ཉི་འོད་ལ་གདམས་པ།

Advice for Nyiod

ཇོ་ནང་ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱིས་ཉི་འོད་ལ་གདམས་པའི་ཞུང་འདིར། སྣང་ལུགས་ལ་བདེན་པ་ཉིས་ཡ་བྲལ་དུ་སྣང་ཡང་ཡིན་ལུགས་ལ་བདེན་གཉིས་ཟུང་འཇུག་ཡིན་པ་དང་། སྣང་ལུགས་ལ་སེམས་ཅན་སྡུག་བསྔལ་བར་སྣང་ཡང་ཡིན་ལུགས་ལ་སྡུག་བསྔལ་གྲུབ་མ་མྱོང་བ་དང་། སྣང་ལུགས་ལ་སྣོད་བཅུད་འཁོར་བར་སྣང་ཡང་ཡིན་ལུགས་ལ་འཁོར་བ་གཏན་ནས་མེད་པ་དང་། སྣང་ལུགས་ལ་སེམས་ཅན་གྲངས་ལས་འདས་ཀྱང་ཡིན་ལུགས་ལ་སེམས་ཅན་གཅིག་ལས་མེད་པ་དང་། སྣང་ལུགས་ལ་སངས་རྒྱས་འགྱུར་བ་དང་། སྒྱུ་མ་ལྟ་བུ་དང་། གྲངས་ལས་འདས་པར་སྣང་ཡང་། ཡིན་ལུགས་ལ་སངས་རྒྱས་འགྱུར་མེད་རྟག་པ་གཅིག་ལས་མེད་པ་དང་། དག་པ་གཉིས་ལྡན་གྱི་སངས་རྒྱས་དང་ཁམས་གསུམ་འཁོར་བའི་སེམས་ཅན་གཉིས་མཉམ་བཞག་ལ་ཟློ་བའི་སྐབས་སུ་སྤྲོས་བྲལ་ཡིན་པར་མཉམ་ཡང་། རྗེས་ཐོབ་ཤན་འབྱེད་པའི་སྐབས་སུ་ཆོས་ཐམས་ཅད་རང་སྟོང་དུ་ཞེན་ན་སྐྱོན་དང་། དོན་དམ་པའི་ཆོས་རྣམས་མི་སྟོང་པར་ཞེན་ན་ཡོན་ཏན་དུ་གདམས་སོ།།

དཀར་ཆག་མེད།

ས་བཅད་མེད།

དེབ་ཕྲེང་འདི་ཡི་ཁོངས་གཏོགས་འཕྲུལ་དེབ་གཞན།