ལྷ་རྗེ་ཚུལ་ཁྲིམས་འོད་ལ་གདམས་པ།

Advice for the Physician Tsultrim Od

༧ཇོ་ནང་ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱིས་ལྷ་རྗེ་ཚུལ་ཁྲིམས་འོད་ལ་གདམས་པའི་བསྟན་བཅོས་འདིར། སྣང་སྲིད་འཁོར་བའི་ཆོས་རྣམས་རང་ངོས་ནས་སྟོང་ནའང་རྣམ་རྟོག་བག་ཆགས་ཀྱི་གཞན་དབང་ལས་འཁྲུལ་སྣང་སྣ་ཚོགས་རྒྱུན་ཆད་མེད་པར་འཆར་ཚུལ་དང་། འཁྲུལ་སྣང་དེ་དག་འཁྲུལ་སྣང་དུ་ཤེས་ཀྱང་རླུང་སེམས་ཀྱི་འགྱུ་བ་མ་འགགས་བར་འཁྲུལ་རྒྱུན་མི་འགག་པའི་ཚུལ་དང་། རླུངས་སེམས་ཀྱི་འགྱུ་བ་འགག་པར་བྱེད་པ་ལ་བདེ་གཤེགས་སྙིང་པོའི་གདམས་ངག་ཐུན་མོང་མ་ཡིན་པ་ལས་གཞན་ཐན་ཐུན་གྱིས་མི་ནུས་པ་དང་། ལྷག་པར་བྱང་ཤམ་བྷ་ལའི་ཁྱད་ཆོས་རིགས་ལྡན་ས་བཅུ་པ་རྣམས་ཀྱི་སྙིང་གཏམ་ཐུན་མིན་གྱི་གདམས་ངག་ཉིད་སྒྲོ་སྐུར་གྱི་མཐའ་ལས་འདས་པའི་ངེས་དོན་གཞན་སྟོང་དབུ་མ་ཆེན་པོར་གྱུར་བས། དེ་ཉིད་ཀྱི་གཞི་ལམ་འབྲས་གསུམ་ལ་ཚུལ་བཞིན་སློབ་དགོས་པ་སོགས་ལས་བརྩམས་ཏེ། ཀུན་རྫོབ་རང་ངོས་སྟོང་པའི་སྟོང་ཚུལ་དང་། དོན་དམ་གཞན་གྱིས་སྟོང་པའི་སྟོང་ཚུལ་གཉིས་དགག་གཞག་དང་བཅས་དཔེ་སྣ་ཚོགས་ཀྱི་སྒོ་ནས་གསལ་བར་མཛད་དོ།།

དཀར་ཆག་མེད།

ས་བཅད་མེད།

དེབ་ཕྲེང་འདི་ཡི་ཁོངས་གཏོགས་འཕྲུལ་དེབ་གཞན།