༧ཇོ་ནང་ཀུན་མཁྱེན་དོལ་པོ་པའི་སྤྲིང་ཡིག་ཆེན་མོའི་ཚིག་འགྲེལ་གསལ་བྱེད་མཚོན་ཙམ་ངེས་གསང་སྒོ་འབྱེད་ཅེས་བྱ་བའི་ས་བཅད་དང་རྩ་ཚིག་སྦྲགས་མ་བཞུགས་སོ།།

Opening the Definite Secret. A Commentary Elucidating the Words of the Omniscient Jonang Master of Dolpo’s Great Letter.

ཀུན་མཁྱེན་དོལ་པོ་སངས་རྒྱས་སམ་རྟོན་པ་བཞི་ལྡན་གྱིས་མཛད་པའི་སྤྲིངས་ཡིག་ཆེན་མོའི་ཚིག་འགྲེལ། ཤར་འཛམ་ཐང་པ་ཆོས་རྗེ་བླ་མ་ངག་དབང་བློ་གྲོས་གྲགས་པས་མཛད་པ་འདི་ནི། བླ་ན་མེད་པའི་གསང་བའི་ཐེག་པ་མཆོག་གི་ཆོས་ཚུལ་སྔགས་ཀྱི་གཞན་སྟོང་དབུ་མ་ཆེན་མོ་གཞི་འབྲས་དབྱེར་མེད་ཀྱི་ངོ་བོ། གནས་ལུགས་དྲི་མེད་དེ་བཞིན་ཉིད་དང་གློ་བུར་དྲི་མ་གཉིས་ཀྱི་རྣམ་དབྱེ་སོ་སོར་ཕྱེ་ནས་རྫོགས་ལྡན་ཟབ་མོའི་ཆོས་ཚུལ་རྒྱལ་བ་ཀུན་གྱི་ངེས་གསང་ཟབ་མོའི་གནད། རྟོན་པ་བཞི་ལྡན་གྱི་ཐུགས་ཀྱི་བཅུད་གསལ་བར་བསྟན་པའོ།།

དཀར་ཆག་མེད།

༄༅། །༧ཇོ་ནང་ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱིས་མཛད་པའི་བཀའ་མདོ་རྒྱུད་ཟབ་མོ་ཀུན་གྱི་སྤྱི་འགྲེལ་གཅིག་ཤེས་ཀུན་གྲོལ་ཞེས་བྱ་བའི་བསྟན་བཅོས་འདི་ཉིད་འཆད་པ་ལ་གསུམ་སྟེ། ༡༽ཐོག་མར་དགེ་བ་ཀླད་ཀྱི་དོན། ༢༽བར་དུ་དགེ་བ་གཞུང་གི་དོན། ༣༽ཐ་མར་དགེ་བ་མཇུག་དོན་ནོ། །དང་པོ་ཐོག་མར་དགེ་བ་ཀླད་ཀྱི་དོན་ལ་གཉིས་ཏེ། དང་པོ་བསྟན་བཅོས་ཀྱི་མཚན་བརྗོད་པ་ནི།

གཉིས་པ་ཕྱག་འཚལ་བ་ལ་གསུམ་སྟེ། ༡༽ བླ་མ་དང་སངས་རྒྱས་བྱང་ཆུབ་སེམས་དཔའ་སོགས་ལ་ཕྱག་འཚལ་བ་ནི།

༢༽ཀུན་རྫོབ་ཀུན་བཏགས་ཀུན་གྱིས་སྟོང་པའི་གཞི་དོན་དམ་ཡོངས་གྲུབ་ཆོས་ཀྱི་དབྱིངས་ལ་ཕྱག་འཚལ་བ་ནི།

༣༽ཀུན་རྫོབ་གཞན་དབང་རྣམ་རྟོག་ཀུན་གྱིས་སྟོང་པའི་གཞི་རང་བྱུང་ཡེ་ཤེས་འདུས་མ་བྱས་ལ་ཕྱག་འཚལ་བ་ནི།

གཉིས་པ་བར་དུ་དགེ་བ་གཞུང་གི་དོན་ལ་བརྒྱད་ལས། ༡༽གཟིགས་གཅིག་གི་དེ་བཞིན་ཉིད་ཤེས་གྱུར་ན་ཆོས་ཀུན་གྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་ཚུལ་ནི།

༢༽གཟིགས་གཅིག་གི་དེ་བཞིན་ཉིད་ཤེས་གྱུར་ན་ཆོས་ཀུན་གྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་ཚུལ་ལུང་གིས་བསྒྲུབ་པ་ནི།

༣༽སྐབས་འདིར་མདོ་དང་རྒྱས་པའི་གོ་དོན་ཡང་སློབ་དཔོན་དབྱིག་གཉེན་གྱིས་གསུངས་པ་ལྟར་དོན་ལ་གནས་ཚུལ་ནི།

༤༽དཔལ་ལྡན་ཀྱེའི་རྡོ་རྗེའི་རྒྱུད་དུ་ཡང་དེ་ལྟར་གསུངས་ཚུལ་ནི།

༥༽གཞི་འབྲས་གཉིས་ཀྱི་དེ་བཞིན་ཉིད་ལ་ངོ་བོ་དབྱེར་མེད་དུ་བསྟན་པ་ནི།

༦༽དེ་ལྟར་ཤེས་ན་མདོ་རྒྱུད་ཀུན་གྱི་དོན་དམ་པའི་སྦྱོང་གཞི་དང་སྦྱངས་འབྲས་ཤེས་པར་འགྱུར་པའི་ཕན་ཡོན་བསྟན་པ་ནི།

༧༽དེ་ལྟར་ཤེས་ན་མདོ་རྒྱུད་ཀུན་གྱི་ཀུན་རྫོབ་པའི་སྦྱོང་བྱེད་ལམ་རྡོ་རྗེའི་རྣལ་འབྱོར་ཡང་ཤེས་པར་འགྱུར་པའི་ཕན་ཡོན་བསྟན་པ་ནི།

༨༽ དེ་དག་གི་དོན་བསྡུ་བ་ནི།

གསུམ་པ་ཐ་མར་དགེ་བ་མཇུག་དོན་ལ་གསུམ་སྟེ། ༡༽མཛད་བྱང་སྨོས་པ་ནི།

༢༽ཆོས་ཚུལ་འདི་གཞན་ལས་ཁྱད་པར་འཕགས་ཚུལ་བསྟན་པ་ནི།

༣༽བཀྲ་ཤིས་པའི་སྨོན་ཚིག་ནི།

དེབ་ཕྲེང་འདི་ཡི་ཁོངས་གཏོགས་འཕྲུལ་དེབ་གཞན།