སྐུ་གསུམ་ངོ་སྤྲོད་བཞུགས་སོ།།

Introduction to the Three Kayas

བཀའ་བརྒྱུད་བླ་མ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གནད་བཞི་ཆོས་ཉིད་ཀྱི་འཁོར་ལོ་ལ་སོགས་པ་ཐམས་ཅད་ཡོངས་སུ་རྫོགས་པའི་སྐུ་གསུམ་ངོ་སྤྲོད་ཀྱི་གདམས་ངག་འདི་ལ། གང་ཟག་བློ་དམན་པ་རྣམས་ལ་སྔོན་དུ་འགྲོ་བའི་ཆོས་བཞི་དང་། གང་ཟག་དབང་པོ་འབྲིང་རྣམས་ལ་གནད་བཞི་ཆོས་ཉིད་ཀྱི་འཁོར་ལོ་དང་། གང་ཟག་དབང་པོ་རབ་ཏུ་གྱུར་པ་རྣམས་ལ་སྐུ་གསུམ་ངོ་སྤྲོད་ཕྱག་རྒྱ་ཆེན་པོ་ཅིག་ཆར་བའི་མན་ངག་བཅས་གསུམ་ཡོད། དེ་ཡང་གདམས་ངག་འདི་རྣམས་ཆོས་ཐམས་ཅད་ཀྱི་རྩ་བ། མན་ངག་ཐམས་ཅད་ཀྱི་དངོས་གཞི། དབང་པོ་ཡང་རབ་ཅིག་ཆར་བའི་དམ་ཆོས་ཡིན་པས་ན། སློབ་མ་དད་པ་དང་དམ་ཚིག་གཙང་ཞིང་བརྩོན་འགྲུས་དང་ལྡན་པས་ཚེ་ཕྱི་མ་དོན་དུ་གཉེར་བ་དག་ལ་བསྟན་པར་བྱ་བའི་ཆོས་སོ།།

དཀར་ཆག་མེད།

ས་བཅད་མེད།

དེབ་ཕྲེང་འདི་ཡི་ཁོངས་གཏོགས་འཕྲུལ་དེབ་གཞན།