སློབ་མ་རྣམས་ལ་སྤྲིང་བ་སྐུར་འདེབས་དང་སྒྲོ་འདོགས་སྤང་བ་ཞེས་བྱ་བའི་གཞུང་དང་ས་བཅད་སྦྲགས་མ་བཞུགས་སོ།།

A Letter to a Disciple Containing Clarifications Combined with Its Topical Outline

ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱིས་རང་གི་སློབ་མ་རྣམས་ལ་སྤྲིངས་པའི་གཞུང་འདིར། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་ཤིང༌། གསལ་པོར་གསུངས་པའི་རང་འགྲེལ་ཁྱད་འཕགས་མང་པོའི་ཁུངས་ཆོད་པ་ལ་བརྟེན་ནས། རྫོགས་ལྡན་དང་གསུམ་ལྡན་གྱི་ཆོས་དང་གང་ཟག་རྣམས་ལ་ཡིད་བརྟན་དུ་རུང་མིན་དང་། འཁོར་ལོ་གསུམ་པ་སེམས་ཙམ་དུ་གྲགས་པ་མི་བདེན་པར་ཐག་ཆོད་པ་དང་། བྱམས་ཆོས་སྡེ་ལྔ་དབུ་མའི་བསྟན་བཅོས་སུ་ཐག་ཆོད་པ་དང་། མདོ་ཕལ་པོ་ཆེ་སེམས་ཙམ་མིན་པར་དབུ་མར་ཐག་ཆོད་པ་དང་། འཕགས་པ་ཐོགས་མེད་སེམས་ཙམ་གྱི་པཎྜི་ཏར་གྲགས་པ་མི་བདེན་པ་དང་། ལྷག་པར་དུ་འཕགས་པ་དེ་དང་དེ་ལྟ་བུས་ཤེར་ཕྱིན་སེམས་ཙམ་དུ་བཀྲལ་ཞེས་གྲགས་པ་མི་བདེན་པ་སོགས་དབུ་མ་ཆེན་པོ་གཞན་སྟོང་རྫོགས་ལྡན་ལུགས་ལ་མེད་པ་སྒྲོ་འདོགས་དང་ཡོད་པ་སྐུར་འདེབས་ཀྱི་སྐྱོན་གཉིས་སྤོང་ཚུལ་བསྟན་པའོ།།

དཀར་ཆག་མེད།

༧ཇོ་ནང་ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱིས་མཛད་པའི་གསོལ་འདེབས་ཀྱི་རྒྱལ་པོ་ཞེས་བྱ་བའི་གཞུང་བཟང་འདི་ཉིད་འཆད་པ་ལ་གསུམ་སྟེ། ༡༽ཐོག་མར་དགེ་བ་ཀླད་ཀྱི་དོན་དང་། ༢༽བར་དུ་དགེ་བ་གཞུང་གི་དོན་དང་། ༣༽ཐ་མར་དགེ་བ་མཇུག་གི་དོན་ནོ། །དང་པོ་ཐོག་མར་དགེ་བ་ཀླད་ཀྱི་དོན་ལ་གཉིས་ཏེ། ༡༽ བསྟན་བཅོས་ཀྱི་མཚན་སྨོས་པ་ནི།

༢༽ མཆོད་པར་བརྗོད་པ་ནི།

གཉིས་པ་བར་དུ་དགེ་བ་གཞུང་གི་དོན་ལ་བཅུ་དྲུག་སྟེ། ༡༽གང་གིས་ཇི་ལྟར་བུམ་པའི་སྦུབས་ན་མར་མེ་གནས་པ་ལྟར་འགྲོ་བ་ཀུན་ལ་འོད་གསལ་ཆོས་སྐུ་བཞུགས་ཚུལ་སྟོན་པར་འདུད་པ་ནི།

༢༽གང་གིས་ཇི་ལྟར་སྤྲིན་པའི་གསེབ་ན་ཉི་ཟླ་སྒྲིབ་པ་ལྟར་འགྲོ་བ་ཀུན་ལ་རང་བཞིན་འོད་གསལ་བཞུགས་ཚུལ་སྟོན་པར་འདུད་པ་ནི།

༣༽གང་གིས་ཇི་ལྟར་དབུལ་པོའི་ཁྱིམ་འོག་མི་ཟད་པའི་གཏེར་ཆེན་གནས་པ་ལྟར་འགྲོ་བ་ཀུན་ལ་དང་པོའི་སངས་རྒྱས་བཞུགས་ཚུལ་སྟོན་པར་འདུད་པ་ནི།

༤༽གང་གིས་ཇི་ལྟར་མི་གཙང་འདམ་གྱི་སྦུབས་ན་ཡིད་བཞིན་ནོར་བུ་གནས་པ་ལྟར་འགྲོ་བ་ཀུན་ལ་བདེ་གཤེགས་སྙིང་པོ་བཞུགས་ཚུལ་སྟོན་པར་འདུད་པ་ནི།

༥༽གང་གིས་ཇི་ལྟར་གོས་ཧྲུལ་ནང་ན་རྒྱལ་བའི་སྐུ་གཟུགས་གནས་པ་ལྟར་འགྲོ་བ་ཀུན་ལ་རང་བྱུང་ཡེ་ཤེས་བདེ་གཤེགས་སྙིང་པོ་བཞུགས་ཚུལ་སྟོན་པར་འདུད་པ་ནི།

༦༽གང་གིས་ཇི་ལྟར་མི་མོའི་མངལ་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་གནས་པ་ལྟར་འགྲོ་བ་ཀུན་ལ་ཕྱག་ཆེན་བྱང་ཆུབ་བཞུགས་ཚུལ་སྟོན་པར་འདུད་པ་ནི།

༧༽གང་གིས་ཇི་ལྟར་ས་འོག་སྦུབས་ན་ཆུ་གཙང་གནས་པ་ལྟར་འགྲོ་བ་ཀུན་ལ་དུས་ཀྱི་འཁོར་ལོ་བཞུགས་ཚུལ་སྟོན་པར་འདུད་པ་ནི།

༨༽གང་གིས་ཇི་ལྟར་ལྗན་ལྗིན་ཁྲོད་ན་ས་ལེ་སྦྲམ་ནི་གནས་པ་ལྟར་འགྲོ་བ་ཀུན་ལ་རྫོགས་པའི་སངས་རྒྱས་བཞུགས་ཚུལ་སྟོན་པར་འདུད་པ་ནི།

༩༽གང་གིས་ཇི་ལྟར་ཏིལ་ལ་ཏིལ་མར་གནས་པ་ལྟར་འགྲོ་བ་ཀུན་ལ་དགྱེས་པ་རྡོ་རྗེ་བཞུགས་ཚུལ་སྟོན་པར་འདུད་པ་ནི།

༡༠༽གང་གིས་ཇི་ལྟར་ཞོ་ལ་མར་གྱི་སྙིང་པོ་གནས་པ་ལྟར་འགྲོ་བ་ཀུན་ལ་ལྷན་སྐྱེས་བདེ་ཆེན་བཞུགས་ཚུལ་སྟོན་པར་འདུད་པ་ནི།

༡༡༽གང་གིས་ཇི་ལྟར་པད་མོའི་སྦུབས་ན་རྒྱལ་བའི་སྐུ་འདྲ་གནས་པ་ལྟར་འགྲོ་བ་ཀུན་ལ་ལྷན་སྐྱེས་བདེ་ཆེན་བཞུགས་ཚུལ་སྟོན་པར་འདུད་པ་ནི།

༡༢༽གང་གིས་ཇི་ལྟར་མེ་ནི་ཤིང་ལ་གནས་པ་ལྟར་འགྲོ་བ་ཀུན་ལ་ཨེ་ཝཾ་རོ་སྙོམ་བཞུགས་ཚུལ་སྟོན་པར་འདུད་པ་ནི།

༡༣༽གང་གིས་ཇི་ལྟར་སྦུན་པའི་ནང་ན་འབྲུའི་སྙིང་པོ་གནས་པ་ལྟར་འགྲོ་བ་ཀུན་ལ་འཁོར་ལོ་སྡོམ་པ་བཞུགས་ཚུལ་སྟོན་པར་འདུད་པ་ནི།

༡༤༽གང་གིས་ཇི་ལྟར་ལྕགས་རྡོའི་རི་ལ་ལྕགས་ཀྱི་ཁམས་གནས་པ་ལྟར་འགྲོ་བ་ཀུན་ལ་ཨེ་ཝཾ་རོ་སྙོམ་བཞུགས་ཚུལ་སྟོན་པར་འདུད་པ་ནི།

༡༥༽གང་གིས་ཇི་ལྟར་སྦྲང་མའི་ཁོང་ན་སྦྲང་རྩི་གནས་པ་ལྟར་འགྲོ་བ་ཀུན་ལ་སྒྱུ་འཕྲུལ་དྲྭ་བ་བཞུགས་ཚུལ་སྟོན་པར་འདུད་པ་ནི།

༡༦༽གང་གིས་ཇི་ལྟར་དངུལ་རྡོའི་ཁམས་ལ་དངུལ་གནས་པ་ལྟར་འགྲོ་བ་ཀུན་ལ་རྡོ་རྗེ་སེམས་དཔའ་བཞུགས་ཚུལ་སྟོན་པར་འདུད་པ་ནི།

གསུམ་པ་ཐ་མར་དགེ་བ་མཇུག་གི་དོན་ལ་བཞི་སྟེ། ༡༽མཛད་བྱང་སྨོས་པ་ནི།

༢༽འདི་ཉིད་གསོལ་འདེབས་ཀྱི་རྒྱལ་པོ་སོགས་ཡིན་ཚུལ་གདམས་པ་ནི།

༣༽ཤློཀའི་གྲངས་སྨོས་པ་ནི།

༤༽ཤིས་པ་བརྗོད་པ་ནི།

དེབ་ཕྲེང་འདི་ཡི་ཁོངས་གཏོགས་འཕྲུལ་དེབ་གཞན།