དུས་གསུམ་མཁྱེན་པའི་ཚོགས་ཆོས།

Dharma for the Masses

༧རྗེ་ཀརྨ་པ་དུས་མཁྱེན་པས་འཁོར་འདུས་པའི་ཚོགས་སུ་གསུངས་པའི་ཆོས་ཀྱི་ཕུང་པོ་འདིར། རྟག་ཏུ་འཆི་བ་བསམ་པ། ལས་སུ་བསགས་པ་བགྲང༌བ། དཀོན་མཆོག་གསུམ་མཆོད་པ། ངོ་བོ་གཉིས་མེད་བསྒོམ་པ་སྟེ་གལ་ཆེའི་ཉམས་ལེན་གྱི་ཆོས་བཞི། ཆགས་པ་དང་ཡོན་ཏན་གྱི་རློམ་པ་སྟེ་གསང་སྔགས་སྒོམ་སྒྲུབ་ཀྱི་འགལ་རྐྱེན་གཉིས། གཞི་ཚུལ་ཁྲིམས་ལ་གནས་པ། ཐོས་པ། བསམ་པ། སྒོམ་པ་སྟེ་བྱང་ཆུབ་སྒྲུབ་པའི་ལམ་གྱི་ཡན་ལག་བཞི། དད་པ། ཤེས་རབ། སྙིང་རྗེ། བླ་མ་མཇལ་བ། ཆོས་ཞུ་བ་སྟེ་བྱང་ཆུབ་མྱུར་དུ་སྒྲུབ་པའི་ཆོས་དྲུག་སོགས་ཟབ་མོའི་ཞལ་གདམས་གསུངས་པ་འགའ་ཞིག་གཅིག་ཏུ་བསྒྲིགས་པའོ།།

༄༅། །དུས་གསུམ་མཁྱེན་པའི་ཚོགས་ཆོས།

༈ གསང་སྔགས་སྒོམ་སྒྲུབ་ཀྱི་འགལ་རྐྱེན།

༈ བྱང་ཆུབ་སྒྲུབ་པའི་ལམ་གྱི་ཡན་ལག

༈ བྱང་ཆུབ་མྱུར་དུ་སྒྲུབ་པའི་ཆོས་དྲུག

ས་བཅད་མེད།

དེབ་ཕྲེང་འདི་ཡི་ཁོངས་གཏོགས་འཕྲུལ་དེབ་གཞན།