རྫོགས་པ་ཆེན་པོ་མན་ངག་སྡེའི་བཅུད་ཕུར་མན་ངག་ཐམས་ཅད་ཀྱི་རྒྱལ་པོ་ཀློང་ལྔའི་ཡི་གེ་དུམ་བུ་གསུམ་པ་ལྕེ་བཙུན་ཆེན་པོ་བི་མའི་ཟབ་ཏིག་གི་བཤད་ཁྲིད་ཆུ་འབབས་སུ་བཀོད་པ་སྙིང་པོའི་བཅུད་དྲིལ་ཡེ་ཤེས་ཐིག་ལེའི་དགོངས་དོན་ཇི་ལྟར་རྟོགས་པ་ཞིབ་མོར་བཤད་པ་ཀུན་བཟང་དགོངས་རྒྱན་ཞེས་བྱ་བ་བཞུགས་སོ།།

The Ornament of Samantabhadra’s Wisdom - Practice Instructions for the Chetsun Nyingtik

The Ornament of Samantabhadra’s Wisdom - Practice Instructions for the Chetsun Nyingtik
ཐེག་པ་རིམ་པ་དགུའི་ཡང་རྩེ་ཆོས་རྫོགས་པ་ཆེན་པོ་ལ་ཕྱི་སེམས་སྡེ། ནང་ཀློང་སྡེ། གསང་བ་མན་ངག་གི་སྡེ་སྟེ་སྡེ་གསུམ་ཡོད། དེ་དག་བོད་གངས་ཅན་གྱི་ལྗོངས་སུ་སྤེལ་བ་པོ་ནི་བི་མ་ལ་མི་ཏྲ། གུ་རུ་རིན་པོ་ཆེ། ལོ་ཆེན་བཻ་རོ་ཙཱ་ན་བཅས་གསུམ་ཡིན་པ་ལས། སྐབས་སུ་བབ་པ་འདི་ནི་སློབ་དཔོན་ཆེན་པོ་བི་མ་ལ་མི་ཏྲའི་གདམས་ངག་གི་བཀའ་སྲོལ་ཡིན། སྤྱིར་སེམས་ཀློང་མན་ངག་གི་སྡེ་གསུམ་གྱི་ནང་ནས་ཀྱང་ཟབ་ཤོས་དེ་མན་ངག་གི་སྡེ་ཡིན་ཅིང་། མན་ངག་གི་སྡེ་དེ་ལའང་ཕྱི་སྐོར། ནང་སྐོར། གསང་སྐོར། ཡང་གསང་གི་སྐོར་བཞི་ཡོད་པའི་ནང་ནས་ལྕེ་བཙུན་སྙིང་ཐིག་འདི་ནི་ཡང་གསང་བླ་ན་མེད་པའི་སྐོར་སྙིང་གི་ཁྲག་དྭངས་མ་ལྟ་བུ། རྫོགས་པ་ཆེན་པོའི་མན་ངག་སྡེའི་ལྟ་སྒོམ་སྤྱོད་གསུམ་གྱི་གནད་ཐམས་ཅད་ཀྱི་གབ་པ་ཕྱུངས། གཅུས་པ་བསྲང༌། འཁྲུགས་པ་བསྡེབས་ཤིང་། ཟབ་གནད་ཀྱི་བཅུད་ཕྱུངས་ཏེ་ཚིག་ཉུང༌ངུས་དོན་ཟབ་མོ་སྟོན་པ་དེ་ཉིད་འདིར་ཞིབ་པར་བཤད་པའོ།།

དཀར་ཆག་མེད།

དང་པོ་མཚན་གྱི་རྣམ་གྲངས་གསུམ་ལས།

གཉིས་པ་བཤད་རྒྱུད་མ་བུ་གཉིས་ནི།

གསུམ་པ་ཡན་ལག་གི་རྒྱུད་གཉིས་ནི།

བཞི་པ་ལུང་རིགས་གསལ་བའི་རྒྱུད་གཉིས་ནི།

ལྔ་པ་མན་ངག་གི་རྒྱུད་སྡེ་བཞི་ནི།

བདུན་པ་དགོངས་པ་རང་གནས་ཀྱི་རྒྱུད་གསུམ་ནི།

བདུན་པ་འཇུག་པ་རང་གྲོལ་གྱི་རྒྱུད་གཉིས་ནི།

བརྒྱད་པ་མཁས་པ་ཆོ་གའི་རྒྱུད་ནི།

གསུམ་པ་རླུང་གི་གནད་ནི།

བཞི་པ་རིག་པའི་གནད་ནི།

གཉིས་པ་གཞུང་དོན་མན་ངག་ཟབ་མོ་ཁྲིད་ཀྱི་ལུགས་སུ་བཤད་པ་ལ་གསུམ།

གཉིས་པ་༼ཁྱད་པར་བརྒྱུད་གསུམ་ཆིག་རྫོགས་ལྕེ་བཙུན་ཆེན་པོ་ཁོ་ན་ལ་བབ་ཚུལ་ལོ་༽ནི།

གཉིས་པ་༼ཕྱིས་ཇི་ལྟར་འབྱུང་ཚུལ་བསྟན་པའོ་༽ནི།

དེབ་ཕྲེང་འདི་ཡི་ཁོངས་གཏོགས་འཕྲུལ་དེབ་གཞན།