བྱང་ཆུབ་སྤྱོད་པའི་གཞུང་འགྲེལ་གསལ་བའི་མེ་ལོང་བཞུགས་སོ།།

A Clear Mirror - A Commentary to the Way of the Bodhisattva

ཐེག་ཆེན་འཕགས་པའི་ལམ་ཟབ་ཅིང་ཡངས་པ་རྒྱ་མཚོ་ལྟ་བུའི་སྙིང་བཅུད། དུས་གསུམ་བདེ་བར་གཤེགས་པ་སྲས་དང་བཅས་པའི་བགྲོད་པ་གཅིག་པུའི་ལམ་མཆོག་ལས་བཏུས་ཤིང་ཐེག་ཆེན་བྱང་ཆུབ་སྤྱོད་པའི་ཕྱོགས་སུ་གཏོགས་པའི་གཞུང་འདིར། དཀོན་མཆོག་གསུམ་གྱི་རྣམ་པར་ཐར་པ་རྗེས་སུ་དྲན་ཞིང་བྱང་ཆུབ་སྤྱོད་པའི་གཞུང་གི་འགྲེལ་པ་གསལ་བའི་མེ་ལོང་དང་། དྲན་པ་ཉེ་བར་བཞག་པ་བཞི་སོགས་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སུམ་ཅུ་རྩ་བདུན་གྱི་སྒོ་ནས་རྒྱལ་བ་སྲས་དང་བཅས་པའི་སྐུ་དང་ཡེ་ཤེས་མངོན་དུ་གྱུར་ཚུལ་སོགས། རང་གཞན་བྱང་ཆུབ་ཀྱི་ལམ་ལ་བདེ་བླག་ཏུ་འཇུག་པའི་ཕྱིར་གསལ་བར་བསྟན་པའོ།།

དཀར་ཆག་མེད།

དེ་ལ་འདིར་ཐེག་ཆེན་འཕགས་ལམ་བྱང་ཆུབ་ཕྱོགས་སུ་འཇུག་པ་ལ་རྣམ་པ་གསུམ་སྟེ། དང་པོ་དཀོན་མཆོག་གསུམ་རྗེས་སུ་དྲན་པ། གཉིས་པ་བྱང་ཆུབ་ཕྱོགས་ཀྱི་སྤྱོད་པ་ལ་འཇུག་པ། གསུམ་པ་བྱང་ཕྱོགས་སོ་བདུན་གྱི་འབྲས་བུ་སྟོན་པ་དང་གསུམ་ལས། །དང་པོ་དཀོན་མཆོག་གསུམ་རྗེས་སུ་དྲན་པ་ལ། སངས་རྒྱས། ཆོས། དགེ་འདུན་རྗེས་སུ་དྲན་པ་དང་གསུམ་མོ། །དང་པོ་སངས་རྒྱས་རྗེས་སུ་དྲན་པ་ལ། ཐོག་མར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ཚུལ། བར་དུ་གྲངས་མེད་གསུམ་དུ་ཚོགས་བསགས་ཚུལ། ཐ་མ་མངོན་པར་རྫོགས་པར་སངས་རྒྱས་ཚུལ་དང་གསུམ་སྟེ།

གཉིས་པ་བར་དུ་གྲངས་མེད་གསུམ་དུ་ཚོགས་བསགས་ཚུལ་ལ། སངས་རྒྱས་རྣམས་མཆོད་ཚུལ་དང༌། སེམས་ཅན་ལ་སྦྱིན་པ་སོགས་ཕྱིན་དྲུག་གི་སྒོ་ནས་ཚོགས་བསགས་ཚུལ་གཉིས་ལས། དང་པོ་༼སངས་རྒྱས་རྣམས་མཆོད་ཚུལ་༽ནི།

གཉིས་པ་༼སེམས་ཅན་ལ་སྦྱིན་པ་སོགས་ཕྱིན་དྲུག་གི་སྒོ་ནས་ཚོགས་བསགས་ཚུལ་༽ནི།

གསུམ་པ་ཐ་མ་མངོན་པར་རྫོགས་པར་སངས་རྒྱས་པའི་ཚུལ་ལ་གསུམ་སྟེ། ཐེག་པ་དམན་པར་གྲགས་པ་འདུལ་བའི་ལུཊ་ལྟར་དང༌། ཐེག་པ་ཆེན་པོ་མདོ་སྡེའི་ལུགས་ལྟར་དང༌། ཐུན་མོང་མ་ཡིན་པ་ཐེག་པའི་མཆོག་སྔ་འགྱུར་རྫོགས་པ་ཆེན་པོའི་ལུགས་ཀྱི་སྐུ་གསུམ་སྟོན་པའི་རྣམ་བཞག་འཆད་པ་དང་གསུམ་ཡོད་ཀྱང༌། འདིར་སྔ་མ་གཉིས་ཀྱི་ལུགས་ལྟར་འཆད་པ་ལ། དང་པོ་འདུལ་བའི་ལུགས་ལྟར་ན།

གཉིས་པ་ཐེག་པ་ཆེན་པོ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་འབྱུང་བ་ལྟར་བཤད་པ་ལ། ཇི་ལྟར་སངས་རྒྱས་པ་དང༌། དེའི་རང་བཞིན་ངོས་གཟུང་བ་དང༌། མཛད་པ་བྱེ་བྲག་ཏུ་བཤད་པ་དང་གསུམ་ལས། དང་པོ་ནི།

གཉིས་པ་༼དེའི་རང་བཞིན་ངོས་གཟུང་བ།༽ནི།

གསུམ་པ་ཐུབ་པའི་མཛད་པ་བྱེ་བྲག་ཏུ་བཤད་པ་ལ།

གདུལ་བྱ་རྗེས་འཇུག་རྣམས་དྲང་བའི་ཕྱིར་མཛད་པའི་ཚུལ་རྣམས་ཀྱང་རྣམ་གྲངས་བཅུ་གཉིས་སུ་དོན་གྱིས་འདུ་བར་ཐེག་ཆེན་གྱི་མདོ་སྡེ་རྣམས་ལས་གསུངས་པ་དང་རྗེས་སུ་མཐུན་པར། མགོན་པོ་བྱམས་པས་ཐེག་པ་ཆེན་པོ་རྒྱུད་བླ་མར། སྐྱེ་བ་མངོན་པར་སྐྱེ་ཕྱིར་དང༌། །དགའ་ལྡན་གནས་ནས་འཕོ་བ་དང༌། །ལྷུམས་སུ་ཞུགས་དང་བལྟམས་པ་དང༌། །བཟོ་ཡི་གནས་ལ་མཁས་པ་དང༌། །བཙུན་མོའི་འཁོར་གྱི་རོལ་པ་དང༌། །ངེས་འབྱུང་དཀའ་བ་སྤྱད་པ་དང༌། །བྱང་ཆུབ་སྙིང་པོར་གཤེགས་པ་དང༌། །བདུད་སྡེ་འཇོམས་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང༌། །མྱ་ངན་འདས་པར་གཤེགས་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་གསུངས་པའི་གོ་རིམ་དང་རྗེས་སུ་མཐུན་པར་འཆད་པར་བྱ་སྟེ། དེ་ཡང་དང་པོ་དགའ་ལྡན་གྱི་གནས་ན་གནས་པའི་མཛད་པ་ལ། སངས་རྒྱས་རྣམས་ཀྱིས་ཇི་ལྟར་བསྐུལ་བ་དང༌། འཕོ་བར་བརྩམས་པའོ། །དང་པོ་ནི།

གཉིས་པ་༼འཕོ་བར་བརྩམས་པ།༽ནི།

གཉིས་པ་ལྷུམས་སུ་ཞུགས་པའི་མཛད་པ་ནི།

གསུམ་པ་བལྟམས་པའི་མཛད་པ་ལ། ཇི་ལྟར་བལྟམས་པ། དེའི་ལྟས་ཀྱི་ཁྱད་པར་རོ། །དང་པོ་༼ཇི་ལྟར་བལྟམས་པ༽ནི།

གཉིས་པ་བལྟམས་པའི་ལྟས་ནི།

བཞི་པ་བཟོ་ཡི་གནས་ལ་མཁས་པར་སྦྱང་བའི་མཛད་པ་ནི།

ལྔ་པ་བཙུན་མོའི་འཁོར་གྱི་རོལ་པའི་མཛད་པ་ནི།

དྲུག་པ་ངེས་པར་འབྱུང་བའི་མཛད་པ་ལ། མངོན་པར་འབྱུང་བའི་རྐྱེན་དང༌། ཇི་ལྟར་རབ་ཏུ་བྱུང་བའི་ཚུལ་ལོ། །དང་པོ་༼མངོན་པར་འབྱུང་བའི་རྐྱེན་༽ནི།

གཉིས་པ་༼ཇི་ལྟར་རབ་ཏུ་བྱུང་བའི་ཚུལ།༽ནི།

བདུན་པ་དཀའ་བ་སྤྱད་པའི་མཛད་པ་ནི།

བརྒྱད་པ་བྱང་ཆུབ་ཀྱི་སྙིང་པོ་ལ་གཤེགས་པའི་མཛད་པ་ནི

དགུ་པ་བདུད་སྡེ་བཅོམ་པའི་མཛད་པ་ལ། བདུད་ཀྱིས་ཐོ་བརྩམས་པ་དང༌། དེ་ཇི་ལྟར་བཅོམ་པའོ། །དང་པོ་༼བདུད་ཀྱིས་ཐོ་བརྩམས་པ་༽ནི།

གཉིས་པ་༼དེ་ཇི་ལྟར་བཅོམ་པ།༽ནི།

བཅུ་པ་མངོན་པར་བྱང་ཆུབ་པའི་མཛད་པ་ནི།

བཅུ་གཅིག་པ་ཆོས་འཁོར་བསྐོར་བའི་མཛད་པ་ནི། ཐོག་མར་བསྐུལ་དགོས་པར་བསྟན་པ། བསྐུལ་བར་ཞལ་གྱིས་བཞེས་པ། ཆོས་ཀྱི་འཁོར་ལོ་བསྐོར་བ་དངོས་སོ། །དང་པོ་༼ཐོག་མར་བསྐུལ་དགོས་པར་བསྟན་པ།༽ནི།

གཉིས་པ་༼བསྐུལ་བར་ཞལ་གྱིས་བཞེས་པ།༽ནི།

གསུམ་པ་ཆོས་འཁོར་བསྐོར་བ་དངོས་ལ། སྤྱིར་བཤད་པ་དང་བྱེ་བྲག་ཏུ་བཤད་པའོ། །དང་པོ་༼སྤྱིར་བཤད་པ།༽ནི།

གཉིས་པ་༼བྱེ་བྲག་ཏུ་བཤད་པ།༽ནི། བྱེ་བྲག་ཏུ་མཚན་ཉིད་རྒྱུའི་ཐེག་པ་གསུམ་གྱི་ཆོས་འཁོར་དང༌། འབྲས་བུ་སྔགས་ཀྱི་ཆོས་འཁོར་བསྐོར་བ་དང་གཉིས། དང་པོ་ལའང༌། ཐོག་མར་བདེན་པ་བཞི་ལས་བརྩམས་པ། བར་པ་མཚན་ཉིད་མེད་པ། ཐ་མ་ལེགས་པར་རྣམ་པར་ཕྱེ་བ་དང་གསུམ་ལས། དང་པོ་༼ཐོག་མར་བདེན་པ་བཞི་ལས་བརྩམས་པ།༽ནི།

གཉིས་པ་༼བར་པ་མཚན་ཉིད་མེད་པ༽ནི།

དོན་གཉིས་པ་འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་འཁོར་བསྐོར་ཚུལ་ཞར་བྱུང་དུ་མདོ་ཙམ་བསྟན་པ་ནི།

བཅུ་གཉིས་པ་མྱ་ངན་ལས་འདའ་བའི་མཛད་པ་ལ་གསུམ་སྟེ། མྱ་ངན་ལས་འདའ་བའི་ལྟས། ཇི་ལྟར་འདས་པའི་ཚུལ། སྐུ་གདུང་རྒྱས་པ་དང་གསུམ་ལས། དང་པོ་༼མྱ་ངན་ལས་འདའ་བའི་ལྟས༽ནི།

གཉིས་པ་༼ཇི་ལྟར་འདས་པའི་ཚུལ།༽ནི།་

གསུམ་པ་སྐུ་གདུང་རྒྱས་པ་ནི།

སྤྱི་དོན་གཉིས་པ་ཆོས་རྗེས་སུ་དྲན་པ་ནི།

བཞི་པ་གསང་སྔགས་རྡོ་རྗེ་ཐེག་པ་ནི།

གསུམ་པ་དོན་བསྡུ་བ་ནི།

བཞི་པ་ཆོས་ཐོས་པའི་ཕན་ཡོན་ནི།

གསུམ་པ་དགེ་འདུན་རྗེས་སུ་དྲན་པ་ནི།

གཉིས་པ་གསུང་གི་སྲས་ཉན་ཐོས་དགྲ་བཅོམ་པ་འཁོར་རྣམ་བཞི་སོགས་སངས་རྒྱས་ཀྱི་དངོས་སློབ་རྣམས་ཀྱི་གྲངས་བསྟན་པ་དང༌། བཀའ་བསྡུ་གཏད་རབས་ནས་སྡེ་པ་བཅོ་བརྒྱད་སོགས་དཔག་ཏུ་མེད་པ་བྱོན་ཚུལ་དང་གཉིས་ལས། དང་པོ་ནི།

གསུམ་པ་ཐུགས་ཀྱི་སྲས་ཐེག་པ་ཆེན་པོ་བྱང་ཆུབ་སེམས་དཔའི་དགེ་འདུན་ནི།

གཉིས་པ་ལ་ཐེག་པ་ཆུང་ངུའི་ལུགས་དང༌། ཐེག་ཆེན་ལུགས་གཉིས་ལས། དང་པོ་ལའང༌། བཀའ་བསྡུ་དང་གཏད་རབས་བཤད་པ་གཉིས་ལས། དང་པོ་ནི།

གཉིས་པ་གཏད་རབས་བཤད་པ་ལ།

གཉིས་པ་ནི། ཐེག་ཆེན་གྱི་ལུགས་ལའང༌། བཀའི་བསྡུ་བ་དང་བསྟན་པ་ཇི་ལྟར་བྱུང་ཚུལ་གཉིས་ལས།གཉིས་པ་བརྒྱུད་པའི་བྱུང་ཁུང་ནི།

གཉིས་པ་ལ། བསྟན་བཅོས་རྩོམ་པ་ལ་འཇུག་པའི་རྒྱུ། བརྩམ་བྱ་བསྟན་བཅོས་ལུས་ཀྱི་རང་བཞིན་དངོས། མཇུག་ཡོངས་སུ་རྫོགས་པའི་བྱ་བ་བཤད་པ་དང་གསུམ་ལས། དང་པོ་ལའང་བཞི་ལས། དང་པོ་མཆོད་པར་བརྗོད་པ་ནི།

གཉིས་པ་བརྩམ་པར་དམ་བཅའ་ནི།

གསུམ་པ་ཁེང་པ་བསྐྱུང་བ་ནི།

བཞི་པ་སྤྲོ་བ་བསྐྱེད་པ་ནི།

གཉིས་པ་སྨོན་འཇུག་སོ་སོའི་ཕན་ཡོན་ལ། དབྱེ་བ་དང༌། ཕན་ཡོན་གྱི་ཁྱད་པར། ལུང་རིགས་ཀྱི་སྒོ་ནས་སྒྲུབ་པ་དང་གསུམ་ལས། དང་པོ་ནི།

གསུམ་པ་ལའང༌། ལུང་དང་རིགས་པའི་སྒོ་ནས་སྒྲུབ་པ་གཉིས་ལས། དང་པོ་ནི།

གཉིས་པ་རིགས་པས་སྒྲུབ་པ་ལ། སྨོན་པའི་ཕན་ཡོན་དང༌། འཇུག་པའི་ཕན་ཡོན་རིགས་པས་སྒྲུབ་པ་གཉིས་ལས། དང་པོ་ནི།

གསུམ་པ་སེམས་བསྐྱེད་རྒྱུད་ལྡན་གྱི་གང་ཟག་གི་ཆེ་བ་བཤད་པ་ནི།

གཉིས་པ་བྱང་ཆུབ་སེམས་ཀྱི་མི་མཐུན་ཕྱོགས་སྡིག་པ་བཤགས་པའི་ལེའུ་ལའང༌། གཞུང་དང་མཚན་གཉིས། དང་པོ་ལའང༌། མཆོད་པའི་ཡན་ལག ཕྱག་འཚལ་བའི་ཡན་ལག སྐྱབས་སུ་འགྲོ་བའི་ཡན་ལག སྡིག་པ་བཤགས་པའི་ཡན་ལག་དང་བཞི་ལས། དང་པོ་ལའང༌། དངོས་སུ་འབྱོར་བའི་མཆོད་པ། ཡིད་ཀྱིས་སྤྲུལ་པའི་མཆོད་པ། སྨོན་ལམ་སྟོབས་ཀྱི་མཆོད་པ། བླ་ན་མེད་པའི་མཆོད་པ། བསྟོད་པ་དབྱངས་ཀྱི་མཆོད་པ་དང་ལྔ་ལས། དང་པོ་ལའང༌། བདག་པོས་ཡོངས་སུ་བཟུང་བའི་མཆོད་པ། མ་བཟུང་བའི་མཆོད་པ། ལུས་དབུལ་བའི་མཆོད་པ་དང་གསུམ་ལས། དང་པོ་ནི།

གཉིས་པ་ལའང༌། ཁྲུས་དང་སྐུ་ཕྱི་སོགས་ཀྱི་མཆོད་པ། ཉེར་སྤྱོད་ཀྱི་མཆོད་པ་གཉིས་ལས། དང་པོ་ནི།

གསུམ་པ་སྨོན་ལམ་སྟོབས་ཀྱི་མཆོད་པ་ནི།

བཞི་པ་བླ་ན་མེད་པའི་མཆོད་པ་ནི།

ལྔ་པ་བསྟོད་པ་དབྱངས་ཀྱི་མཆོད་པ་ནི།

གཉིས་པ་ཕྱག་འཚལ་བའི་ཡན་ལག་ནི།

གསུམ་པ་སྐྱབས་སུ་འགྲོ་བའི་ཡན་ལག་ནི།

བཞི་པ་སྡིག་པ་བཤགས་པའི་ཡན་ལག་ལ། བཤགས་ཡུལ་མངོན་དུ་བྱ་བ་དང༌། བཤགས་པ་དངོས་བཤད་པ་གཉིས་ལས། དང་པོ་ནི།

གཉིས་པ་ལའང༌། སུན་འབྱིན་པའི་སྟོབས་དང༌། རྟེན་གྱི་སྟོབས་དང་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་དང༌། སོར་ཆུད་པའི་སྟོབས་དང་བཞི་ལས། དང་པོ་ནི།

གསུམ་པ་ལའང༌། གཉེན་པོ་བརྟེན་དགོས་པའི་རྒྱུ་མཚན་དང༌། གཉེན་པོ་དངོས་གཉིས་ལས་དང་པོ་ནི།

གཉིས་པ་ལེའུའི་མཚན་ནི།

གསུམ་པ་མཐུན་ཕྱོགས་བྱང་སེམས་ཡོངས་བཟུང་གི་ལེའུ་ལའང༌། གཞུང་དང་མཚན་གཉིས་ལས་དང་པོ་ལའང༌། སྦྱོར་བ་སྔོན་དུ་འགྲོ་བའི་ཆོས། དངོས་གཞི་དམ་བཅའ་བ། མཇུག་རང་གཞན་དགའ་བ་སྒོམ་པ་དང་གསུམ་ལས། དང་པོ་ལའང༌། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རང་རྒྱུད་ལ་བསྐྱེད་པའི་ལྷན་ཅིག་བྱེད་པའི་རྐྱེན་ཚོགས་བསགས་པ། ཉེར་ལེན་གྱིས་བློ་རྒྱུད་སྦྱང་བ་གཉིས་ལས། དང་པོ་ལའང༌། ཡན་ལག་བརྒྱད་ལས། མཆོད་ཕྱག་སྐྱབས་འགྲོ་སྡིག་བཤགས་ཀྱི་ཡན་ལག་བཞི་ལེའུ་གཉིས་པའི་སྐབས་སུ་བཤད་ཟིན་ནས། འདིར་བཤད་པར་བྱ་བ་ལ། རྗེས་སུ་ཡི་རང་བ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བའི་གསོལ་བ་འདེབས་པ་དང༌། མྱ་ངན་ལས་མི་འདའ་བར་བཞུགས་པར་གསོལ་བ་འདེབས་པ་དང༌། དགེ་རྩ་གཞན་དོན་དུ་བསྔོ་བའི་ཡན་ལག་དང་བཞི་ལས། དང་པོ་ནི།

གཉིས་པ་ལའང༌། བློ་སྦྱོང་བ་དངོས་དང༌། དེའི་འཐད་པ་འགོད་པ། ལུས་བྱེ་བྲག་ཏུ་གཏོང་བ། བློ་སྦྱོང་གི་འབྲས་བུ་གཞན་དོན་དུ་སྨོན་ལམ་འདེབས་པ་དང་བཞི་ལས། དང་པོ་ནི།

གཉིས་པ་དངོས་གཞི་དམ་བཅའ་བ་ནི།གསུམ་པ་འཇུག་ཏུ་རང་གཞན་དགའ་བ་བསྒོམ་པ་ལ། རང་དགའ་བ་བསྒོམ་པ་དང༌། གཞན་དགའ་བ་བསྒོམ་དུ་གཞུག་པ་གཉིས་ལས། དང་པོ་ནི།

གཉིས་པ་སྐྱེས་པ་མི་ཉམས་པར་བྱེད་པ་ལ། འཇུག་ལྡོག་གི་གནས་ལ་གཟབ་པ་ལྷུར་ལེན་པ་བག་ཡོད་ཀྱི་ལེའུ། རང་གི་སྒོ་གསུམ་ལ་བརྟགས་པ་ཤེས་བཞིན་གྱི་ལེའུ། བྱང་ཆུབ་སེམས་ཀྱི་མི་མཐུན་ཕྱོགས་ཁོང་ཁྲོའི་གཉེན་པོ་བཟོད་པའི་ལེའུ་དང་གསུམ་ལས། དང་པོ་བག་ཡོད་ཀྱི་ལེའུ་ལའང༌། གཞུང་དང་མཚན་གཉིས་ལས། དང་པོ་ལའང༌། མདོར་བསྟན་པ་དང་རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི།

གཉིས་པ་ལའང༌། བསྒྲུབ་བྱ་བསླབ་པ་ལ་བསམ་སྟེ་བག་བྱ་བ། རྟེན་དལ་འབྱོར་ལ་བསམ་སྟེ་བག་བྱ་བ། སྤང་བྱ་ཉོན་མོངས་པ་ལ་བསམ་སྟེ་བག་བྱ་བ་དང་གསུམ་ལས། དང་པོ་ལའང༌། བསམ་པ་བྱང་ཆུབ་ཀྱི་སེམས་མི་ཉམས་པར་བསྲུང་བ་དང༌། སྦྱོར་བ་བརྩོན་འགྲུས་མི་ཉམས་པར་བསྲུང་བ་དང་གཉིས་ལས། དང་པོ་ནི།

གཉིས་པ་ལའང༌། དལ་འབྱོར་རྙེད་དཀའི་ཚུལ་ལ་བསམ་སྟེ་བག་བྱ་བ། ངན་སོང་ལས་ཐར་བར་དཀའ་བ་ལ་བསམ་སྟེ་བག་བྱ་བ། དལ་འབྱོར་ཐོབ་དུས་དགེ་བ་ལ་འབད་དགོས་པར་བསྟན་པ་དང་གསུམ་ལས། དང་པོ་ནི།

གསུམ་པ་སྤང་བྱ་ཉོན་མོངས་པ་ལ་བསམ་སྟེ་བག་བྱ་བ་ལའང༌། ཉོན་མོངས་པའི་ཉེས་དམིགས་བཤད་པ། ཉོན་མོངས་པ་སྤོང་བའི་དཀའ་སྤྱད་བཟོད་པ། ཉོན་མོངས་པ་ཇི་ལྟར་སྤོང་ཚུལ་དང་གསུམ་ལས། དང་པོ་ནི།

གཉིས་པ་ལེའུའི་མཚན་ནི།

གཉིས་པ་ལེའུ་ལྔ་པ་ཤེས་བཞིན་གྱི་ལེའུ་ལའང༌། གཞུང་དང་མཚན་གཉིས་ལས། །དང་པོ་ལའང༌། བསླབ་པ་བསྲུང་བའི་ཐབས་སུ་སེམས་བསྲུང་བ། སེམས་བསྲུང་བའི་ཐབས་སུ་དྲན་ཤེས་བསྟེན་ཚུལ། དྲན་ཤེས་བསྟེན་པའི་སྒོ་ནས་སེམས་སྦྱོང་བའི་སྤྱོད་པ་བསླབ་ཚུལ། སྒྲུབ་པ་ཕུན་སུམ་ཚོགས་པའི་ཡན་ལག་གཞན་བསྟན་པ་དང་བཞི་ལས། དང་པོ་ལའང༌། མདོར་བསྟན་པ་དང་རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི།

གཉིས་པ་རྒྱས་པར་བཤད་པ་ལ། གནོད་པ་ཐམས་ཅད་སེམས་ལས་བྱུང་ཚུལ། དགེ་བ་ཐམས་ཅད་སེམས་ལས་བྱུང་ཚུལ། དེས་ན་ངེས་པར་སེམས་བསྲུང་དགོས་པར་བསྟན་པ་དང་གསུམ་ལས། དང་པོ་ནི།

གཉིས་པ་འཕྲོས་དོན་ལ་གསུམ། ཟང་ཟིང་གི་སྦྱིན་པ། ཆོས་ཀྱི་སྦྱིན་པ། མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་དང་གསུམ་ལས། དང་པོ་ལའང་གསུམ། གཏོང་བ་དང༌། གཏོང་བ་ཆེན་པོ་དང༌། ཤིན་ཏུ་གཏོང་བ་གསུམ་ལས། དང་པོ་ནི།

གསུམ་པ་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་ནི།

གཉིས་པ་ཚུལ་ཁྲིམས་ལའང༌། གཞུང་དང་འཕྲོས་དོན་གཉིས་ལས། དང་པོ་ནི།

གཉིས་པ་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ནི།

གསུམ་པ་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ནི།

གཉིས་པ་བཟོད་སོགས་བཞི་པོ་གཞུང་དོན་ལྟར་བཤད་པ་ནི།

གཉིས་པ་སེམས་བསྲུང་བའི་ཐབས་སུ་དྲན་ཤེས་བསྟེན་ཚུལ་ལའང༌། མདོར་བསྟན་པ་དང༌། རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི།

གཉིས་པ་རྒྱས་པར་བཤད་པ་ལའང༌། ཤེས་བཞིན་མེད་པའི་ཉེས་དམིགས་བཤད་པ་དང༌། དྲན་པ་བསྟེན་ཐབས་དངོས་བཤད་པ་གཉིས་ལས། དང་པོ་ནི།

གསུམ་པ་སེམས་སྦྱོང་གི་སྤྱོད་པ་ལ་བསླབ་ཚུལ་ལའང༌། ཉེས་སྤྱོད་སྡོམ་པའི་ཕྱོགས་སུ་གཏོགས་པ་སྒོ་གསུམ་གྱི་གནས་སྐབས་བརྟགས་པའི་སྤྱོད་པ་ལ་བསླབ་པ་དང༌། དགེ་བ་ཆོས་སྡུད་ཀྱི་ཕྱོགས་སུ་གཏོགས་པ་རང་སེམས་བརྟགས་པའི་སྤྱོད་པ་ལ་བསླབ་པ་དང༌། སེམས་ཅན་དོན་བྱེད་ཀྱི་ཕྱོགས་སུ་གཏོགས་པའི་སེམས་སྦྱོང་གི་སྤྱོད་པ་ལ་བསླབ་པ་དང་གསུམ་ལས། དང་པོ་ལའང༌། སྒོ་གསུམ་གྱི་སྤྱོད་པ་དག་པར་བྱ་བ་དང༌། བསླབ་པ་མི་ཉམས་པར་བསྲུང་བ་དང་གཉིས་ལས། དང་པོ་ནི།

གཉིས་པ་ལའང༌། བསླབ་པ་ལ་མི་སློབ་པའི་རྒྱུ་ལུས་ལ་ཆགས་པ་སྤང་དགོས་པར་བསྟན་པ་དང༌། བསྒྲུབ་པའི་ཐབས་ལ་མཁས་པར་བྱ་བ་དང་གཉིས་ལས། དང་པོ་ནི།

གསུམ་པ་ལའང་གཞན་དོན་ལྷུར་ལེན་པ། ཟང་ཟིང་དང་ཆོས་ཀྱིས་བསྡུ་བ། ཕ་རོལ་གྱིས་མ་དད་པ་བསྲུང་བ་དང་གསུམ་ལས། དང་པོ་ནི།

བཞི་པ་སྒྲུབ་པ་ཕུན་སུམ་ཚོགས་པའི་ཡན་ལག་གཞན་བསྟན་པ་ལའང༌། བསླབ་པ་ཕུན་སུམ་ཚོགས་པའི་ཡན་ལག་དངོས་དང༌། ངོ་བོ་ངོས་བཟུང་ནས་ལེའུའི་དོན་བསྡུ་བ་གཉིས་ལས། དང་པོ་ནི།

གཉིས་པ་ལེའུའི་མཚན་ནི།

གསུམ་པ་ལེའུ་དྲུག་པ་བཟོད་པའི་ལེའུ་ལའང༌། གཞུང་དང་མཚན་གཉིས། དང་པོ་གཞུང་ལའང༌། ཁོང་ཁྲོ་སྤང་བ་དང་བཟོད་པ་སྒོམ་པའི་ཚུལ། སེམས་ཅན་ལ་གུས་པར་བྱ་བ་དང་གསུམ་ལས། དང་པོ་ནི།

གཉིས་པ་ལ། བཟོད་ཡུལ་ངོས་བཟུང་བ་དང༌། བཟོད་པ་སྒོམ་པ་གཉིས་ལས། དང་པོ་ནི།

གཉིས་པ་ལའང་མི་འདོད་པ་བྱེད་པ་ལ་བཟོད་པ་བསྒོམ་པ་དང༌། འདོད་པའི་གེགས་བྱེད་པ་ལ་བཟོད་པ་བསྒོམས་པ་གཉིས་ལས། དང་པོ་ལའང༌། བདག་ལ་སྡུག་བསྔལ་བྱེད་པ་ལ་བཟོད་པ་དང༌། བདག་ལ་བརྙས་སོགས་བྱེད་པ་ལ་བཟོད་པ་དང༌། བདག་གི་བཤེས་ལ་མི་འདོད་པར་བྱེད་པ་ལ་བཟོད་པ་དང༌། བདག་གི་དགྲ་ལ་ལེགས་པར་བྱེད་པ་ལ་བཟོད་པ་དང་བཞི་ལས། དང་པོ་ལའང་སྡུག་བསྔལ་དང་ལེན་གྱི་བཟོད་པ། ཆོས་ལ་ངེས་སེམས་ཀྱི་བཟོད་པ། གནོད་བྱེད་ལ་ཇི་མི་སྙམ་པའི་བཟོད་པ་དང་གསུམ་ལས། དང་པོ་ནི།

གཉིས་པ་འདོད་པའི་གེགས་བྱེད་པ་ལ་བཟོད་པ་སྒོམ་པ་དེ་ལ་ཡང༌། དགྲ་བོས་མི་འདོད་པའི་གེགས་བྱེད་པ་ལ་བཟོད་པ་སྒོམ་པ་དང༌། བདག་དང་བདག་གི་བཤེས་ལ་འདོད་པའི་གེགས་བྱེད་པ་ལ་བཟོད་པ་སྒོམ་པ་དང་གཉིས་ལས། དང་པོ་ནི།

གཉིས་པ་ལེའུའི་མཚན་ནི།

གསུམ་པ་མི་ཉམས་པ་གོང་ནས་གོང་དུ་འཕེལ་བར་བྱེད་པ་ལ། ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་གོང་ནས་གོང་དུ་འཕེལ་བའི་ཐབས་སམ་གྲོགས་སུ་གྱུར་པ་བརྩོན་འགྲུས་ཀྱི་ལེའུ། ཀུན་རྫོབ་སེམས་བསྐྱེད་གོང་ནས་གོང་དུ་འཕེལ་བར་བྱེད་པ་བསམ་གཏན་གྱི་ལེའུ། དོན་དམ་སེམས་བསྐྱེད་གོང་ནས་གོང་དུ་འཕེལ་བར་བྱེད་པ་ཤེས་རབ་ཀྱི་ལེའུ་དང་གསུམ་ལས། དང་པོ་བརྩོན་འགྲུས་ཀྱི་ལེའུ་ལ་གཞུང་དང་མཚན་གཉིས་ལས། དང་པོ་ལའང༌། བརྩོན་འགྲུས་རྩོམ་དགོས་པའི་རྒྱུ་མཚན་མདོར་བསྟན་པ་དང༌། ཇི་ལྟར་རྩོམ་ཚུལ་རྒྱས་པར་བཤད་པ་དང་གཉིས་ལས། དང་པོ་ནི།

གཉིས་པ་ལའང༌། མི་མཐུན་པའི་ཕྱོགས་ལེ་ལོ་རྒྱུ་འབྲས་དང་བཅས་པ་ངོས་གཟུང་བ་དང༌། ཇི་ལྟར་སྤོང་ཐབས་ཀྱི་གཉེན་པོ་བཤད་པ་གཉིས་ལས། དང་པོ་ནི།

གཉིས་པ་ལའང༌། སྙོམ་ལས་འཛིན་པའི་ལེ་ལོའི་གཉེན་པོ་བསྒོམ་ཚུལ། བྱ་བ་ངན་ཞེན་ལེ་ལོའི་གཉེན་པོ་བསྒོམ་ཚུལ་དང༌། སྒྱིད་ལུག་གི་ལེ་ལོའི་གཉེན་པོ་བསྒོམ་ཚུལ་བཤད་པ་དང་གསུམ་ལས། དང་པོ་ནི།

གཉིས་པ་ལའང༌། དཔུང་བཞི་བསགས་པ་དང༌། སྟོབས་གཉིས་བསྐྱེད་ཚུལ་བཤད་པ་དང་གཉིས་ལས། དང་པོ་ལའང༌། མོས་པའི་དཔུང་བཤད་པ། བརྟན་པའམ་ང་རྒྱལ་གྱི་དཔུང་བཤད་པ། དགའ་བའི་དཔུང་བཤད་པ། དོར་བའི་དཔུང་བཤད་པ་དང་བཞི་ལས། དང་པོ་ནི།

གཉིས་པ་ལའང་སྤྱིར་བཤད་པ་དང༌། བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི། རྡོ་རྗེ་རྒྱལ་མཚན་ཆོ་ག་ཡིས། །བརྩམས་ནས་ང་རྒྱལ་བསྒོམ་པར་བྱ། །དང་པོར་འབྱོར་བ་བརྟགས་ནས་ནི། །

གཉིས་པ་ལའང༌། ལས་ཀྱི་ང་རྒྱལ་དང༌། ནུས་པའི་ང་རྒྱལ་དང༌། ཉོན་མོངས་པའི་ང་རྒྱལ་གསུམ་ལས། དང་པོ་ནི།

གཉིས་པ་སྟོབས་གཉིས་བསྐྱེད་ཚུལ་ལའང༌། ལྷུར་ལེན་གྱི་སྟོབས་དང༌། དབང་སྒྱུར་གྱི་སྟོབས་གཉིས་ལས། དང་པོ་ནི།

གཉིས་པ་ལེའུ་བརྒྱད་པ་བསམ་གཏན་གྱི་ལེའུ་ལ་གཞུང་དང་མཚན་གཉིས་ལས། དང་པོ་ལའང༌། མཚམས་སྦྱོར་བའི་སྒོ་ནས་མདོར་བསྟན་པ། བསམ་གཏན་གྱི་མི་མཐུན་ཕྱོགས་སྤང་པ། བསམ་གཏན་བསྒོམ་པ་དང་གསུམ་ལས། དང་པོ་ནི།

གཉིས་པ་ལའང༌། མདོར་བསྟན་དང་རྒྱས་བཤད་གཉིས་ལས། དང་པོ་ནི།

གཉིས་པ་རྒྱས་པར་བཤད་པ་ལའང༌། འཇིག་རྟེན་སྤང་བ་དང༌། རྣམ་རྟོག་དོར་བ་གཉིས་ལས་དང་པོ་ལའང༌། འཇིག་རྟེན་སྤང་དགོས་པའི་རྒྱུ་མཚན་བཤད་པ་དང༌། ནང་སེམས་ཅན་གྱི་འཇིག་རྟེན་ལ་ཆགས་པ་སྤང་བར་བྱ་བ་དང༌། ཕྱི་རྙེད་སོགས་ཀྱི་འཇིག་རྟེན་ལ་ཆགས་པ་སྤང་བར་བྱ་བ་དང༌། སྤངས་ནས་དབེན་པ་བརྟེན་ཚུལ་བཤད་པ་དང་བཞི་ལས། དང་པོ་ནི།

གཉིས་པ་རྣམ་རྟོག་དོར་བ་ལའང༌། མདོར་བསྟན་དང་རྒྱས་བཤད་གཉིས་ལས། དང་པོ་ནི།

གཉིས་པ་ཕྱི་རྙེད་སོགས་ལ་སྲེད་པ་སྤང་བ་ནི།

གསུམ་པ་དབེན་པའི་ཡོན་ཏན་དྲན་པ་ནི།

གསུམ་པ་བསམ་གཏན་བསྒོམ་པ་དངོས་ལ། མཚམས་སྦྱར་ཏེ་མདོར་བསྟན་པ། བསམ་གཏན་བསྒོམ་ཚུལ་རྒྱས་པར་བཤད་པ། ཏིང་འཛིན་གྲུབ་པའི་ཐབས་ལ་གདམས་པ་དང་གསུམ་ལས། དང་པོ་ནི།

གཉིས་པ་ལའང༌། བདག་གཞན་མཉམ་པ་བསྒོམ་ཚུལ་དང༌། བདག་གཞན་བརྗེ་བ་བསྒོམ་ཚུལ་དང་གཉིས་ལས། དང་པོ་ལའང༌། མདོར་བསྟན། རྒྱས་བཤད་དོན་བསྡུ་བ་དང་གསུམ་ལས། དང་པོ་ནི།

གཉིས་པ་ལའང༌། མཉམ་པ་ཇི་ལྟར་བསྒོམ་ཚུལ། དེ་ལ་རྩོད་པ་སྤང་བ། དེ་ལྟར་གོམས་པའི་ཕན་ཡོན་དང་གསུམ་ལས། དང་པོ་ནི།

གསུམ་པ་དོན་བསྡུ་བ་ནི།

གཉིས་པ་བདག་གཞན་བརྗེ་བ་ལ། རྒྱུ་མཚན་བརྗོད་པས་མདོར་བསྟན། དེ་བསྒོམ་ཚུལ་རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི།

གཉིས་པ་ལའང་བརྗེ་ཚུལ་སྤྱིར་བསྟན་པ་དང༌། གཉེན་པོའི་ཁྱད་པར་བྱེ་བྲག་ཏུ་བསྒོམ་པ། བརྗེས་ནས་ཇི་ལྟར་སྒྲུབ་པ་དང་གསུམ་ལས། དང་པོ་ལའང༌། གཞན་དང་དུ་བླང་བ། བདག་གཅེས་འཛིན་དོར་བ། བདག་གཞན་གཙོ་བོར་བྱས་པའི་སྐྱོན་ཡོན། དེས་ན་ངེས་པར་བརྗེ་དགོས་པར་བསྟན་པ་དང་གསུམ་ལས། དང་པོ་ནི།

གཉིས་པ་གཉེན་པོའི་ཁྱད་པར་བྱེ་བྲག་ཏུ་བསྒོམ་པ་ལའང༌། མདོར་བསྟན་པ་དང༌། རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི།

གསུམ་པ་བརྗེས་ནས་ཇི་ལྟར་སྒྲུབ་པ་ལའང༌། འཇམ་པའི་སྒོ་ནས་གདམས་པ་དང༌། རྩུབ་མོའི་སྒོ་ནས་ཚར་གཅོད་པ་གཉིས་ལས། དང་པོ་ནི།

གཉིས་པ་ལའང༌། ཡིད་ཚར་གཅོད་པ་དང༌། ལུས་ཚར་གཅོད་པ་གཉིས་ལས། དང་པོ་ནི། འོན་ཏེ་དེ་ལྟར་གདམས་ཀྱང་ནི། །

གསུམ་པ་ཏིང་འཛིན་འགྲུབ་པའི་ཐབས་ལ་གདམས་པ་ནི།

གཉིས་པ་ལེའུའི་མཚན་ནི།

གསུམ་པ་ལེའུ་དགུ་པ་ཤེས་རབ་ཀྱི་ལེའུ་ལའང༌། གཞུང་དང་མཚན་གཉིས། དང་པོ་ལའང༌། ཤེས་རབ་བསྐྱེད་པ་མདོར་བསྟན་པ་དང༌། དེ་རྒྱས་པར་བཤད་པ་གཉིས་ལས། །དང་པོ་ནི།

གཉིས་པ་ལའང༌། ལྟ་བས་གཏན་ལ་ཕབ་པ། སྒོམ་པས་ཉམས་སུ་བླངས་པ། གཏན་ཚིགས་ཀྱིས་སྒྲོ་འདོགས་གཅོད་པ། སྟོང་ཉིད་རྟོགས་པའི་བྱེད་ལས་དང་བཞི་ལས། དང་པོ་ལ་བདེན་གཉིས་ཀྱི་རྣམ་པར་གཞག་པ་དང༌། དེ་ལ་རྩོད་པ་སྤང་བ། ཐེག་ཆེན་མཆོག་ཏུ་སྒྲུབ་པ་དང་གསུམ་ལས། དང་པོ་ལའང༌། བདེན་གཉིས་ཀྱི་དབྱེ་བ། བདེན་གཉིས་ཀྱི་མཚན་ཉིད། བདེན་གཉིས་གཏན་ལ་འབེབས་པའི་གང་ཟག་དང་གསུམ་ལས། དང་པོ་ནི།

གཉིས་པ་དེ་ལ་རྩོད་པ་སྤང་བ་ལའང༌། གཞི་བདེན་གཉིས་ལ་རྩོད་པ་སྤང་བ། ལམ་སྟོང་ཉིད་ལ་རྩོད་པ་སྤང་བ། འབྲས་བུ་གཞན་དོན་ལ་རྩོད་པ་སྤང་བ་དང་གསུམ་ལས། དང་པོ་ལའང༌། འཇིག་རྟེན་ཕལ་པའི་རྩོད་སྤང༌། ཉན་ཐོས་རྣམས་ཀྱི་རྩོད་སྤང༌། སེམས་ཙམ་གྱི་རྩོད་པ་སྤང་བ་དང་གསུམ་ལས། དང་པོ་ནི།

གཉིས་པ་ལམ་སྟོང་ཉིད་ལ་རྩོད་པ་སྤང་བ་ལའང༌། མདོར་བསྟན་དང་རྒྱས་བཤད་གཉིས་ལས། དང་པོ་ནི།

གསུམ་པ་འབྲས་བུ་གཞན་དོན་ལ་རྩོད་པ་སྤང་བ་ནི།

གསུམ་པ་ཐེག་ཆེན་མཆོག་ཏུ་སྒྲུབ་པ་ལའང༌། ལུང་ཐེག་ཆེན་བཀར་སྒྲུབ་པ་དང༌། ལམ་སྟོང་ཉིད་གཉེན་པོར་སྒྲུབ་པ་གཉིས་ལས། དང་པོ་ནི།

གཉིས་པ་བསྒོམ་པས་ཉམས་སུ་ལེན་པ་ལའང༌། གང་ཟག་གི་བདག་མེད་བསྒོམ་ཚུལ་དང༌། ཆོས་ཀྱི་བདག་མེད་བསྒོམ་ཚུལ་ཏེ་གཉིས་ལས། དང་པོ་ལའང་ལྷན་སྐྱེས་ཀྱི་བདག་སྟོང་པར་བསྒོམ་ཚུལ་དང༌། ཀུན་བརྟགས་ཀྱི་བདག་སྟོང་པར་སྒོམ་ཚུལ་དང་གཉིས་ལས། དང་པོ་ནི།

གཉིས་པ་ལ་བདག་ཤེས་པར་འདོད་པ་དགག་པ་དང༌། བདག་བེམ་པོར་འདོད་པ་དགག་པ་དང༌། བདག་མེད་པའི་དོན་ལ་རྩོད་པ་དང་གསུམ་ལས། དང་པོ་ནི།

གསུམ་པ་ལའང༌། བདག་མེད་ན་ལས་འབྲས་མི་འཐད་པའི་རྩོད་སྤངས། བདག་མེད་ན་སྙིང་རྗེ་མི་འཐད་པའི་རྩོད་སྤངས། བཏགས་པའི་བདག་མེད་འགོག་པར་བསྟན་པ་གསུམ་ལས། དང་པོ་ནི།

གཉིས་པ་ཆོས་ཀྱི་བདག་མེད་བསྒོམ་ཚུལ་ལ། ལུས་དྲན་པ་ཉེ་བར་གཞག་པ་དང༌། ཚོར་བ་དྲན་པ་ཉེ་བར་གཞག་པ་དང༌། སེམས་དྲན་པ་ཉེ་བར་གཞག་པ་དང༌། ཆོས་དྲན་པ་ཉེ་བར་གཞག་པ་བསྒོམ་ཚུལ་དང་བཞི་ལས། དང་པོ་ལའང༌། ལུས་སྤྱིར་བརྟགས་པ། ཡན་ལག་བྱེ་བྲག་ཏུ་བརྟགས་པ། དེས་ན་ལུས་ལ་ཆགས་པ་སྤང་དགོས་པར་བསྟན་པ་དང་གསུམ་ལས། དང་པོ་ནི།

གཉིས་པ་ལའང་ཚོར་བའི་ངོ་བོ་ལ་བརྟགས་པ། ཚོར་བའི་རྒྱུ་ལ་བརྟགས་པ། ཚོར་བའི་འབྲས་བུ་ལ་བརྟགས་པ། ཚོར་བ་པོ་ལ་བརྟགས་པ་དང་བཞི་ལས། དང་པོ་ནི།

གསུམ་པ་སེམས་དྲན་པ་ཉེ་བར་གཞག་པ་ལའང༌། སེམས་རང་བཞིན་མེད་པར་བརྟགས་པ་དང༌། སེམས་སྐྱེ་བ་མེད་པར་བརྟགས་པ་གཉིས་ལས། དང་པོ་ནི།

བཞི་པ་ཆོས་དྲན་པ་ཉེ་བར་གཞག་པ་དངོས་བཤད་པ་དང༌། དེ་ལ་རྩོད་པ་སྤང་བ་དང་གཉིས་ལས། དང་པོ་ནི།

གཉིས་པ་ལའང༌། བདེན་གཉིས་མི་འཐད་པའི་རྩོད་སྤོང༌། གཏན་ཚིགས་མེད་པའི་རྩོད་སྤོང༌། རྣམ་དཔྱོད་ཐུག་མེད་དུ་གྱུར་བའི་རྩོད་སྤོང་དང་གསུམ་ལས། དང་པོ་ནི།

གསུམ་པ་གཏན་ཚིགས་ཀྱིས་སྒྲོ་འདོགས་གཅད་པ་ལ། དངོས་པོར་སྨྲ་བའི་སྒྲུབ་བྱེད་དགག་པ་དང༌། སྟོང་པར་སྨྲ་བའི་སྒྲུབ་བྱེད་འགོད་པ་དང་གཉིས་ལས། དང་པོ་ནི།

གཉིས་པ་ལའང༌། རྒྱུ་ལ་དཔྱོད་པ་རྡོ་རྗེའི་ཟེགས་མ། ངོ་བོ་ལ་དཔྱོད་པ་རྟེན་འབྲེལ་ཆེན་མོ། །འབྲས་བུ་ལ་དཔྱོད་པ་ཡོད་མེད་སྐྱེ་འགོག་དང་གསུམ་ལས། དང་པོ་ལའང༌། རྒྱུ་མེད་ལས་སྐྱེ་བར་འདོད་པ་དགག་པ་དང༌། གཞན་ལས་སྐྱེ་བར་འདོད་པ་དགག་པ་དང༌། བདག་ལས་སྐྱེ་བ་འདོད་པ་དགག་པ་དང༌། དོན་བསྡུ་བ་དང་བཞི་ལས། དང་པོ་ནི།

གཉིས་པ་ལའང་གཞན་མི་རྟག་པ་ལས་སྐྱེ་བ་དང༌། རྟག་པ་ལས་སྐྱེ་བར་འདོད་པ་གཉིས་ལས། སྔ་མ་བཤད་ཟིན་ནས། གཉིས་པ་ནི།

གསུམ་པ་ལའང༌། གཙོ་བོ་དགག་པ་དང༌། བདག་སྐྱེ་དངོས་དགག་པ་གཉིས་ལས། དང་པོ་ནི།

བཞི་པ་དོན་བསྡུ་བ་ནི།

གཉིས་པ་རྟེན་འབྲེལ་ཆེན་པོའི་གཏན་ཚིགས་ནི།

གསུམ་པ་འབྲས་བུ་ལ་དཔྱོད་པ་ཡོད་མེད་སྐྱེ་འགོག་ནི།

བཞི་པ་སྟོང་ཉིད་རྟོགས་པའི་བྱེད་ལས་ལ། རང་དོན་དུ་ཆོས་བརྒྱད་མགོ་སྙོམས་པ་དང༌། གཞན་དོན་དུ་བརྩེ་བའི་སྙིང་རྗེ་རྩོལ་མེད་དུ་འབྱུང་བ་དང་གཉིས་ལས། དང་པོ་ནི།

གཉིས་པ་ལེའུའི་མཚན་ནི།

བཞི་པ་དེ་ལྟར་སྤེལ་བའི་འབྲས་བུ་གཞན་དོན་དུ་བསྔོ་བའི་ལེའུ་ལ། བསྔོ་བ་མདོར་བསྡུས་ཏེ་བསྟན་པ་དང༌། དེ་རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི།

གཉིས་པ་ལའང༌། གཞན་དོན་ཕན་བདེའི་རྒྱུར་བསྔོ་བ་དང༌། རང་དོན་བྱང་ཆུབ་སྤྱོད་པའི་རྒྱུར་བསྔོ་བ་དང༌། གཉིས་དོན་བསྟན་པ་དར་རྒྱས་སུ་བསྔོ་བ་དང་གསུམ་ལས། དང་པོ་ལའང༌། དམན་པ་དང་བྲལ་བར་བསྔོ་བ་དང༌། མཆོག་གི་དགོངས་པ་རྫོགས་པར་བསྔོ་བ་དང་གཉིས་ལས། དང་པོ་ལའང༌། ཁམས་གསུམ་སེམས་ཅན་སྤྱི་ལ་ཁྱབ་པའི་སྡུག་བསྔལ་དང་བྲལ་བར་བསྔོ་བ་དང༌། ངན་སོང་གསུམ་སོགས་འགྲོ་བ་སོ་སོའི་སྡུག་བསྔལ་བྱེ་བྲག་དང་བྲལ་བར་བསྔོ་བ་དང་གཉིས་ལས། དང་པོ་ནི།

གཉིས་པ་མཆོག་གི་དགོངས་པ་རྫོགས་པར་བསྔོ་བ་ནི།

གཉིས་པ་རང་དོན་བྱང་ཆུབ་སྤྱོད་པའི་རྒྱུར་བསྔོ་བ་ནི།

གསུམ་པ་གཉིས་དོན་བསྟན་པ་དར་རྒྱས་སུ་བསྔོ་བ་ནི།

གསུམ་པ་བརྩམས་པ་མཐར་ཕྱིན་པ་མཇུག་ཡོངས་སུ་རྫོགས་པའི་དོན་སྟོན་པ་ལ། བཀའ་དྲིན་གྱི་ཕྱག་བྱ་བ་དང༌། ལེའུའི་མཚན་བཤད་པ། གང་གིས་བརྩམས་པའི་མཛད་བྱང༌། མཇུག་ལོ་ཙཱ་བའི་འགྱུར་བྱང་བཤད་པ་དང་བཞི་ལས། དང་པོ་ནི།

གཉིས་པ་ཡེ་ཤེས་ཆོས་སྐུ་ནི།

གཉིས་པ་ནི། སྟོང་ཉིད་བཅོ་བརྒྱད་དེ། དང་པོ་ནང་སྟོང་པ་ཉིད་ནི།

གཉིས་པ་ཕྱི་སྟོང་པ་ཉིད་ནི།

གསུམ་པ་ཕྱི་ནང་སྟོང་པ་ཉིད་ནི།

བཞི་པ་སྟོང་པ་ཉིད་སྟོང་པ་ཉིད་ནི།

ལྔ་པ་ཆེན་པོ་སྟོང་པ་ཉིད་ནི།

དྲུག་པ་དོན་དམ་པ་སྟོང་པ་ཉིད་ནི།

བདུན་པ་འདུས་བྱས་སྟོང་པ་ཉིད་ནི།

བརྒྱད་པ་འདུས་མ་བྱས་སྟོང་པ་ཉིད་ནི།

དགུ་པ་མཐའ་ལས་འདས་པ་སྟོང་པ་ཉིད་ནི།

བཅུ་པ་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ནི།

བཅུ་གཅིག་པ་དོར་བ་མེད་པ་སྟོང་པ་ཉིད་ནི།

བཅུ་གཉིས་པ་རང་བཞིན་སྟོང་པ་ཉིད་ནི།

བཅུ་གསུམ་པ་ཆོས་ཐམས་ཅད་སྟོང་པ་ཉིད་ནི།

བཅུ་བཞི་པ་རང་གི་མཚན་ཉིད་སྟོང་པ་ཉིད་ནི།

བཅོ་ལྔ་པ་མི་དམིགས་པ་སྟོང་པ་ཉིད་ནི།

བཅུ་དྲུག་པ་དངོས་པོ་མེད་པ་སྟོང་པ་ཉིད་ནི།

བཅུ་བདུན་པ་ངོ་བོ་ཉིད་སྟོང་པ་ཉིད་ནི།

བཅོ་བརྒྱད་པ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི།

གསུམ་པ་དྲན་པ་ཉེ་བར་བཞག་པ་བཞི་ནི།

བཞི་པ་ཡང་དག་པར་སྤོང་བ་བཞི་ནི།

བཅུ་པ་འཕགས་པའི་བདེན་པ་བཞི་ནི།

གཉིས་པ་གཟུགས་མེད་ཀྱི་རྣམ་པར་ཐར་པ་བཞི་ནི།

དང་པོ་སྤྱོད་ལམ་མ་འདྲེས་པ་དྲུག་ནི། དང་པོ་སྐུ་འཁྲུལ་པ་མེད་པ་ནི།གཉིས་པ་གསུང་ཅ་ཅོ་མེད་པ་ནི།གསུམ་པ་ཐུགས་དྲན་པ་ཉམས་པ་མི་མངའ་བ་ནི།བཞི་པ་མཉམ་པར་མ་བཞག་པའི་ཐུགས་མི་མངའ་བ་ནི།

ལྔ་པ་ཐ་དད་པའི་འདུ་ཤེས་མི་མངའ་བ་ནི།

དྲུག་པ་སོ་སོར་མ་བརྟག་པའི་བཏང་སྙོམས་མི་མངའ་བ་ནི།

གསུམ་པ་ལོངས་སྐུ་ནི།

དང་པོ་ལ་བཅུ་ཚན་གསུམ་དང་གཉིས་ལས་དང་པོ་ནི།

གཉིས་པ་དཔེ་བྱད་བརྒྱད་ཅུ་ནི།

གཉིས་པ་བརྟེན་པ་ཡེ་ཤེས་ནི།

གསུམ་པ་མཛད་པ་ཕྲིན་ལས་འདུལ་བྱའི་འགྲོ་བ་རྣམས་ལམ་གྱི་རྟེན་ལ་འགོད་པ་དང༌། ལམ་ལ་འགོད་པ་དང༌། འབྲས་བུ་ལ་འགོད་པའོ། །དང་པོ་ལམ་གྱི་རྟེན་ལ་འགོད་པ་ནི།

དེབ་ཕྲེང་འདི་ཡི་ཁོངས་གཏོགས་འཕྲུལ་དེབ་གཞན།