གངས་ཅན་བོད་ཆེན་པོའི་རྒྱལ་རབས་འདུས་གསལ་དུ་བཀོད་པ་སྔོན་མེད་དྭངས་ཤེལ་འཕྲུལ་གྱི་མེ་ལོང་ཞེས་བྱ་བ་བཞུགས་སོ། །

The Crystal Mirror of Clear Understanding: A New and Comprehensive History of Greater Tibet, the Land of Snows

«གངས་ཅན་བོད་ཆེན་པོའི་རྒྱལ་རབས་འདུས་གསལ་དུ་བཀོད་པ་སྔོན་མེད་དྭངས་ཤེལ་འཕྲུལ་གྱི་མེ་ལོང་» ཞེས་བྱ་བ་ནི་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་མཆོག་གིས་ལྕགས་མོ་གླང་སྟེ་སྤྱི་ལོ་ 1961 ལ་མགོ་བརྩམས་ཤིང་། ས་ཕོ་རྟ་སྟེ་སྤྱི་ལོ་ 1978 ལ་འཇུག་བསྡུ་བར་མཛད། གཞུང་འདིའི་བརྗོད་དོན་སྙིང་པོ་ནི། བོད་རྗེ་ཐོག་མ་གཉའ་ཁྲི་བཙན་པོ་ནས་བཟུང་རིམ་བཞིན་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་། ཁྱད་པར་དུ་བོད་དུ་སངས་རྒྱས་ཀྱི་བསྟན་པ་ཇི་ལྟར་དར་ཚུལ། ཆོས་སྲིད་ཟུང་འབྲེལ་གྱི་མཛད་པ་བཅས་གསལ་བར་སྟོན་རྒྱུ་དེ་ཡིན། དེ་ཡང་གཙོ་བོ་དུམ་བུ་གསུམ་དུ་ཕྱེ་ནས་བསྟན་ཡོད་དེ། དུམ་བུ་དང་པོ། སྔ་དར་གྱི་སྐབས། བོད་སྤྱི་ལ་དབང་བའི་རྒྱལ་པོ་ཐོག་མ་གཉའ་ཁྲི་བཙན་པོ་ནས་རྒྱལ་པོ་གླང་དར་མའི་བར་ཏེ། ཐོག་མ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་དུས་སུ་དམ་པའི་ཆོས་ཀྱི་དབུ་བརྙེས་པ་དང་། ཁྱད་པར་དུ་ཆོས་རྒྱལ་མེས་དབོན་རྣམ་གསུམ་སོགས་ཀྱིས་བོད་ཡིག་གསར་བཟོ་དང། མཁན་སློབ་ཆོས་གསུམ་གདན་དྲངས་ནས་བསམ་ཡས་གཙུག་ལག་ཁང་བཞེངས་པ། དམ་པའི་ཆོས་བསྒྱུར་བ། དགེ་བ་བཅུའི་ཁྲིམས་ལུགས་སྲོལ་བཏོད་ཚུལ་སོགས་ཀྱི་ལོ་རྒྱུས་གསལ་བར་བསྟན་ཡོད། དུམ་བུ་གཉིས་པ་བར་དར་གྱི་སྐབས་སུ་ས་སྐྱ་དང་། ཕག་གྲུ། རིན་སྤུངས། སྡེ་པ་གཙང་པ་རྣམས་ཀྱིས་བོད་ཆོལ་ཁ་ཡོངས་ལ་ཆབ་སྲིད་དབང་བསྒྱུར་བྱུང་ཚུལ་བསྟན་པ་དང་། དུམ་བུ་གསུམ་པ་ཕྱི་དར་གྱི་སྐབས་སུ་རྒྱལ་དབང་སྐུ་ཕྲེང་དང་པོ་ནས་རིམ་བྱོན་གྱི་སྐོར་དང་། དགའ་ལྡན་ཕོ་བྲང་པས་བོད་ཁམས་སྤྱིར་དབང་བསྒྱུར་ཚུལ་བཅས་བསྟན་ཡོད།

དཀར་ཆག

གླེང་བརྗོད།

བདུད་འཇོམས་རིན་པོ་ཆེའི་རྣམ་ཐར།

༈ རྒྱལ་རབས་དྭངས་ཤེལ་འཕྲུལ་གྱི་མེ་ལོང་།

དབུ་མ་ལོ་རིམ་གཉིས་པའི་སློབ་ཚན།

རྒྱལ་རབས་དྭངས་ཤེལ་འཕྲུལ་གྱི་མེ་ལོང་།

དུམ་བུ་དང་པོ། སྔ་དར་གྱི་སྐབས།

ཐོག་མ་དུད་འགྲོའི་གླིང་དུ་གྲགས་ཚུལ།

བར་དུ་མི་མ་ཡིན་གཞན་གྱི་ཡུལ་དུ་གྱུར་ཚུལ།

མཐའ་མ་མིའི་ཡུལ་དུ་གྱུར་ཚུལ།

བོད་ཀྱི་རྒྱལ་པོ་ཐོག་མ་གཉའ་ཁྲི་བཙན་པོ།

མུ་ཁྲི་བཙན་པོ་སོགས་རྒྱལ་པོ་དྲུག

གྲི་གུམ་བཙན་པོ།

བྱ་ཁྲི་བཙན་པོའམ་པུ་དེ་གུང་རྒྱལ།

སའི་ལེགས་དྲུག

བར་ལ་ལྡེ་བརྒྱད།

ཏོ་རེ་ལོང་བཙན་སོགས་རྒྱལ་པོ་བཞི།

བོད་རྒྱལ་ལྷ་ཐོ་ཐོ་རི་གཉན་བཙན་སྐབས་དམ་པའི་ཆོས་ཀྱི་དབུ་བརྙེས་ཚུལ།

བར་གྱི་སྟེང་གསུམ།

གནམ་རི་སྲོང་བཙན།

ཆོས་རྒྱལ་སྲོང་བཙན་སྒམ་པོ།

སྐུ་བལྟམས་པ།

རྒྱལ་པོ་ཁྲི་ལ་མངའ་གསོལ་བ།

བོད་ཡིག་བྱུང་ཚུལ།

ཁྲིམས་ལུགས་གཏོད་པ།

ཡི་དམ་གྱི་སྐུ་བཞེངས་པའི་སྐོར།

བལ་བཟའ་ཁྲི་བཙུན་དང་རྒྱ་བཟའ་ཀོང་ཇོ་ཁབ་ཏུ་བཞེས་པ་སོགས་ཀྱི་སྐོར།

བལ་བཟའ་ཁྲི་བཙུན་སྤྱན་འདྲེན་ཞུ་བའི་སྐོོར།

བལ་བཟས་དམག་གིས་མི་བརྫི་བའི་ཕོ་བྲང་བཞེེངས་པའི་སྐོར།

རྒྱ་བཟའ་ཀོང་ཇོ་གདན་འདྲེན་ཞུ་བའི་སྐོོར།

བཙུན་མོ་གཞན་གསུམ་བསུ་བ།

ལྷ་ཁང་བཞེངས་པའི་ས་གཞིའི་གོ་རིམ་དང་ས་དཔྱད་ཀྱི་གལ་ཆེན་སྟོན་པ།

བོད་ཡུལ་གྱི་ས་བཀོད་དེ་ས་དཔྱད་དང་ས་བཅོས་ཀྱི་ཐབས་ལམ་གསལ་བ

ར་མོ་ཆེའི་ཇོ་བོ་སྤྱན་རས་གཟིགས་ཀྱི་སྐུ་བརྙན་བཞེངས་པའི་སྐོར།

བོད་ཀྱི་ལྷ་ཁང་སྔ་ཤོས་བྱམས་པ་མི་འགྱུར་བའི་ལྷ་ཁང་བཞེངས་པའི་སྐོར།

ར་སའི་གཙུག་ལག་ཁང་བཞེངས་པའི་སྐོར།

གུང་རི་གུང་བཙན་དང་མང་སྲོང་མང་བཙན་གྱི་སྐོར།

ཕྱི་རབས་གདུལ་བྱ་ལ་ཞལ་ཆེམས་སྩལ་ཏེ་ཞི་བར་གཤེགས་ཚུལ།

དབོན་སྲས་མང་སྲོང་གིས་རྒྱལ་སྲིད་བསྐྱངས་ཚུལ།

འདུས་སྲོང་མང་རྗེ་དང་ཁྲི་ལྡེ་གཙུག་བརྟན་གྱི་སྐོར།

དབུ་མ་ལོ་རིམ་གསུམ་པའི་སློབ་ཚན།

ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན།

སྐུ་འཁྲུངས་ནས་རྒྱལ་པོར་མངའ་གསོལ་ཚུལ།

རྒྱ་གར་ནས་མཁན་སློབ་གདན་འདྲེན་ཞུ་བའི་སྐོར།

མཁན་ཆེན་ཞི་འཚོ་གདན་འདྲེན་ཞུ་བའི་སྐོར།

སློབ་དཔོན་པད་འབྱུང་གདན་འདྲེན་ཞུ་བའི་སྐོར།

མཁན་སློབ་ཆོས་གསུམ་པོ་མཆོད་རྟེན་བྱ་རུང་ཁ་ཤོར་དང་འབྲེལ་ཚུལ།

སློབ་དཔོན་པདྨ་འབྱུང་གནས་ཀྱིས་བོད་ཡུལ་གྱི་ལྷ་འདྲེ་བཏུལ་བའི་སྐོར།

མཁན་སློབ་ཆོས་གསུམ་ཞལ་འཛོམས་པས་བསམ་ཡས་བཞེངས་ཚུལ།

གཙུག་ལག་ཁང་གི་བཟོ་བཀོད་དང་ནང་བཀོད་ལྷ་སྐུ་རྟེན་སོགས་ཀྱི་སྐོར།

ཆོས་རྒྱལ་ཁྲི་སྲོང་གི་བཙུན་མོ་ལྔས་ལྷ་ཁང་བཞེངས་པའི་སྐོར།

བསམ་ཡས་གཙུག་ལག་ཁང་རབ་གནས་བྱ་ཚུལ།

གཙུག་ལག་ཁང་འདིའི་དཀོར་བདག་སྲུང་མ་བཀོད་ཚུལ།

རྒྱ་བོད་ཀྱི་པཎྜི་ཏ་དང་ལོ་ཙཱ་བ་ཞལ་འཛོམས་ཤིང་དམ་ཆོས་བསྒྱུར་ཚུལ།

བོད་ཀྱི་རབ་བྱུང་ལ་སྔ་བ་སད་མི་མི་བདུན་དང་རིམ་པར་རབ་ཏུ་འབྱུང་ཚུལ།

བོན་གྱི་ལུགས་རྩོད་གླེང་དང་རྫུ་འཕྲུལ་གྱིས་ཕམ་པར་མཛད་པའི་སྐོར།

ངོ་ལོག་པ་དབང་དུ་འདུས་པའི་ལོ་རྒྱུས་མདོར་བསྡུས།

ཕྱོགས་བཞིའི་དམག་དགེ་སྤྱོད་ཀྱིས་དབང་དུ་འདུས་ཤིང་སློབ་དཔོན་པདྨས་མན་ངག་བརྒྱ་རྩ་བརྒྱད་གཏེར་དུ་སྦས་པའི་སྐོར།

ལྷ་ལྕམ་པདྨ་གསལ་ཚེའི་འདུས་བྱས་པས་སློབ་དཔོན་གྱིས་ལུང་བསྟན་སྐོར།

སློབ་དཔོན་པདྨས་ཚེ་དབང་བསྐུར་བས་ཆོས་རྒྱལ་དགུང་ལོ་བཅུ་གསུམ་བསྲིང་ཚུལ།

སློབ་དཔོན་པདྨའི་མཐུས་བོད་ཡུལ་བཟང་པོར་བྱས་ཏེ་འབངས་བདེ་བ་དང་མ་འོངས་ལུང་བསྟན་བསྩལ་བའི་སྐོར།

སློབ་དཔོན་པདྨས་ངོ་མཚར་ཅན་གྱིི་བཀོད་པ་མཐའ་ཡས་པ་བཞག་པའི་སྐོར།

ཆོས་རྒྱལ་གྱིས་བཀའ་གཙིགས་བཅས་པའི་སྐོར།

མདོར་བསྡུས་བསམ་ཡས་ཀྱི་རྡོ་རིང་ལ་བརྐོས་པའི་གཙིགས་ཡིག

བློན་པོའི་རིམ་ལུགས་དང་ཁྲིམས་སྲོལ་གྱི་སྐོར།

མཁན་པོས་དབུ་མ་རྒྱན་དང་ཆོས་རྒྱལ་གྱིས་གཞུང་ཚན་ཆེ་བ་དང་ཆུང་བའི་བསྟན་བཅོས་དུ་མ་མཛད་པའི་སྐོར།

མུ་ཏིག་བཙན་པོ་སོགས་དང་རྒན་བར་གཞོན་གསུམ་སྟེ་ལོ་ཙཱ་བ་རབ་དགུས་བསྟན་བཅོས་མང་དུ་མཛད་པའི་སྐོར།

མཁན་ཆེན་བོ་དྷི་སཏྭ་སྐུ་གཤེགས་ཚུལ།

སློབ་དཔོན་ཀཱ་མ་ལ་ཤཱི་ལ་གདན་དྲངས་ཏེ་ཧ་ཤང་མ་ཧཱ་ཡ་ན་ཕམ་པར་མཛད་པའི་སྐོར།

རྒྱལ་པོ་ཞི་བར་གཤེགས་པ་དང་སྲས་ཀྱིས་རྒྱལ་སྲིད་བསྐྱངས་ཚུལ།

སྲས་ཆུང་བ་མུ་ཏིག་བཙན་པོས་རྒྱལ་སྲིད་བསྐྱངས་པའི་སྐོར།

སློབ་དཔོན་པདྨ་འབྱུང་གནས་བོད་ནས་སྲིན་ཡུལ་དུ་ཕེབས་པའི་སྐོར།

སྔར་གྲི་གུམ་བཙན་པོའི་སྲས་གསུམ་གྱི་སྐོར་བཀའ་གཙིགས་ཀྱི་རྡོ་རིང་ལོག་ཁར་སྣང་ཚུལ།

མངའ་བདག་ཁྲི་རལ་པ་ཅན་གྱིས་ཆོས་སྲིད་བསྟན་པ་བསྐྱངས་ཚུལ།

བཀའ་གཙིགས་ཀྱི་ཡི་གེ་ལྷ་སའི་རྡོ་རིང་ལས་བཤུས་པ།

ཆོས་ཀྱི་བརྡ་བོད་སྐད་ལ་མ་གྲགས་པ་དང་སྔར་བསྒྱུར་བ་ཐམས་ཅད་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་ཚུལ།

རྒྱལ་པོས་བཀས་བཅད་རྣམ་པ་གསུམ་མཛད་ཚུལ།

བཀྲ་ཤིས་དགེ་འཕེལ་གྱི་གཙུག་ལག་ཁང་བཞེངས་པའི་སྐོར།

རྒྱལ་པོ་མངའ་བདག་ཁྲི་རལ་པ་ཅན་བཀྲོངས་ཚུལ།

རྒྱལ་པོ་གླང་དར་མས་རྒྱལ་སྲིད་བཟུང་ཞིང་དམ་ཆོས་བསྣུབས་པའི་ཚུལ།

ཤཱཀྱའི་དགེ་སློང་ལྷ་ལུང་དཔལ་གྱི་རྡོ་རྗེས་སྡིག་ཅན་རྒྱལ་པོ་བསྒྲལ་ཚུལ།

བོད་སྤྱི་ལ་དབང་བའི་རྒྱལ་པོ་མེད་པར་བོད་སིལ་བུར་གནས་པའི་སྐབས།

བླ་ཆེན་དགོངས་པ་རབ་གསལ་སོགས་ཀྱིས་བསྟན་པ་ཕྱི་དར་དབུ་འཛུགས།

བོད་དུ་དུས་འཁོར་ཐོག་མ་དང་རབ་བྱུང་དང་པོ་འགོ་འཛུགས་པ་དང་བཀའ་གདམས་དང་བཅས་གསར་མ་བ་རྣམས་བརྒྱུད་ཚུལ།

དབུ་མ་ལོ་རིམ་བཞི་པའི་སློབ་ཚན།

དུམ་བུ་གཉིས་པ། བར་དར་གྱི་སྐོར།

ས་སྐྱ་པའི་སྐབས།

ས་སྐྱ་པཎྜི་ཏ་འཇམ་མགོན་ཀུན་དགའ་རྒྱལ་མཚན།

ཧོར་རྒྱལ་གྱིས་འགྲོ་མགོན་ཆོས་རྒྱལ་འཕགས་པར་བོད་ཀྱི་སྲིད་དབང་ཕུལ་བས་ས་སྐྱ་པ་དང་རིས་མེད་ཀྱི་བསྟན་པ་བསྐྱངས་ཚུལ

རིམ་བཞིན་ས་སྐྱ་པའི་བླ་དཔོན་རྣམས་ནས་བོད་ཆོལ་ཁ་ཡོངས་རྫོགས་ལ་མངའ་དབང་བསྒྱུར་ཚུལ།

བོད་ཆོལ་ཁ་གསུམ་དང་བོད་ཁྲི་སྐོར་བཅུ་གསུམ་ངོས་འཛིན་ཚུལ།

ཕག་གྲུའི་སྐབས།

ཕག་འབྲི་ཚལ་གསུམ་ལས་ཚལ་པའི་ཁྲི་དཔོན་རིམ་བྱོན།

འབྲི་གུང་བཀའ་བརྒྱུད་པའི་སྐོར།

ས་སྐྱ་པ་བྱང་པ་བདག་པོའི་གདུང་རྒྱུད་ཀྱི་འབྱུང་རིམ།

རླངས་ཀྱི་གདུང་རབས་བྱུང་ཚུལ།

ཏཱའི་སི་ཏུ་བྱང་ཆུབ་རྒྱལ་མཚན་ཁྲི་དཔོན་གྱི་གོ་སར་ཕེབས་པ

གཡའ་བཟང་བ་དང་ཕག་གྲུ་པའི་བར་གྱི་ཁ་མཆུ་བྱུང་བའི་སྐོར།

སི་ཏུས་རྫོང་ཆེན་བཅུ་གསུམ་བརྩིགས་པ་སོགས་དང་རབ་བྱུང་གི་ཚུལ་ལ་གནས་པས་ཀུན་གྱིས་སྤྱི་བོར་བཀུར་ཚུལ།

བོད་ཆོས་རྒྱལ་གོང་མའི་སྲོལ་བཟང་དགེ་བཅུས་གཞི་བཟུང་ཐོག་ཁྲིམས་ལུགས་གསར་དུ་གཏན་ལ་ཕབ་པ།

ཏཱ་སི་གཤེགས་ཤིང་འཇམ་དབྱངས་གུ་ཤྲིས་ཆབ་སྲིད་བཟུང་ཞིང་ཕག་གྲུའི་ཆབ་སྲིད་བརྒྱུད་ཚུལ།

སྲིད་ཀྱི་མངའ་ཐང་མཐའ་དག་རིན་སྤུངས་པར་ཤོར་ཚུལ།

རིན་སྤུངས་པའི་སྐབས།

སྡེ་པ་གཙང་པའི་སྐབས།

ཕར་ཕྱིན་ལོ་རིམ་དང་པོའི་སློབ་ཚན།

དུམ་བུ་གསུམ་པ། ཕྱི་དར་གྱི་སྐབས།

རྒྱལ་དབང་སྐུ་ཕྲེང་དང་པོ།

རྒྱལ་དབང་སྐུ་ཕྲེང་གཉིས་པ།

རྒྱལ་དབང་སྐུ་ཕྲེང་གསུམ་པ།

རྒྱལ་དབང་སྐུ་ཕྲེང་བཞི་པ།

རྒྱལ་དབང་སྐུ་ཕྲེང་ལྔ་པ།

རྒྱལ་དབང་སྐུ་ཕྲེང་དྲུག་པ།

རྒྱལ་དབང་སྐུ་ཕྲེང་བདུན་པ།

རྒྱལ་དབང་སྐུ་ཕྲེང་བརྒྱད་པ།

རྒྱལ་དབང་སྐུ་ཕྲེང་དགུ་པ།

རྒྱལ་དབང་སྐུ་ཕྲེང་བཅུ་པ།

རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ།

རྒྱལ་དབང་སྐུ་ཕྲེང་བཅུ་གཉིས་པ།

རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ།

རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ།

སླར་སྨྲས་པ།

མཇུག་མཆན།

ཁུངས་འདྲེན་ཡིག་ཆ།

པར་བྱང་སྨོན་ཚིག

ས་བཅད་མེད།

དེབ་ཕྲེང་འདི་ཡི་ཁོངས་གཏོགས་འཕྲུལ་དེབ་གཞན།