བདེ་གཤེགས་སྙིང་པོའི་བསྟོད་པ་དད་གུས་གཏེར་ཆེན་ཞེས་བྱ་བའི་གཞུང་དང་ས་བཅད་དང་ཟུར་མཆན་སྦྲགས་མ་བཞུགས་སོ།།

A Great Treasure of Faith and Veneration, a Praise of the Buddha Nature Combined with a Topical Outline and Annotations

A Great Treasure of Faith and Veneration, a Praise of the Buddha Nature Combined with a Topical Outline and Annotations
ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱིས་མཛད་པའི་བདེ་གཤེགས་སྙིང་པོ་ལ་བསྟོད་ཅིང་ཕྱག་འཚལ་བའི་གཞུང་ས་བཅད་ཁ་སྣོན་དང་བཅས་པ་འདིར། དོན་དམ་བདེ་གཤེགས་སྙིང་པོ་ལ། ཀུན་རྫོབ་ཀྱི་ཆོས་གཞན་གྱིས་སྟོང་པའི་ངོ་བོ་སོགས་ཁྱད་ཆོས་བཅུ་དང་། གཅིག་མིན་གྱི་ངོ་བོ་སོགས་ཁྱད་ཆོས་བཅུ་དང་། རྟེན་འབྲེལ་གྱི་ཕུང་པོ་མེད་པའི་ངོ་བོ་སོགས་ཁྱད་ཆོས་བཅུ་དང་ལྡན་པའི་བདག་ཉིད་ཅན་ཡིན་པའི་རྒྱུ་མཚན་གྱིས་ཕྱག་འཚལ་ཞིང་བསྟོད་པ་དང་། བདེ་གཤེགས་སྙིང་པོ་ལ་དེ་བཞིན་ཉིད་དང་། མཚན་མ་མེད་པའི་དབྱིངས་དང་། ཆོས་ཀྱི་དབྱིངས་ཡིན་པ་དང་། དོན་དམ་བདེན་པ་དང་། ཡང་དག་མཐའ་དང་། དབུ་མ་དང་། མྱ་ངན་འདས་པའི་དབྱིངས་། ཕྱག་རྒྱ་ཆེན་པོ་དང་། ཤེས་རབ་ཕ་རོལ་ཕྱིན་མ་དང་། རྡོ་རྗེ་སེམས་དཔའ་དང་། ཀྱེའི་རྡོ་རྗེ་དང་། བདེ་མཆོག་འཁོར་ལོ་དང་། ཀཱ་ལ་ཙཀྲ་དང་། གསང་བ་འདུས་པ་དང་། དོན་དམ་པའི་ལྷ་དང་སྔགས་དང་། ལྷན་ཅིག་སྐྱེས་སྦྱོར་དང་། སྡུག་བསྔལ་ཞི་བྱེད་དང་། ཤིན་ཏུ་རྣལ་འབྱོར་དང་། ཀུན་ལ་ཁྱབ་པའི་ངོ་བོ་སོགས་ཡིན་པར་བསྟན་པའི་སྒོ་ནས་ཕྱག་འཚལ་ཞིང་བསྟོད་པའོ།།

དཀར་ཆག་མེད།

༧ཇོ་ནང་ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱིས་མཛད་པའི་བདེ་གཤེགས་སྙིང་པོའི་བསྟོད་པ་དད་གུས་གཏེར་ཆེན་ཞེས་བྱ་བའི་གཞུང་བཟང་འདི་ཉིད་འཆད་པ་ལ་གསུམ་སྟེ། ཐོག་མར་དགེ་བ་ཀླད་ཀྱི་དོན། བར་དུ་དགེ་བ་གཞུང་གི་དོན། ཐ་མར་དགེ་བ་མཇུག་གི་དོན་ནོ། །

དང་པོ་ཐོག་མར་དགེ་བ་ཀླད་ཀྱི་དོན་ལ་གསུམ་སྟེ། ༡༽བསྟན་བཅོས་ཀྱི་མཚན་སྨོས་པ་དང་། ༢༽རྒྱལ་བ་རིགས་དྲུག་གི་ས་བོན་སྨོས་པས་གནས་དྲུག་དང་དཀྱིལ་འཁོར་དྲུག་ཏུ་དོན་དམ་རིགས་དྲུག་གི་ལྷ་རྣམས་ཡེ་གདོད་མ་ནས་བདེ་གཤེགས་སྙིང་པོ་དང་དབྱེར་མེད་དུ་བཞུགས་པར་གསལ་བཏབ་པ་དང་། ༣༽རྗེ་བཙུན་བླ་མ་དམ་པ་ལ་མཆོད་པར་བརྗོད་པའོ། །

དང་པོ་བསྟན་བཅོས་ཀྱི་མཚན་སྨོས་པ་ནི།

གཉིས་པ་རྒྱལ་བ་རིགས་དྲུག་གི་ས་བོན་སྨོས་པས་གནས་དྲུག་དང་དཀྱིལ་འཁོར་དྲུག་ཏུ་དོན་དམ་རིགས་དྲུག་གི་ལྷ་རྣམས་ཡེ་གདོད་མ་ནས་བདེ་གཤེགས་སྙིང་པོ་དང་དབྱེར་མེད་དུ་བཞུགས་པར་གསལ་བཏབ་པ་ནི།

གསུམ་པ་རྗེ་བཙུན་བླ་མ་དམ་པ་ལ་མཆོད་པར་བརྗོད་པ་ནི།

གཉིས་པ་བར་དུ་དགེ་བ་གཞུང་གི་དོན་ལ་བཅུ་སྟེ།

དང་པོ་ཀུན་རྫོབ་ཆོས་རྣམས་ཀུན་གྱིས་ཡེ་གདོད་མ་ནས་སྟོང་པའི་ངོ་བོ་སོགས་ཁྱད་ཆོས་བཅུའི་བདག་ཉིད་ཅན་གྱི་དོན་དམ་བདེ་གཤེགས་སྙིང་པོ་ལ་ཕྱག་འཚལ་ཞིང་བསྟོད་པ་ནི།

གཉིས་པ་གཅིག་མིན་གྱི་ངོ་བོ་སོགས་ཁྱད་ཆོས་བཅུའི་བདག་ཉིད་ཅན་གྱི་དོན་དམ་བདེ་གཤེགས་སྙིང་པོ་ལ་ཕྱག་འཚལ་ཞིང་བསྟོད་པ་ནི།

གསུམ་པ་རྟེན་འབྲེལ་གྱི་ཕུང་པོ་མེད་པའི་ངོ་བོ་སོགས་ཁྱད་ཆོས་བཅུ་གསུམ་བདག་ཉིད་ཅན་གྱི་དོན་དམ་བདེ་གཤེགས་སྙིང་པོ་ལ་ཕྱག་འཚལ་ཞིང་བསྟོད་པ་ནི།

བཞི་པ་བདེ་གཤེགས་སྙིང་པོ་ཁྱོད་ནི་དེ་བཞིན་ཉིད་དང་མཚན་མ་མེད་པའི་དབྱིངས་དང་ཆོས་ཀྱི་དབྱིངས་ཡིན་པར་རྒྱུ་མཚན་བསྟན་པའི་སྒོ་ནས་བསྟོད་པ་ནི།

ལྔ་པ་བདེ་གཤེགས་སྙིང་པོ་ཁྱོད་ནི་དོན་དམ་བདེན་པ་དང་ཡང་དག་མཐའ་དང་དབུ་མ་དང་མྱ་ངན་འདས་པའི་དབྱིངས་ཡིན་པར་རྒྱུ་མཚན་བསྟན་པའི་སྒོ་ནས་བསྟོད་པ་ནི།

དྲུག་པ་བདེ་གཤེགས་སྙིང་པོ་ཁྱོད་ནི་ཕྱག་རྒྱ་ཆེན་པོ་ཉིད་དང་ཤེས་རབ་ཕ་རོལ་ཕྱིན་མའང་ཡིན་པར་རྒྱུ་མཚན་བསྟན་པའི་སྒོ་ནས་བསྟོད་པ་ནི།

བདུན་པ་བདེ་གཤེགས་སྙིང་པོ་ཁྱོད་ནི་རྡོ་རྗེ་སེམས་དཔའ་མཆོག་དང་ཀྱེའི་རྡོ་རྗེ་མཆོག་དང་བདེ་མཆོག་འཁོར་ལོའང་ཡིན་པར་རྒྱུ་མཚན་བསྟན་པའི་སྒོ་ནས་བསྟོད་པ་ནི།

བརྒྱད་པ་བདེ་གཤེགས་སྙིང་པོ་ཁྱོད་ནི་ཀཱ་ལ་ཙཀྲ་མཆོག་དང་གསང་བ་འདུས་པ་དང་དོན་དམ་པའི་ལྷ་དང་སྔགས་ཀྱང་ཡིན་པར་རྒྱུ་མཚན་བསྟན་པའི་སྒོ་ནས་བསྟོད་པ་ནི།

དགུ་པ་བདེ་གཤེགས་སྙིང་པོ་ཁྱོད་ནི་ལྷན་ཅིག་སྐྱེས་སྦྱོར་དང་སྡུག་བསྔལ་ཞི་བྱེད་དང་ཤིན་ཏུ་རྣལ་འབྱོར་མཆོག་ཀྱང་ཡིན་པར་རྒྱུ་མཚན་བསྟན་པའི་སྒོ་ནས་བསྟོད་པ་ནི།

བཅུ་པ་ཀུན་ལ་ཁྱབ་པའི་ངོ་བོ་སོགས་ཁྱད་ཆོས་དགུའི་བདག་ཉིད་ཅན་གྱི་དོན་དམ་བདེ་གཤེགས་སྙིང་པོ་ལ་ཕྱག་འཚལ་ཞིང་བསྟོད་པ་ནི།

གསུམ་པ་ཐ་མར་དགེ་བ་མཇུག་གི་དོན་ལ་གསུམ་སྟེ། ༡༽བདེ་གཤེགས་སྙིང་པོ་ལ་བསྟོད་པ་དང་གཞན་ལ་སྟོན་པ་དང༌རང་གིས་བསྒོམ་པར་བྱེད་པའི་བསོད་ནམས་ནི་བརླབས་ཆེན་པོར་བྱུང་བས་འདི་དོན་ཀུན་གྱིས་རྟོགས་ཤིང་ཚུལ་བཞིན་བསྒོམས་ནས་གཞན་ལ་སྟོན་པར་སྨོན་པ་དང་། ༢༽མཛད་བྱང་སྨོས་པ་དང་།༣༽རྒྱལ་བ་རིགས་དྲུག་གི་ས་བོན་སྨོས་པས་རང་གཞན་སེམས་ཅན་ཐམས་ཅད་བཀྲ་ཤིས་པར་གསལ་བཏབ་པའོ། །དང་པོ་བདེ་གཤེགས་སྙིང་པོ་ལ་བསྟོད་པ་དང་གཞན་ལ་སྟོན་པ་དང༌རང་གིས་བསྒོམ་པར་བྱེད་པའི་བསོད་ནམས་ནི་བརླབས་ཆེན་པོར་བྱུང་བས་འདི་དོན་ཀུན་གྱིས་རྟོགས་ཤིང་ཚུལ་བཞིན་བསྒོམས་ནས་གཞན་ལ་སྟོན་པར་སྨོན་པ་ནི།

གཉིས་པ་མཛད་བྱང་སྨོས་པ་ནི།

གསུམ་པ་རྒྱལ་བ་རིགས་དྲུག་གི་ས་བོན་སྨོས་པས་རང་གཞན་སེམས་ཅན་ཐམས་ཅད་བཀྲ་ཤིས་པར་གསལ་བཏབ་པ་ནི།

དེབ་ཕྲེང་འདི་ཡི་ཁོངས་གཏོགས་འཕྲུལ་དེབ་གཞན།