བསྟན་བཅོས་ཙིནྟ་མ་ཎིའི་ཕྲེང་བ་ཞེས་བྱ་བའི་རྩ་བ་བཞུགས་སོ།།

Cintamani Shastra: The Garland of Blazing Jewels

དྭགས་བརྒྱུད་བསྟན་པའི་གཙུག་རྒྱན་ཀླུ་སྒྲུབ་གཉིས་པ་སྐྱོབ་པ་འཇིག་རྟེན་གསུམ་གྱི་མགོན་པོའི་ཐུགས་དམ་གྱི་སྙིང་པོར་གྱུར་པའི་སྟན་བཅོས་འདིར། མོས་གུས་ཐང་ལྷོད་བྲལ་བའི་སྐལ་ལྡན་གཅིག འཁོར་བའི་ཆོས་ལ་རྩོལ་མེད་ངེས་འབྱུང་དང་། མ་རྒན་རིགས་དྲུག་ལ་སྙིང་རྗེ་བཟོད་མེད་ཀྱིས་རྒྱུད་བསྐུལ་ཏེ་ལུས་སེམས་དབེན་པར་ཚེ་གཅིག་ལུས་གཅིག་གིས་མཆོག་གི་དངོས་གྲུབ་བསྒྲུབ་པར་བྱེད་པ་ལ། ཐོག་མར་མཚན་ལྡན་གྱི་བླ་བཙལ་ནས་སྨིན་ལམ་དབང་གི་རིམ་པ་དང་། འགྲོལ་ལམ་ཟབ་མོ་ལྔ་ལྡན་གྱི་ཁྲིད་ཀྱི་རིམ་པ་རྣམས་ལེགས་པར་ཞུས་ནས། བརྒྱུད་པ་གོང་མས་བྱིན་གྱིས་རླབས་ཤིང་བླ་མའི་ལུང་གིས་བསྔགས་པའི་དབེན་གནས་ཉམས་དགའ་བར་བསྐྱེད་རྫོགས་ཟབ་མོ་ལ་རྩེ་གཅིག་སྒྲུབ་པ་བྱས་པས་བླ་མ་དང་རང་སེམས་སངས་རྒྱས་གསུམ་ངོ་བོ་དབྱེར་མེད་ཏུ་རྟོགས་པའི་གདེང་རྙེད་ནས་སྒྲིབ་གསུམ་བག་ཆགས་དང་བཅས་པ་དྲུངས་ནས་ཕྱུང་སྟེ་བདུད་བཞི་བཅོམ་པས་འབྲས་བུ་སྐུ་བཞི་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་བྱ་བའི་ཚུལ་དང་། རྒྱུ་ལམ་འབྲས་གསུམ་གྱི་གེགས་སེལ་དང་བོགས་འདོན་གྱི་མན་ངག་བཅས་ལམ་ཚང་ལ་མ་ནོར་བར་བསྟན་པའོ།།

དཀར་ཆག་མེད།

མཆོད་པར་བརྗོད་པ།

བཤད་པར་དམ་བྱ་བ་ནི།

འཁོར་བའི་གནས་ལུགས།

མྱ་འདས་པའི་གནས་ལུགས།

བླ་མའི་མཚན་ཉིད།

ལམ་སྤྱིའི་མཚན་ཉིད།

རྡོ་རྗེའི་ཐེག་པའི་ལམ་གྱི་བགྲོད་ལུགས།

གསུམ་པ་མ་བསྒྱུར་བའི་ཉེས་དམིགས།

གདམས་པ་མཆོག་ཏུ་གྱུར་པ།

བྱང་ཆུབ་ཀྱི་སེམས།

ཡིད་དམ་གྱི་བསྐྱེད་རིམ།

རྫོགས་པའི་རིམ་པ།

ཕྱག་རྒྱ་ཆེན་པོ།

རྒྱུའི་གེགས་སེལ།

ལམ་གྱི་གེགས་སེལ།

འབྲས་བུའི་གེགས་སེལ།

མཇུག་གི་དོན།

དེབ་ཕྲེང་འདི་ཡི་ཁོངས་གཏོགས་འཕྲུལ་དེབ་གཞན།