རིགས་པ་དྲུག་ཅུ་པའི་ཟིན་བྲིས་རྗེའི་གསུང་བཞིན་རྒྱལ་ཚབ་ཆོས་རྗེས་བཀོད་པ་བཞུགས་སོ།།

Notes to Nagarjuna’s Sixty Stanzas on Reasoning

རང་སྡེ་བྱེ་བྲག་ཏུ་དགག་པའི་བསྟན་ཅོས་རིགས་པ་དྲུག་ཅུ་པའི་ཚིག་ལེའུར་བྱས་པ་ནི་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པའི་དབུ་མ་རིགས་ཚོགས་ལྔའི་ཡ་གྱལ་ཞིག་ཡིན། གཞུང་འདི་ནི་བསྟན་བཅོས་དེའི་དགོངས་པ་རྗེ་ཙོང་ཁ་པ་ཆེན་པོས་ཇི་ལྟར་བཀྲལ་བ་བཞིན་ཉིད་ཀྱི་དངོས་སློབ་རྒྱལ་ཚབ་ཆོས་རྗེས་ཟིན་བྲིས་སུ་བཀོད་པའོ།།

དཀར་ཆག་མེད།

རྗེ་བཙུན་དམ་པ་རྣམས་ལ་ཕྱག་འཚལ་ལོ། །རིགས་པ་དྲུག་ཅུ་པའི་ཚིག་ལེའུར་བྱས་པ་ལ་གསུམ། བསྟན་བཅོས་རྩོམ་པའི་སྔོན་འགྲོ་མཆོད་བརྗོད། བརྩམ་པར་དམ་བཅའ་བ་གཞུང་དངོས། བརྩམས་པའི་དགེ་བ་བྱང་ཆུབ་ཏུ་བསྔོ་བའོ། །དང་པོ་ནི།

གཉིས་པ་ལ་མདོར་བསྟན་པ། རྒྱས་པར་བཤད་པ། དོན་བསྡུ་བའོ། །དང་པོ་ལ་གསུམ། མཐའ་བྲལ་དུ་བསྟན་པ། དེ་རྟོགས་ཡེ་ཤེས་སྲིད་པ་ལས་གྲོལ་བའི་ལམ་དུ་བསྟན་པ། དེ་གོམས་པས་འབྲས་བུ་ཐོབ་ཚུལ་ལོ། །དང་པོ་ལ། རྟེན་འབྲེལ་ཟབ་མོ་གང་གིས་རྟོགས་པ་དང༌། ཟབ་མོ་མཉན་པར་གདམས་པ་དང༌། ཡོད་མཐའ་འགོག་པའི་རིགས་པ་བསྟན་པའོ། །དང་པོ་ནི།

གཉིས་པ་ལ་མེད་ལྟ་འགོག་པའི་རིགས་པ་བཤད་ཟིན་དྲན་པ་ལ་སྦྱོར་བ། ཡོད་ལྟ་འགོག་པའི་རིགས་པ་མཉན་པར་གདམས་པའོ། །དང་པོ་ནི།

གཉིས་པ་ལ། མཐར་འཛིན་གྱི་ལྟ་བ་སྲིད་པ་ལས་མི་གྲོལ་བར་བསྟན། མཐའ་བྲལ་རྟོགས་པ་གྲོལ་བར་བསྟན། རྩོད་པ་སྤང་བའོ། །དང་པོ་ནི།

གཉིས་པ་རྒྱས་བཤད་ལ། འབྲས་བུ་ཐོབ་ཚུལ། གཞི་གཏན་ལ་དབབ་པ། ལམ་ལ་འཇུག་ཚུལ་ལོ། །དང་པོ་ལ། ཉན་ཐོས་སྡེ་པའི་ལུགས་ལ་མྱང་འདས་ཐོབ་པ་མི་འཐད་པར་བསྟན་པ། རང་ལུགས་འཐད་པར་བསྟན་པའོ། །དང་པོ་ལ། མྱང་འདས་སྤྱིར་བསྟན། བྱེ་བྲག་ཏུ་དགག་པའོ། །དང་པོ་ལ། མྱང་འདས་མངོན་དུ་བྱས་པ་མི་འཐད་པར་ཐལ་བ། ཟད་མི་ཤེས་མི་འཐད་པར་ཐལ་བའོ། །དང་པོ་ནི།

གཉིས་པ་ལ་ལྷག་བཅས་དང༌། ལྷག་མེད་ཀྱི་མྱང་འདས་དགག་པའོ། །དང་པོ་ནི།

རང་བཞིན་མེད་པའི་ལྟ་བ་གོམས་པར་བྱས་པ་ལ་བརྟེན་ནས་མྱང་འདས་ཐོབ་པར་འཐད་པ་དང༌། འགོག་པ་དེ་སྒྱུ་མ་ལྟ་བུར་བསྟན་པའོ། །དང་པོ་ལ། མྱང་འདས་མངོན་དུ་བྱས་པའི་དུས། ཆོས་ཉིད་རྟོགས་པའི་ཡེ་ཤེས་ལ་ངོ་བོས་བྱས་པའི་དབྱེ་བ་མེད་པར་བསྟན་པའོ། །དང་པོ་ནི།

གཉིས་པ་ལ། འགོག་པ་རྫས་གྲུབ་དགག །སྒྱུ་མ་ལྟ་བུའི་འགོག་པ་སྒྲུབ་པའོ། །དང་པོ་ནི།

གཉིས་པ་ལ། དཔེ་དོན་སྒོ་ནས་མདོར་བསྟན། རྒྱས་པར་བཤད་པའོ། །དང་པོ་ནི།

གཉིས་པ་ལ། དཔེ་བཤད། དོན་བཤད་པའོ། །དང་པོ་ནི།

གཞི་གཏན་ལ་དབབ་པ་ལ། འདུས་བྱས་རང་བཞིན་གྱིས་མེད་པར་བསྟན་པ་དང༌། དེ་གཞན་ལ་ཇི་ལྟར་འཆད་པའི་ཚུལ། དེ་རྒྱལ་བའི་དགོངས་པར་སྒྲུབ་པ། ཞར་ལ་ལྟ་བའི་དབྱེ་བ་བསྟན་པའོ། །དང་པོ་ལ། སྐྱེ་འཇིག་རང་བཞིན་གྱིས་གྲུབ་པ་དགག །སྐྱེ་འཇིག་གསུངས་པའི་དགོས་པ། དོན་དེ་ཉིད་ངེས་པར་བྱ་བའོ། །དང་པོ་ལ་རྒྱས་པར་བཤད། དོན་བསྡུ་བའོ། །དང་པོ་ལ་སྐྱེ་བ་དགག །འཇིག་པ་དགག་པའོ། །དང་པོ་ནི།

དོན་དེ་ཉིད་ངེས་པར་བྱ་བ་ལ། རང་བཞིན་མེད་པ་རྟོགས་པའི་ཕན་ཡོན། མ་རྟོགས་པའི་ཉེས་དམིགས། འཕགས་པ་རྣམས་ཀྱིས་རིམ་པ་ཇི་ལྟར་གཟིགས་པའི་ཚུལ། དེའི་ཤེས་བྱེད་དོ། །དང་པོ་ནི།

གསུམ་པ་ལ། མཛད་པ་མཐར་ཕྱིན་པའི་འཕགས་པ་རྣམས་ཀྱིས་གཟིགས་ཚུལ། མགོན་པོ་ཀླུ་སྒྲུབ་རང་ཉིད་ཀྱིས་གཟིགས་པའི་ཚུལ་ལོ། །དང་པོ་ནི།

བཞི་པ་ལ་ལུང་གི་ཤེས་བྱེད་དང༌། རིགས་པའི་ཤེས་བྱེད་དོ། །དང་པོ་ནི།

དེ་གཞན་ལ་ཇི་ལྟར་འཆད་པའི་ཚུལ་ལ། འཆད་པའི་རིམ་པ་དེ་ལས་ལོག་པར་བཤད་པའི་ཉེས་དམིགས། དེའི་གཉེན་པོའོ། །དང་པོ་ནི།

དེ་རྒྱལ་བའི་དགོངས་པར་སྒྲུབ་པ་ལ། ཕུང་སོགས་གསུངས་པ་དྲང་དོན་དུ་བསྟན། སྐྱེ་མེད་གསུངས་པ་ངེས་དོན་དུ་སྒྲུབ་པའོ། །དང་པོ་ལ་ཕུང་སོགས་གསུངས་པའི་དགོས་པ། དེའི་ཤེས་བྱེད་དོ། །དང་པོ་ནི།

གཉིས་པ་ལ་རིགས་པའི་ཤེས་བྱེད། ལུང་གི་ཤེས་བྱེད་དོ། །དང་པོ་ནི།

མ་རིག་པ་ལ་སྣང་བས་རང་བཞིན་མེད་པ། མ་རིག་པའི་རྗེས་སུ་འགྲོ་ལྡོག་བྱེད་པས་རང་བཞིན་མེད་པ་དང༌། སྐྱེ་འཇིག་གནས་གསུམ་རྒྱུ་ལ་བལྟོས་པས་རང་བཞིན་མེད་པའོ། །དང་པོ་ལ་ནི།

གཉིས་པ་ལ། རྗེས་འགྲོ་དང༌། ལྡོག་པའོ། །དང་པོ་ནི།

ཞར་ལ་ལྟ་བའི་དབྱེ་བ་བསྟན་པ་ལ། དངོས་དང༌། མཐར་ལྟའི་གཞན་དབང་དུ་འགྱུར་མི་འགྱུར་བསྟན་པའོ། །དང་པོ་ལ།

གཉིས་པ་ལ། རང་བཞིན་གྱིས་གྲུབ་པ་ཁས་བླངས་པ་ལ་མཐར་ལྟའི་གཞན་དབང་དུ་འགྱུར་བ་དང༌། རང་བཞིན་མེད་པར་སྨྲ་བ་ལ་དེའི་དབང་དུ་མི་འགྱུར་བར་བསྟན་པའོ། །དང་པོ་ལ་གཞན་སྡེ་འགྱུར་ཚུལ་དང༌། རང་སྡེ་འགྱུར་ཚུལ་ལོ། །དང་པོ་ནི།

ལམ་ལ་འཇུག་པའི་ཚུལ་ལ། གང་གིས་འཁོར་བར་འཇུག་པ་དང་ལྡོག་པའི་རྒྱུ། གང་འཁོར་བར་འཇུག་པ་དང་ལྡོག་པའི་རྟེན་གྱི་གང་ཟག་གོ །དང་པོ་ལ། མདོར་བསྟན། རྒྱས་བཤད་དོ། །དང་པོ་ལ། འཁོར་བར་འཇུག་ཚུལ། ལྡོག་ཚུལ། ལྡོག་བྱེད་ཀྱི་རྒྱུ་གང་ལ་བརྟེན་ནས་ངོས་བཟུང་བའོ། །དང་པོ་ནི།

རྒྱས་པར་བཤད་པ་ལ། ལོག་ཤེས་ཀྱི་སྒོ་ནས་འཇུག་ལྡོག་བྱེད་པའི་ཚུལ། དམིགས་པའི་སྒོ་ནས་འཇུག་ལྡོག་བྱེད་པའི་ཚུལ། བརྩེ་བར་བྱས་པའི་ཁྱད་པར་བསྟན་པའོ། །དང་པོ་ལ། འཁོར་བར་འཇུག་ཚུལ་དང༌། ལྡོག་ཚུལ་ལོ། །དང་པོ་ནི།

གཉིས་པ་ལ། ལྡོག་ཚུལ་དང༌། འཇུག་ཚུལ་ལོ། །དང་པོ་ནི།

གསུམ་པ་ལ། བདེན་འཛིན་གྱིས་བཅིངས་པ་ལ་བརྩེ་བར་བྱ་བར་བསྟན། འཕགས་པ་རྣམས་དེ་ལས་ལོག་པར་བསྟན་པའོ། །དང་པོ་ནི།

གང་འཁོར་བར་འཇུག་པ་དང༌། ལྡོག་པ་པོའི་རྟེན་ངོས་བཟུང་བ་ནི།

དོན་བསྡུ་བ་ནི། གཞི་མཐའ་བྲལ་དུ་རྟོགས་པས་གྲོལ་བར་བསྟན། དགག་བྱ་མ་དམིགས་པས་གྲོལ་བར་བསྟན། དགག་པ་དམིགས་པས་གྲོལ་བར་བསྟན་པའོ། །དང་པོ་ནི།

གསུམ་པ་བརྩམས་པའི་དགེ་བ་བྱང་ཆུབ་ཏུ་བསྔོ་བ་ནི།

དེབ་ཕྲེང་འདི་ཡི་ཁོངས་གཏོགས་འཕྲུལ་དེབ་གཞན།