིར་རྗེ་ཙོང་ཁ་པ་ཆེན་པོས་མདོ་སྡེ་དགོངས་འགྲེལ་ལ་བརྟེན་པའི་ཕྱོགས་དང༌། བློ་གྲོས་མི་ཟད་པས་བསྟན་པ་ལ་བརྟེན་པའི་ཕྱོགས་གཉིས་ཀྱིས་དྲང་ངེས་ཇི་ལྟར་འབྱེད་ཚུལ་རྒྱས་པར་གཏན་ལ་ཕབ་པའོ།།

དེ་ལྟར་ན་དྲང་ངེས་འབྱེད་པ་ལ་གཉིས། མདོ་སྡེ་དགོངས་འགྲེལ་ལ་བརྟེན་པའི་ཕྱོགས་དང༌། བློ་གྲོས་མི་ཟད་པས་བསྟན་པ་ལ་བརྟེན་པའི་ཕྱོགས་སོ། །དང་པོ་༼མདོ་སྡེ་དགོངས་འགྲེལ་ལ་བརྟེན་པའི་ཕྱོགས་༽ལ་གཉིས། མདོ་སྡེ་ནས་ཇི་ལྟར་གསུངས་པ་དགོད་པ་དང༌། དེའི་དོན་ཇི་ལྟར་བཀྲལ་བའི་ཚུལ་ལོ། །དང་པོ་༼མདོ་སྡེ་ནས་ཇི་ལྟར་གསུངས་པ་དགོད་པ་༽ལ་བཞི། མདོ་སྡེ་ལ་འགལ་སྤོང་གི་དྲི་བ། འགལ་བ་དེ་སྤོང་བའི་ལན། ངོ་བོ་ཉིད་གསུམ་གྱི་ངོ་བོ་ངོས་གཟུང་བ། དེ་དག་གིས་གྲུབ་པའི་དོན་ཞུས་པའོ། །དང་པོ་༼མདོ་སྡེ་ལ་འགལ་སྤོང་གི་དྲི་བ་༽ནི།

གཉིས་པ་༼འགལ་བ་དེ་སྤོང་བའི་ལན་༽ལ་གཉིས། ངོ་བོ་ཉིད་མེད་ཚུལ་གང་ལ་དགོངས་ནས་ངོ་བོ་ཉིད་མེད་པར་གསུངས་པ་བཤད་པ་དང༌། གང་ལ་དགོངས་ནས་མ་སྐྱེས་པ་སོགས་སུ་གསུངས་པ་བཤད་པའོ། །དང་པོ་༼ངོ་བོ་ཉིད་མེད་ཚུལ་གང་ལ་དགོངས་ནས་ངོ་བོ་ཉིད་མེད་པར་གསུངས་པ་བཤད་པ་༽ལ་གསུམ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ་དང༌། དེ་དག་གི་དཔེ་བསྟན་པའོ། །དང་པོ་༼མདོར་བསྟན་པ་༽ནི།

གཉིས་པ་༼རྒྱས་པར་བཤད་པ་༽ནི།

གསུམ་པ་༼དེ་དག་གི་དཔེ་བསྟན་པ་༽ནི།

གཉིས་པ་༼གང་ལ་དགོངས་ནས་མ་སྐྱེས་པ་སོགས་སུ་གསུངས་པ་བཤད་པ་༽ནི།

གཉིས་པ་ཡང་དགོངས་འགྲེལ་ལས།

གསུམ་པ་༼ངོ་བོ་ཉིད་གསུམ་གྱི་ངོ་བོ་ངོས་གཟུང་བ་༽ནི།

བཞི་པ་༼དེ་དག་གིས་གྲུབ་པའི་དོན་ཞུས་པ་༽ལ་གཉིས། མདོ་དགོད་པ་དང༌། དེའི་དོན་ཅུང་ཟད་བཤད་པའོ། །དང་པོ་༼མདོ་དགོད་པ་༽ནི།

གཉིས་པ་༼དེའི་དོན་ཅུང་ཟད་བཤད་པ་༽ལ་གཉིས། མདོའི་ཚིག་དོན་ཅུང་ཟད་བཤད་པ་དང། དྲང་ངེས་ཀྱི་ཚུལ་ཅུང་ཟད་བཤད་པའོ། །དང་པོ་༼མདོའི་ཚིག་དོན་ཅུང་ཟད་བཤད་པ་༽ནི།

གཉིས་པ་༼དྲང་ངེས་ཀྱི་ཚུལ་ཅུང་ཟད་བཤད་པ་༽ནི།

གཉིས་པ་༼དེའི་དོན་ཇི་ལྟར་བཀྲལ་བའི་ཚུལ་༽ལ་གཉིས། སློབ་དཔོན་ཐོགས་མེད་ཀྱིས་གཙོ་བོར་དགོངས་འགྲེལ་ལ་བརྟེན་ཚུལ་དང༌། དེ་ལ་བརྟེན་ནས་དེ་ཁོ་ན་ཉིད་གཏན་ལ་ཕབ་པའི་ཚུལ་ལོ། །དང་པོ་༼སློབ་དཔོན་ཐོགས་མེད་ཀྱིས་གཙོ་བོར་དགོངས་འགྲེལ་ལ་བརྟེན་ཚུལ་༽ནི།

གཉིས་པ་༼དེ་ལ་བརྟེན་ནས་དེ་ཁོ་ན་ཉིད་གཏན་ལ་ཕབ་པའི་ཚུལ་ལོ་༽ལ་གསུམ། མཐའ་གཉིས་སྤོང་ཚུལ་སྤྱིར་བསྟན་པ། སྒྲོ་འདོགས་ཀྱི་མཐའ་བྱེ་བྲག་ཏུ་དགག་པ། དེས་གསུང་རབ་ཀྱི་དྲང་ངེས་འབྱེད་པའི་ཚུལ་ལོ། །དང་པོ་༼མཐའ་གཉིས་སྤོང་ཚུལ་སྤྱིར་བསྟན་པ་༽ལ་གསུམ། བྱང་ས་ནས་བཤད་པའི་ཚུལ་དང། བསྡུ་བ་ནས་བཤད་པའི་ཚུལ་དང། དེ་དག་ལས་གཞན་པའི་གཞུང་ནས་བཤད་ཚུལ་ལོ། །དང་པོ་༼བྱང་ས་ནས་བཤད་པའི་ཚུལ་༽ལ་གཉིས། སྒྲོ་སྐུར་དུ་ལྟ་བའི་ཚུལ་དང༌། དེ་གཉིས་འགོག་པའི་ཚུལ་ལོ། །དང་པོ་༼སྒྲོ་སྐུར་དུ་ལྟ་བའི་ཚུལ་༽ནི།

གཉིས་པ་༼དེ་གཉིས་འགོག་པའི་ཚུལ་ལོ་༽ནི།

གཉིས་པ་༼བསྡུ་བ་ནས་བཤད་པའི་ཚུལ་༽ལ་གཉིས། ཕྱོགས་སྔ་མ་དགོད་ཅིང་དེའི་དོན་ལ་དྲིས་ལན་བྱ་བ་དང༌། ལན་བཏབ་པའི་ཕྱོགས་དགག་པའོ། །དང་པོ་༼ཕྱོགས་སྔ་མ་དགོད་ཅིང་དེའི་དོན་ལ་དྲིས་ལན་བྱ་བ་༽ནི།

གཉིས་པ་༼ལན་བཏབ་པའི་ཕྱོགས་དགག་པ་༽ལ་གཉིས། གཞན་གྱི་གྲུབ་མཐའ་ལ་འགལ་བ་བསྟན་པ་དང༌། རང་གི་གྲུབ་མཐའ་ལ་འགལ་བ་སྤང་བའོ། །དང་པོ་༼གཞན་གྱི་གྲུབ་མཐའ་ལ་འགལ་བ་བསྟན་པ་༽ནི།

གཉིས་པ་༼རང་གི་གྲུབ་མཐའ་ལ་འགལ་བ་སྤང་བ་༽ནི།

གསུམ་པ་༼དེ་དག་ལས་གཞན་པའི་གཞུང་ནས་བཤད་ཚུལ་༽ལ་གཉིས། མདོ་སྡེ་རྒྱན་ལས་བཤད་པའི་ཚུལ་དང༌། དབུས་མཐའ་ལས་བཤད་པའི་ཚུལ་ལོ། །དང་པོ་༼མདོ་སྡེ་རྒྱན་ལས་བཤད་པའི་ཚུལ་༽ནི།

གཉིས་པ་༼དབུས་མཐའ་ལས་བཤད་པའི་ཚུལ་༽ནི།

གཉིས་པ་༼སྒྲོ་འདོགས་ཀྱི་མཐའ་བྱེ་བྲག་ཏུ་དགག་པ་༽ལ་གཉིས། དགག་བྱ་སྒྲོ་འདོགས་ངོས་གཟུང་བ་དང༌། དེ་ཇི་ལྟར་འགོག་པའི་ཚུལ་ལོ། །དང་པོ་༼དགག་བྱ་སྒྲོ་འདོགས་ངོས་གཟུང་བ་༽ནི།

གཉིས་པ་༼དེ་ཇི་ལྟར་འགོག་པའི་ཚུལ་ལོ༽ལ་གཉིས། དགག་པ་དངོས་དང་། དེ་ལ་རྩོད་པ་སྤང་བའོ། །དང་པོ་༼དགག་པ་དངོས་༽ནི།

གཉིས་པ་༼དེ་ལ་རྩོད་པ་སྤང་བ་༽ནི།

གསུམ་པ་༼དེས་གསུང་རབ་ཀྱི་དྲང་ངེས་འབྱེད་པའི་ཚུལ་༽ནི།

གཉིས་པ་བློ་གྲོས་མི་ཟད་པས་བསྟན་པ་ལ་བརྟེན་ནས་དྲང་ངེས་འབྱེད་པའི་ཕྱོགས་ལ་གཉིས། མདོ་ནས་ཇི་ལྟར་གསུངས་པ་དགོད་པ་དང༌། དེའི་དོན་ཇི་ལྟར་བཀྲལ་བའོ། །དང་པོ་༼མདོ་ནས་ཇི་ལྟར་གསུངས་པ་དགོད་པ་༽ནི།

གཉིས་པ་༼དེའི་དོན་ཇི་ལྟར་བཀྲལ་བ་༽ལ་གཉིས། མགོན་པོ་ཀླུ་སྒྲུབ་ཀྱིས་མདོའི་དོན་ཇི་ལྟར་བཀྲལ་བ་དང༌། དེའི་རྗེས་སུ་འབྲང་བ་རྣམས་ཀྱིས་ཇི་ལྟར་བཀྲལ་བའི་ཚུལ་ལོ། །དང་པོ་༼མགོན་པོ་ཀླུ་སྒྲུབ་ཀྱིས་མདོའི་དོན་ཇི་ལྟར་བཀྲལ་བ་༽ལ་གཉིས། རྟེན་འབྱུང་གི་དོན་རང་བཞིན་མེད་པའི་དོན་དུ་བཀྲལ་ཚུལ་དང། དེ་ཉིད་གསུང་རབ་ཀྱི་དོན་གྱི་སྙིང་པོར་བསྔགས་པའི་ཚུལ་ལོ། །དང་པོ་༼རྟེན་འབྱུང་གི་དོན་རང་བཞིན་མེད་པའི་དོན་དུ་བཀྲལ་ཚུལ་༽ནི།

གཉིས་པ་༼དེ་ཉིད་གསུང་རབ་ཀྱི་དོན་གྱི་སྙིང་པོར་བསྔགས་པའི་ཚུལ་༽ནི།

གཉིས་པ་༼དེའི་རྗེས་སུ་འབྲང་བ་རྣམས་ཀྱིས་ཇི་ལྟར་བཀྲལ་བའི་ཚུལ་༽ནི།

འདི་ལ་གཉིས། དབུ་མ་རང་རྒྱུད་པས་འཕགས་པའི་གཞུང་ཇི་ལྟར་བཀྲལ་བ་དང༌། དབུ་མ་ཐལ་འགྱུར་བས་འཕགས་པའི་གཞུང་ཇི་ལྟར་བཀྲལ་བའོ། །དང་པོ་༼དབུ་མ་རང་རྒྱུད་པས་འཕགས་པའི་གཞུང་ཇི་ལྟར་བཀྲལ་བ་༽ལ་གཉིས། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་ཇི་ལྟར་བཀྲལ་བ་དང༌། ཞི་བ་འཚོ་ཡབ་སྲས་ཀྱིས་ཇི་ལྟར་བཀྲལ་བའོ། །དང་པོ་༼སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་ཇི་ལྟར་བཀྲལ་བ་༽ལ་གསུམ། དོན་དམ་པར་གང་ཟག་དང་ཆོས་ལ་རང་བཞིན་ཡོད་མེད་ཇི་ལྟར་བཤད་པ་དང་། ཐ་སྙད་དུ་ཕྱི་རོལ་གྱི་དོན་ཡོད་མེད་ཇི་ལྟར་བཤད་པ་དང། དོན་དམ་པར་ཡོད་པ་འགོག་པའི་རིགས་པའི་གཙོ་བོ་གང་ལ་བྱེད་བསྟན་པའོ། །དང་པོ་༼དོན་དམ་པར་གང་ཟག་དང་ཆོས་ལ་རང་བཞིན་ཡོད་མེད་ཇི་ལྟར་བཤད་པ་༽ནི།

གཉིས་པ་༼ཐ་སྙད་དུ་ཕྱི་རོལ་གྱི་དོན་ཡོད་མེད་ཇི་ལྟར་བཤད་པ་༽ནི།

གསུམ་པ་༼དོན་དམ་པར་ཡོད་པ་འགོག་པའི་རིགས་པའི་གཙོ་བོ་གང་ལ་བྱེད་བསྟན་པ་༽ནི།

གཉིས་པ་༼ཞི་བ་འཚོ་ཡབ་སྲས་ཀྱིས་ཇི་ལྟར་བཀྲལ་བའོ་༽ལ་བཞི། དོན་དམ་པར་གང་ཟག་དང་ཆོས་ལ་རང་བཞིན་ཡོད་མེད་ཇི་ལྟར་བཤད་པ་དང། ཐ་སྙད་དུ་ཕྱི་རོལ་གྱི་དོན་ཡོད་མེད་ཇི་ལྟར་བཤད་པ་དང་། མདོ་སྡེ་དགོངས་འགྲེལ་གྱི་དོན་ཇི་ལྟར་བཤད་པ་དང༌། དོན་དམ་པར་ཡོད་པ་འགོག་པའི་རིགས་པའི་གཙོ་བོ་གང་ལ་བྱེད་བསྟན་པའོ། །དང་པོ་༼དོན་དམ་པར་གང་ཟག་དང་ཆོས་ལ་རང་བཞིན་ཡོད་མེད་ཇི་ལྟར་བཤད་པ་༽ནི།

གཉིས་པ་ནི་ཐ་སྙད་དུ་ཕྱི་རོལ་ཡོད་དམ་མེད་ཅེ་ན།

གསུམ་པ་༼མདོ་སྡེ་དགོངས་འགྲེལ་གྱི་དོན་ཇི་ལྟར་བཤད་པ་༽ནི།

བཞི་པ་༼དོན་དམ་པར་ཡོད་པ་འགོག་པའི་རིགས་པའི་གཙོ་བོ་གང་ལ་བྱེད་བསྟན་པ་༽ལ་གཉིས། རིགས་པའི་དགག་བྱ་ངོས་གཟུང་བ་དང་། དེ་ཇི་ལྟར་འགོག་པའོ། །དང་པོ་༼རིགས་པའི་དགག་བྱ་ངོས་གཟུང་བ་༽ནི།

གཉིས་པ་༼དེ་ཇི་ལྟར་འགོག་པ་༽ནི།

གཉིས་བ་ཐལ་འགྱུར་བ་རྣམས་ཀྱིས་འཕགས་པའི་དགོངས་པ་ཇི་ལྟར་བཀྲལ་བ་ལ་གཉིས། གང་ཟག་དང་ཆོས་ལ་རང་བཞིན་ཡོད་མེད་ཇི་ལྟར་བཤད་པ་དང༌། དོན་དམ་དུ་གྲུབ་པ་འགོག་པའི་རིགས་པའི་གཙོ་བོ་གང་ཡིན་བསྟན་པའོ། །དང་པོ་༼གང་ཟག་དང་ཆོས་ལ་རང་བཞིན་ཡོད་མེད་ཇི་ལྟར་བཤད་པ་༽ལ་གསུམ། གང་ཟག་དང་ཆོས་ལ་རང་བཞིན་འགོག་པའི་ཁྱད་པར་བཤད་པ་དང༌། དེ་ལ་བརྟེན་ནས་འཕགས་པའི་དགོངས་པ་འགྲེལ་ཚུལ་ཐུན་མོང་མ་ཡིན་པ་བསྟན་པ་དང༌། ཚུལ་དེ་ལ་མདོ་སྡེ་རྣམས་དང་འགལ་བ་སྤང་བའོ། །དང་པོ་༼གང་ཟག་དང་ཆོས་ལ་རང་བཞིན་འགོག་པའི་ཁྱད་པར་བཤད་པ་༽ལ་གཉིས། རང་གི་མཚན་ཉིད་ཀྱིས་གྲུབ་པའི་རང་བཞིན་འགོག་པ་ཁྱད་པར་ཡིན་པར་བསྟན་པ་དང༌། དགག་བྱ་དེ་ངོས་བཟུང་ནས་ཇི་ལྟར་མེད་པ་བསྟན་པའོ། །དང་པོ་༼རང་གི་མཚན་ཉིད་ཀྱིས་གྲུབ་པའི་རང་བཞིན་འགོག་པ་ཁྱད་པར་ཡིན་པར་བསྟན་པ་༽ནི།

གཉིས་པ་༼དགག་བྱ་དེ་ངོས་བཟུང་ནས་ཇི་ལྟར་མེད་པ་བསྟན་པ་༽ལ་གཉིས། ཀུན་བཏགས་དང་ལྷན་སྐྱེས་ཀྱི་སྒྲོ་འདོགས་ཀྱིས་བཟུང་ཚུལ་བསྟན་ནས་དེ་མེད་པར་བསྟན་པ་དང༌། ཉན་ཐོས་ཀྱིས་སྡེ་སྣོད་ལ་བརྟེན་ནས་ཀྱང་བདག་མེད་གཉིས་གསུངས་པའི་དོན་བཤད་པའོ། །དང་པོ་༼ཀུན་བཏགས་དང་ལྷན་སྐྱེས་ཀྱི་སྒྲོ་འདོགས་ཀྱིས་བཟུང་ཚུལ་བསྟན་ནས་དེ་མེད་པར་བསྟན་པ་༽ནི།

གཉིས་པ་༼ཉན་ཐོས་ཀྱིས་སྡེ་སྣོད་ལ་བརྟེན་ནས་ཀྱང་བདག་མེད་གཉིས་གསུངས་པའི་དོན་བཤད་པ་༽ནི།

གཉིས་པ་༼དེ་ལ་བརྟེན་ནས་འཕགས་པའི་དགོངས་པ་འགྲེལ་ཚུལ་ཐུན་མོང་མ་ཡིན་པ་བསྟན་པ་༽ལ་གསུམ། བདག་མེད་རྟོགས་པ་དང་བདག་འཇིན་ཕྲ་རགས་སོགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་པར་དང༌། ཕྱི་དོན་འཇོག་ཅིང་ཀུན་གཞི་དང་རང་རིག་ཁས་མི་ལེན་པའི་ཐུན་མོང་མིན་པའི་ཁྱད་པར་དང༌། རང་རྒྱུད་ཁས་མི་ལེན་པའི་ཐུན་མོང་མིན་པའི་ཁྱད་པར་བཤད་པའོ། །དང་པོ་༼བདག་མེད་རྟོགས་པ་དང་བདག་འཇིན་ཕྲ་རགས་སོགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་པར་༽ནི།

གཉིས་པ་༼ཕྱི་དོན་འཇོག་ཅིང་ཀུན་གཞི་དང་རང་རིག་ཁས་མི་ལེན་པའི་ཐུན་མོང་མིན་པའི་ཁྱད་པ་༽ནི།

གསུམ་པ་༼རང་རྒྱུད་ཁས་མི་ལེན་པའི་ཐུན་མོང་མིན་པའི་ཁྱད་པར་བཤད་པ་༽ལ་གཉིས། རང་རྒྱུད་བཀག་པའི་བྱུང་ཚུལ་དང་དེའི་དོན་ཇི་ལྟར་བཤད་པའི་གཞན་ལུགས་དང༌། རང་ལུགས་ཀྱི་བསྒྲུབ་བྱ་སྒྲུབ་པའི་རྟགས་ཡོད་པ་དང་རང་རྒྱུད་ཀྱི་རྟགས་མེད་ཚུལ་ལོ། །དང་པོ་༼རང་རྒྱུད་བཀག་པའི་བྱུང་ཚུལ་དང་དེའི་དོན་ཇི་ལྟར་བཤད་པའི་གཞན་ལུགས་༽ནི།

གཉིས་པ་༼རང་ལུགས་ཀྱི་བསྒྲུབ་བྱ་སྒྲུབ་པའི་རྟགས་ཡོད་པ་དང་རང་རྒྱུད་ཀྱི་རྟགས་མེད་ཚུལ་༽ལ་གཉིས། རྟགས་ཀྱིས་བསྒྲུབ་བྱ་སྒྲུབ་པ་ཡོད་ཚུལ་དང༌། རང་རྒྱུད་ཀྱི་རྟགས་ཁས་མི་ལེན་པའི་ཚུལ་ལོ། །དང་པོ་༼རྟགས་ཀྱིས་བསྒྲུབ་བྱ་སྒྲུབ་པ་ཡོད་ཚུལ་༽ནི།

གཉིས་པ་༼རང་རྒྱུད་ཀྱི་རྟགས་ཁས་མི་ལེན་པའི་ཚུལ་༽ནི།

གསུམ་པ་༼ཚུལ་དེ་ལ་མདོ་སྡེ་རྣམས་དང་འགལ་བ་སྤང་བ་༽ལ་གཉིས། དགོངས་འགྲེལ་དང་འགལ་བ་སྤང་བ་དང༌། དེ་དང་བྱམས་ཞུས་ཀྱི་ལེའུ་གཉིས་མི་མཚུངས་པར་བསྟན་པའོ། །དང་པོ་༼དགོངས་འགྲེལ་དང་འགལ་བ་སྤང་བ་༽ནི།

གཉིས་པ་༼དེ་དང་བྱམས་ཞུས་ཀྱི་ལེའུ་གཉིས་མི་མཚུངས་པར་བསྟན་པ་༽ནི།

གཉིས་པ་༼དོན་དམ་དུ་གྲུབ་པ་འགོག་པའི་རིགས་པའི་གཙོ་བོ་གང་ཡིན་བསྟན་པ་༽ལ་གསུམ། རིགས་པའི་གཙོ་བོ་ངོས་བཟུང་བ་དང༌། དེས་རང་མཚན་འགོག་ཚུལ་དང༌། བཀག་པའི་རང་བཞིན་མེད་པར་བསྒྲུབ་པ་ཡིན་མིན་བསམ་པའོ། །དང་པོ་༼རིགས་པའི་གཙོ་བོ་ངོས་བཟུང་བ་༽ནི།

གཉིས་པ་༼དེས་རང་མཚན་འགོག་ཚུལ་༽ནི།

གསུམ་པ་༼བཀག་པའི་རང་བཞིན་མེད་པར་བསྒྲུབ་པ་ཡིན་མིན་བསམ་པ་༽ནི།

དེབ་ཕྲེང་འདི་ཡི་ཁོངས་གཏོགས་འཕྲུལ་དེབ་གཞན།