བཀའ་མདོ་རྒྱུད་ཟབ་མོ་ཀུན་གྱི་སྤྱི་འགྲེལ་གཅིག་ཤེས་ཀུན་གྲོལ་ཞེས་བྱ་བའི་གཞུང་དང་ས་བཅད་སྦྲགས་མ་བཞུགས་སོ།།

Knowing the One That Liberates All, a General Presentation of the Profound Word of the Buddha – Sutra and Tantra Combined with Its Topical Outline

ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱིས་མཛད་པའི་བཀའ་མདོ་རྒྱུད་རྒྱ་མཚོ་ཀུན་གྱི་སྤྱི་འགྲེལ་རྩ་ཚིག་ལ་ས་བཅད་ཁ་སྣོན་བགྱིས་པ་འདིར། རྒྱལ་བའི་ཡུམ་ལས། གཟུགས་ཀྱི་དེ་བཞིན་ཉིད་ཤེས་ན་ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་ཞེས་གསུངས་པའི་དགོངས་པ་སློབ་དཔོན་དབུ་མ་ཆེན་པོ་དབྱིག་གཉེན་ཞབས་ཀྱིས་ཡུམ་གསུམ་གྱི་གཞུང་འགྲེལ་གནོད་འཇོམས་སུ། གང་ཚེ་ཡོངས་སུ་གྲུབ་པ་དེ་བཞིན་ཉིད་ཙམ་དུ་ཤེས་པ་དེ་ཚེ་མདོ་ཤེས་པར་འགྱུར་རོ། །ཞེས་བཀྲལ་བ་ལྟར་དོན་ལ་གནས་ཚུལ་དང་། དགོངས་པ་དེ་དང་མཐུན་པར་རྣལ་འབྱོར་བླ་མེད་མ་རྒྱུད་དགྱེས་པ་རྡོ་རྗེར་ཡང་གསུངས་ཚུལ་དང་། གཞི་འབྲས་གཉིས་ཀྱི་དེ་བཞིན་ཉིད་ངོ་བོ་དབྱེར་མེད་ཡིན་ཚུལ་དང་། དེ་ལྟར་ཤེས་ན་མདོ་རྒྱུད་ཀུན་གྱི་དོན་དམ་པའི་སྦྱང་གཞི་དང་སྦྱངས་འབྲས་ཤེས་པར་འགྱུར་པའི་ཕན་ཡོན་ཡོད་ཚུལ་སོགས་བཀའ་མདོ་རྒྱུད་ཀུན་གྱི་སྤྱི་འགྲེལ་གཅིག་ཤེས་ཀུན་གྲོལ་བསྟན་པའོ།།

དཀར་ཆག་མེད།

༧ཇོ་ནང་ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱིས་མཛད་པའི་སོ་སོ་སྐྱེ་བོའི་པཎྜི་ཏ་ལ་སོགས་པ་རྣམས་ཀྱི་འཁྲུལ་བ་ལུང་བསྟན་པ་ཞེས་བྱ་བའི་གཞུང་བཟང་འདི་ཉིད་འཆད་པ་ལ་གསུམ་སྟེ། ༡༽ཐོག་མར་དགེ་བ་ཀླད་ཀྱི་དོན་དང་། ༢༽བར་དུ་དགེ་བ་གཞུང་གི་དོན་དང་། ༣༽ཐ་མར་དགེ་བ་མཇུག་གི་དོན་ནོ། །

དང་པོ་ཐོག་མར་དགེ་བ་ཀླད་ཀྱི་དོན་ལ་གསུམ་ཏེ། ༡༽བསྟན་བཅོས་ཀྱི་མཚན་སྨོས་པ་ནི།

༢༽མཆོད་པར་བརྗོད་པ་ནི།

༣༽བཤད་པར་དམ་བཅའ་བ་ནི།

གཉིས་པ་བར་དུ་དགེ་བ་གཞུང་གི་དོན་ལ་བཞི་སྟེ། ༡༽མདོར་བསྟན་པ་དང་། ༢༽རྒྱས་པར་བཤད་པ་དང་། ༣༽སངས་རྒྱས་ལས་ཀྱང༌སོ་སྐྱེ་མཁས་པ་པཎྜིཏ་དེ་རྣམས་ཚད་མར་འཐད་ཚུལ་གྱི་དྭོགས་པ་སྤོང་པ་དང་། ༤༽གཞུང་འདིའི་དོན་བསྡུ་བའོ། །དང་པོ་མདོར་བསྟན་པ་ནི།

གཉིས་པ་རྒྱས་པར་བཤད་པ་ལ་བཅོ་ལྔ་སྟེ། དང་པོ་རྫོགས་ལྡན་གྱི་ཆོས་ལུང་དུ་མས་ཐེག་པ་མཆོག་གི་དོན་འགྲེལ་པར་མི་དབང་བ་རྣམས་ཀྱིས་འགྲེལ་པ་དང་རང་བཟོའི་བཤད་པ་ལ་སོགས་པ་བྱས་པའི་འཁྲུལ་བ་གསུངས་ཚུལ་ནི།

གཉིས་པ་འཕགས་ཡུལ་དུ་སོ་སོ་སྐྱེ་བོའི་པཎྜིཏ་དང༌རྡོ་རྗེ་སློབ་དཔོན་ལ་སོགས་པ་རྣམས་ཀྱིས་རང་བཟོ་དང༌གཟུ་ལུམ་དང༌བྱ་བ་མ་ཡིན་པ་བྱེད་པ་ལ་སོགས་པ་འབྱུང་བར་ལུང་བསྟན་ཚུལ་ནི།

གསུམ་པ་པཎྜིཏ་དང༌རྒྱས་འགྲེལ་ཡིན་ཚད་དང༌རྒྱ་དཔེ་ན་ཡོད་ཚད་ལ་ཡིད་ཆེས་དང་དཔང་དུ་བྱེད་མི་རུང་བར་ལེགས་པར་བརྟག་དགོས་པར་བསྟན་པ་ནི།

བཞི་པ་དེ་བཞིན་དུ་བླ་མ་ལ་ཡང་ལེགས་པར་བརྟགས་དགོས་པར་ལུང་གིས་བསྟན་པ་ནི།

ལྔ་པ་བཤང་གཅི་ལ་སོགས་པའི་མི་གཙང་བ་རྣམས་དང༌ཀུན་གཞི་རྣམ་ཤེས་ལ་སོགས་དང་ཉོན་མོངས་དང་མི་དགེ་བ་རྣམས་ཀྱང་རང་བཞིན་གྱིས་རྣམ་པར་དག་པ་ཡིན་པར་སྨྲ་བ་ལའང་འཇིག་རྟེན་དབང་ཕྱུག་གིས་བཀའ་བཀྱོན་མཛད་ཚུལ་བསྟན་པ་ནི།

དྲུག་པ་དེ་བཞིན་གཤེགས་པའི་སྙིང་པོ་ལ་སྡང་ཞིང་འཕགས་པའི་གང་ཟག་དང་ཆོས་ལ་སྐྱོན་བརྗོད་པ་རྣམས་ཀྱི་སྤྱོད་པ་དང་འགྲོ་ས་རྣམས་འཇིག་རྟེན་དབང་ཕྱུག་གིས་ལུང་བསྟན་ཚུལ་ནི།

བདུན་པ་བཀའ་བར་པའི་མཐར་ཐུག་གི་དགོངས་པ་ཟབ་མོ་ཅིར་ཡང་མ་གྲུབ་ཙམ་གྱི་མེད་དགག་ཏུ་སྟོན་པའི་པཎྜིཏ་ལ་སོགས་པའི་བླ་མ་རྣམས་འབྱུང་བར་འཇིག་རྟེན་དབང་ཕྱུག་གིས་ལུང་བསྟན་ཚུལ་ནི།

བརྒྱད་པ་དེས་ན་རྟག་ཆད་ཀྱི་མཐའ་ལས་གྲོལ་བའི་གནས་ལུགས་དེ་ཁོ་ན་ཉིད་དམ་དོན་དམ་པའི་ཡེ་ཤེས་སམ་ཆོས་ཉིད་དམ་དེ་བཞིན་ཉིད་རྣམས་ནི་མཆོག་གི་དང་པོའི་སངས་རྒྱས་ཡིན་ཞིང་འདི་ཉིད་མ་ཤེས་ན་མཚན་ཡང་དག་པར་བརྗོད་པ་སོགས་མི་ཤེས་པར་གསུངས་པ་ནས་མཐར་སྔགས་ཀྱི་ཐེག་པ་མི་ཤེས་པ་དེ་དག་ཐམས་ཅད་ནི་འཁོར་བ་པའམ་རྡོ་རྗེ་འཛིན་པའི་ལམ་དང་བྲལ་བར་གསུངས་ཚུལ་ནི།

དགུ་པ་ཡང་མཚན་ཡང་དག་པར་བརྗོད་པའི་དོན་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་མ་ཤེས་ན་ཐེག་པ་ཐམས་ཅད་ཀྱི་ངེས་པའི་དོན་གྱི་སྙིང་པོ་མི་ཤེས་ལ། དེ་མ་ཤེས་ན་སློབ་དཔོན་དང་སློབ་མ་གཉིས་ཀ་སངས་རྒྱས་ཀྱི་ལམ་ལས་ཉམས་པར་མ་འོངས་པའི་དུས་སུ་འབྱུང་བར་འཇིག་རྟེན་དབང་ཕྱུག་གིས་ལུང་བསྟན་ཚུལ་ནི།

བཅུ་པ་མཚན་ཡང་དག་པར་བརྗོད་པའི་དོན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་དོན་དམ་རྟག་པ་ཆོས་ཀྱི་དབྱིངས་འདི་ཤེས་ན་ཐེག་པ་ཐམས་ཅད་ཀྱི་མཐར་ཐུག་ངེས་པའི་དོན་གཅིག་ཏུ་ཤེས་ཚུལ་ལུང་གིས་བསྟན་པ་ནི།

བཅུ་གཅིག་པ་དེས་ན་ཚུལ་གསུམ་སྒྲོན་མར་ཁྱད་ཆོས་བཞིས་ཕར་ཕྱིན་ཐེག་པ་ལས་སྔགས་ཀྱི་ཐེག་པ་ཁྱད་པར་འཕགས་ཚུལ་གསུངས་ཀྱང་མདོ་སྔགས་གཉིས་ཀྱི་དོན་དམ་བདེ་གཤེགས་སྙིང་པོའི་གནས་ལུགས་ཀྱི་ཆ་ནས་ཁྱད་མེད་པར་དོན་གཅིག་ཏུ་བསྟན་ཚུལ་ནི།

བཅུ་གཉིས་པ་དེས་ན་མཚན་ཡང་དག་པར་བརྗོད་པའི་རྒྱུད་འདིས་ཀུན་རྫོབ་ཀྱིས་སྟོང་པའི་གཞི་ངེས་དོན་བདེ་གཤེགས་སྙིང་པོ་དང་དབྱེར་མ་མཆིས་པའི་དོན་དམ་པའི་མཚན་ཁོ་ན་ཡང་དག་པར་བརྗོད་ཚུལ་བསྟན་པ་ནི།

བཅུ་གསུམ་པ་དབང་བཞི་པའི་དོན་ཡང་དེ་ཉིད་ཡིན་པས་དེ་མ་རྟོགས་ན་དབང་ཐམས་ཅད་དོན་མེད་པར་འགྱུར་ཚུལ་ལུང་གིས་བསྟན་པ་ནི།

བཅུ་བཞི་པ་དེས་ན་དབང་བཞི་པའི་དོན་མི་ཤེས་པའི་པཎྜིཏ་དང་བླ་མ་ལ་སོགས་པས་རྟོག་གེའི་ལམ་ནས་ཆོས་ཉིད་ལ་ཁྲིད་པའི་ཕྱིར་ན་ཡིད་རྟོན་མི་རུང་བར་དོར་བྱར་གསུངས་ཚུལ་ནི།

བཅོ་ལྔ་པ་སྐྱེ་འཕགས་ཀྱི་སློབ་དཔོན་ཚོར་ཡིད་རྟོན་རུང་དང་མི་རུང་བའི་རྒྱུ་མཚན་བསྟན་པ་ནི།

གསུམ་པ་སངས་རྒྱས་ལས་ཀྱང༌སོ་སྐྱེ་མཁས་པ་པཎྜིཏ་དེ་རྣམས་ཚད་མར་འཐད་ཚུལ་གྱི་དྭོགས་པ་སྤོང་པ་ལ་གཉིས་ཏེ། དང་པོ་དྭོགས་པ་བཀོད་པ་ནི།

གཉིས་པ་དེ་ཉིད་མི་འཐད་པར་ལུང་རིགས་དུ་མས་སྒྲུབ་པ་ནི།

བཞི་པ་གཞུང་འདིའི་དོན་བསྡུ་བ་ནི།

གསུམ་པ་ཐ་མར་དགེ་བ་མཇུག་གི་དོན་ལ་གཉིས་ཏེ། ༡༽གཞུང་འདིའི་ཆོས་ཁུངས་དང་རྫོགས་ལྡན་གྱི་ལུགས་ནི་གསུམ་ལྡན་མར་བཅད་སྐྱོན་ཅན་ཀྱི་ལུགས་ལས་ཁྱད་པར་འཕགས་ཚུལ་གྱི་སྒོ་ནས་མཇུག་བསྡུ་བ་ནི།

༢༽སྨོན་ཚིག་བརྗོད་པ་ནི།

དེབ་ཕྲེང་འདི་ཡི་ཁོངས་གཏོགས་འཕྲུལ་དེབ་གཞན།