རྫོགས་ལྡན་གྱི་གསོལ་འདེབས།

A Supplication to the Golden Age

ཇོ་ནང་ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱིས་གངས་ཅན་འདི་ན་ལྟ་བ་ཉམས་པ་མང་པོས་རང་ངོས་སྟོང་པའི་སྟོང་ཉིད་ཉི་ཚེ་བ་ལ་ཤེར་ཕྱིན་ཟབ་མོ་དང་། དབུ་མ་ཆེན་པོ་དང་། མྱང་འདས་ཆེན་པོ་དང་། ཕྱག་རྒྱ་ཆེན་པོ་དང་། འོད་གསལ་ཆེན་པོ་དང་། བདེ་བ་ཆེན་པོ་དང་། བྱང་ཆུབ་ཆེན་པོ་དང་། དོན་དམ་བདེན་པ་དང་། ཆོས་ཉིད་ཟབ་མོ་དང་། ཆོས་ཀྱི་དབྱིངས་དང་། དེ་བཞིན་ཉིད་དང་།འགྱུར་བ་མེད་པ་དང་། ཡོངས་སུ་གྲུབ་པ་དང་། བདེ་གཤེགས་སྙིང་པོ་དང་། རང་བཞིན་རིགས་དང་། ངོ་བོ་ཉིད་སྐུ་དང་། དོན་དམ་ཆོས་སྐུ་དང་། སངས་རྒྱས་སྐུ་ལྔ་དང་། ཡེ་ཤེས་རྣམ་ལྔ་དང་། རྡོ་རྗེ་སེམས་དཔའ་དང་། ཨ་ཏི་ཡོ་ག་དང་། ཀུན་ཏུ་བཟང་པོ་དང་། བདེ་དགྱེས་ཡོ་ག་དང་། གསང་བ་འདུས་པ་དང་། དུས་ཀྱི་འཁོར་ལོ་དང་། རྡོ་རྗེ་དབྱིངས་དང་། རྡོ་རྗེ་རྩེ་མོ་དང་། དཔལ་མཆོག་དང་པོ་དང་། འགོག་བདེན་ཟབ་མོ་དང་། ཆོས་ཉིད་རིག་པ་དང་། དོན་དམ་ཚད་མ་སོགས་སུ་རློམ་ནས་བསྟན་པ་ཉམས་པར་བྱས་ཤིང་སེམས་ཅན་མང་པོ་ལམ་ལོག་ལམ་གོལ་དུ་ཞུགས་པར་ཐུགས་ཀྱིས་མ་བཟོད་ནས་དེ་དག་ལ་སྙིང་རྗེའི་སྒོ་ནས་ཕྱོགས་བཅུའི་རྒྱལ་བ་རྣམས་ལ་ཐུགས་རྗེས་གཟུང་ཞིང་དེ་མིན་ལ་དེར་འཛིན་གྱི་ལོག་རྟོག་དེ་དག་ལས་རྣམ་པར་གྲོལ་ཏེ་རྫོགས་ལྡན་ལུགས་ཀྱི་ལྟ་སྒོམ་སྤྱོད་གསུམ་མྱུར་དུ་རྫོགས་པར་མཛད་དུ་གསོལ་ཞེས་གསོལ་བ་འདེབས་པའོ།།

དཀར་ཆག་མེད།

ས་བཅད་མེད།

དེབ་ཕྲེང་འདི་ཡི་ཁོངས་གཏོགས་འཕྲུལ་དེབ་གཞན།