ཚོགས་ཆོས་མུ་ཏིག་གི་ཕྲེང་བ་བཞུགས་སོ།།

Dharma for the General Public, Pearl Garland

འགྲོ་བའི་མགོན་པོ་དཔལ་ལྡན་སྒམ་པོ་པ་ཆེན་པོས་འཁོར་དགེ་འདུན་འདུས་པའི་ཚོགས་པ་ལ་གསུངས་པའི་དམ་པའི་ཆོས། བླ་མ་སྒོམ་ཚུལ་གྱིས་ཡང་ཡང་ནན་ཏན་བྱས་ནས་རྣམ་ཐར་གཞན་དང་མ་འདྲེས་པར་བླ་མས་གསུངས་པ་ལས་མ་ཆད་མ་ལྷག་པར་གསུང་སྒྲོས་གྲུ་བཞི་ལམ་མེ་ཡི་གེར་བྲིས་པ་འདིར། དང་པོ་མི་རྟག་པ་བསྒོམ་ནས་ཚེ་འདི་ལ་བློ་ལྡོག་པར་བྱས་ནས་ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་བསྒོམ་ཚུལ། དེ་ནས་ཅི་བྱེད་ལམ་ཕར་ཕྱིན་དྲུག་ལྡན་དུ་ལམ་དུ་འཁྱེར་ཚུལ། མཐར་མི་དམིགས་པའི་རྩི་ཡིས་ཟིན་དགོས་ཚུལ་སོགས་སྦྱོར་དངོས་རྗེས་གསུམ་གྱི་ཆོས་ཉམས་སུ་བླང་བར་བྱ་བའི་ཞལ་གདམས་དང་། གཞན་ཡང་། སྔགས་དང་། རྫས་དང་། ཆོས་ཀྱི་རྣལ་འབྱོར་གསུམ་ཉམས་སུ་ལེན་ཚུལ། རྩེ་གཅིག སྤྲོལས་བྲལ། རོ་གཅིག སྒོམ་མེད་དེ་རྣལ་འབྱོར་བཞིའི་སྒོམ་ཚུལ་སོགས་ལམ་ཚང་ལ་མ་ནོར་བའི་གདམས་ཟབ་བྱིན་རླབས་ཆེ་བ་དག་གཅིག་ཏུ་བསྒྲིགས་པའོ།།

དཀར་ཆག་མེད།

ས་བཅད་མེད།

དེབ་ཕྲེང་འདི་ཡི་ཁོངས་གཏོགས་འཕྲུལ་དེབ་གཞན།