ས་ར་ཧའི་དོ་ཧ་སྐོར་གསུམ།

Commentaries on Saraha’s Three Cycles of Dohas, the Spiritual Songs

དོ་ཧ་སྐོར་གསུམ་གྱི་ཊཱི་ཀ་འབྲིང་པོ་འདི་ནི་ཙཱ་རི་ཏྲ་ཡེ་ཤེས་ཀྱི་འཁོར་ལོའི་གནས་ཀྱི་བྱེ་བྲག་ཅིག་ཅར་གྱི་གནས་ཆེན་མཛེས་པའི་རྒྱན་དམ་པ་མཁས་ཤིང་དངོས་གྲུབ་ཀྱིས་བརྒྱན་པའི་རྡོར་འཛིན་ཆེན་པོ་བསྟན་པ་རྒྱ་མཚོ་བས་གསེར་གྱི་མེ་ཏོག་རས་དཀར་པོའི་ཅོད་པན་དང་བཅས་པ་ཡང་ཡང་སྩལ་ཏེ་ནན་ཏན་གྱིས་བསྐུལ་བའི་བཞེད་པ་བསྐོང་བ་དང་། ཉམས་རྟོགས་ཀྱི་རྒྱན་ལྡན་རི་ཁྲོད་དབང་ཕྱུག་མང་པོ་དང་གསུང་རབ་རབ་འབྱམས་སྨྲ་བའི་བཤེས་གཉེན་དུ་མས་བསྐུལ་བའི་ངོར་དགེ་སློང་ཆོས་སྨྲ་བ་ཀརྨ་ཕྲིན་ལས་པ་མིང་དངོས་དཔལ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ལྷ་ཞེས་བྱ་བས་དཀར་པོའི་ལོ་ལ་ཡོལ་གཟིགས་ཁང་དུ་དབུ་གཙུགས་ཏེ། མཁས་གྲུབ་མང་པོའི་འབྱུང་གནས་ལེགས་བཤད་གླིང་གི་གཙུག་ལག་ཁང་དུ་ཡོངས་སུ་རྫོགས་པར་སྦྱར་བའོ།།

དཀར་ཆག་མེད།

ས་བཅད་མེད།

དེབ་ཕྲེང་འདི་ཡི་ཁོངས་གཏོགས་འཕྲུལ་དེབ་གཞན།