དཀར་ཆག་མེད།
འདི་ལ་བསྟན་བཅོས་མཛད་པ་པོའི་བསྔགས་པ་དང༌། དེས་བསྟན་བཅོས་ཇི་ལྟར་མཛད་པའི་ཚུལ་དང༌། བརྗོད་བྱ་བསྟན་བཅོས་ངོས་བཟུང་བའོ། །དང་པོ་ལ་མཚན་དོན་གྱི་སྒོ་ནས་བསྔགས་པ་དང༌། ལུང་བསྟན་པའི་སྒོ་ནས་བསྔགས་པའོ། །དང་པོ་ནི།
གཉིས་པ་(ལུང་བསྟན་པའི་སྒོ་ནས་བསྔགས་པ་)ནི།
གཉིས་པ་བསྟན་བཅོས་ཇི་ལྟར་མཛད་པའི་ཚུལ་ལ། རིགས་ཚོགས་དང༌། བསྟོད་ཚོགས་དང༌། གཏམ་ཚོགས་གསུམ་དུ་མཛད་དོ། །འདི་ལ་ལྟ་བ་སྟོན་པར་བྱེད་པ་དང༌། སྤྱོད་པའི་ཆ་སྟོན་པ་དང༌། ཐབས་ཤེས་ཟུང་འབྲེལ་དུ་སྟོན་པའོ། །དང་པོ་ལ། ལུང་གི་སྒོ་ནས་སྟོན་པ་བསྟོད་པའི་ཚོགས་ཡིན་ལ། རིགས་པའི་སྒོ་ནས་སྟོན་པ་ལ་གཉིས་ཏེ། ཆོས་རང་བཞིན་མེད་པར་སྟོན་པ་དང༌། འཇིག་རྟེན་དང་འགལ་བ་སྤོང་པའོ། །དང་པོ་བསྒྲུབ་བྱ་བདེན་དངོས་འགོག་པ་དང༌། སྒྲུབ་བྱེད་རྟོག་གེའི་རིགས་པ་འགོག་པ་གཉིས་ལས།
སྤྱོད་པའི་ཆ་སྟོན་པ་ནི།
ཐབས་ཤེས་ཟུང་འབྲེལ་དུ་སྟོན་པ་ནི།
གསུམ་པ་བསྟན་བཅོས་ངོས་བཟུང་བ་ནི།
འདི་ལ་ལོ་ཙཱ་བས་བཀོད་པའི་མཚན་དོན། འཆད་བྱ་བསྟན་བཅོས་ཀྱི་རང་བཞིན། བསྟན་བཅོས་ཡོངས་སུ་རྫོགས་པའི་བྱ་བའོ། །དང་པོ་ལ་མཚན་བསྒྱུར་བ་དང༌། བཤད་པ་གཉིས་ལས། བསྒྱུར་བ་ནི།
གཉིས་པ་(མཚན་བཤད་པ་)ནི།
གཉིས་པ་(འཆད་བྱ་བསྟན་བཅོས་ཀྱི་རང་བཞིན་)ལ། བསྟན་བཅོས་ལ་འཇུག་པའི་ཡན་ལག ཡན་ལག་ཅན་གྱི་བསྟན་བཅོས། བཀའ་དྲིན་རྗེས་སུ་དྲན་པའི་ཕྱག་མཆོད་དོ། །དང་པོ་ལ་བསྟོད་ཕྱག་གི་ངོ་བོ། བསྟོད་པའི་འཐད་པ་བརྗོད་པ། རྟེན་འབྲེལ་གྱི་སྒྲ་དོན་བཤད་པའོ། །དང་པོ་ནི།
གཉིས་པ་(བསྟོད་པའི་འཐད་པ་བརྗོད་པ་)ནི།
གསུམ་པ་རྟེན་འབྲེལ་གྱི་སྒྲ་དོན་བཤད་པ་ལ། ཁྱད་གཞི་རྟེན་འབྲེལ་གྱི་སྒྲ་དོན་བཤད་པ་དང༌། ཁྱད་ཆོས་སོ་སོའི་ཚིག་དོན་ནོ། །དང་པོ་ལ། ཟླ་བ་གྲགས་པའི་འདོད་ཚུལ་དང༌། སྔོན་གྱི་རྣམ་བཤད་བྱེད་པའི་འདོད་ཚུལ་དང༌། ལེགས་ལྡན་བྱེད་ཀྱི་འདོད་ཚུལ་ལོ། །དང་པོ་ལ།
སྔོན་གྱི་རྣམ་བཤད་མཛད་པའི་བཞེད་ཚུལ་ནི།
གསུམ་པ་ལེགས་ལྡན་བྱེད་ཀྱི་འདོད་ཚུལ་ནི།
གཉིས་པ་ཁྱད་ཆོས་སོ་སོའི་ཚིག་དོན་ལ།
གཉིས་པ་ཡན་ལག་ཅན་གྱི་བསྟན་བཅོས་ལ། རབ་ཏུ་བྱེད་པ་སྤྱིའི་འབྲེལ་དང༌། སོ་སོའི་དོན་བཤད་པའོ། །
དང་པོ་ཐེག་པ་ཆེན་པོའི་ལམ་གྱི་འཇུག་ཚུལ་བསྟན་པ་ལ། ག་ལས་འཇིགས་མེད་ཀྱི་བཤད་ཚུལ་ནི། མདོར་བསྟན་པ་དང༌། རྒྱས་པར་བཤད་པ་དང༌། རྩོད་པ་སྤངས་པ་དང་གསུམ་གྱིས་བསྟན་སྟེ། དེ་ལ་དང་པོ་ནི།
རྒྱས་པར་བཤད་པ་ལ་ཕྱི་ནང་གཉིས་ཀའི་ཆོས་ཀྱི་བདག་མེད་པ་དང༌། གཉིས་ཀའི་བདག་མེད་པ་དང༌། གང་ཟག་གི་བདག་མེད་པ་བཤད་པའོ། །དང་པོ་ལ་ཆོས་ཀྱི་ངོ་བོ་འགོག་པ་ལ། ཕུང་ཁམས་སྐྱེ་མཆེད་བརྟག་པའི་རབ་ཏུ་བྱེད་པ་གསུམ་མོ། །སྒྲུབ་བྱེད་དགག་པ་ལ། ཀུན་ནས་ཉོན་མོངས་སུ་མཚོན་བྱེད་དང༌། འདུས་བྱས་སུ་མཚོན་བྱེད་དགག་པའོ། །དང་པོ་ནི།
གཉིས་པ་(འདུས་བྱས་སུ་མཚོན་བྱེད་དགག་པ་)ནི།
ཆོས་དང་གང་ཟག་ཐུན་མོང་དུ་འགོག་པ་ལ། སེམས་རྒྱུད་ཀྱིས་བསྡུས་པ་ཁོ་ནའི་དབང་དུ་བྱས་པ་དང༌། བསྡུས་མ་བསྡུས་གཉིས་ཀའི་ཐུན་མོང་དུ་བྱས་པའོ། །དང་པོ་ལ། ངོ་བོ་འགོག་པ་ནི།
སྒྲུབ་བྱེད་སྤྲོས་པ་འགོག་པ་ནི།
དེ་སྒྲུབ་པའི་དཔེ་འགོག་པ་ནི།
ཆོས་བདག་གི་སྒྲུབ་བྱེད་བྱེ་བྲག་ཏུ་འགོག་པ་ནི།
ཆོས་ཀྱི་སྒྲུབ་བྱེད་འབྲས་བུ་དེ་བཞིན་གཤེགས་པ་འགོག་པ་ནི།
རྒྱུའི་སྒོ་ནས་སྒྲུབ་བྱེད་བཀོད་པ་འགོག་པ་ནི།
སངས་རྒྱས་བསྐྱངས་ཀྱི་བྱས་ཚུལ་ལ། ཐེག་པ་ཆེན་པོའི་ལམ་ལ་འཇུག་ཚུལ་ནི། སྤྱིར་ངོ་བོ་ཉིད་མེད་པར་བསྟན་པ་དང༌། ཆོས་ཀྱི་ཁྱད་པར་དགག་པའོ། །དང་པོ་ལ། ཆོས་དང་གང་ཟག་གི་ངོ་བོ་ཉིད་དགག་པ་དང༌། སྒྲུབ་བྱེད་དགག་པའོ། །
གཉིས་པ་སྒྲུབ་བྱེད་དགག་པ་ལ། གང་ཟག་གི་བདག་གི་སྒྲུབ་བྱེད་དགག་པ་དང༌། ཐུན་མོང་གི་སྒྲུབ་བྱེད་དགག་པའོ། །དང་པོ་ནི།
ཐུན་མོང་གི་གྲུབ་བྱེད་དགག་པ་ལ། འདུ་བྱེད་བདེན་པ་དགག་པ་དང༌། ཡོད་པའི་སྒྲུབ་བྱེད་དགག་པ་དང༌། འགལ་བ་སྤོང་བ་དང༌། འཕྲོས་དོན་གྱི་རྩོད་པ་དགག་པའོ། །
༈ རབ་ཏུ་བྱེད་པ་སོ་སོའི་དོན་བཤད་པ་ལ། རྐྱེན་བརྟག་པའི་རབ་ཏུ་བྱེད་པ་ལ་གསུམ་སྟེ། འབྲེལ་བཀོད་པ་དང༌། རྒྱས་པར་བཤད་པ་དང༌། མིང་གི་སྒོ་ནས་དོན་བསྡུ་བའོ། །དང་པོ་ལ་མདོའི་འབྲེལ་ནི།
རབ་ཏུ་བྱེད་པའི་འབྲེལ་ནི།
གཉིས་པ་ལ་སྤྱིའི་དོན་དང༌། གཞུང་གི་དོན་ནོ། །དང་པོ་ལ། དམ་བཅའ་ཡོད་མེད་དཔྱད་པ་དང༌། རང་རྒྱུད་ཀྱི་འཐད་པ་དཔྱད་པའོ། །དང་པོ་ལ། གཞན་ཕྱོགས་དགག་པ་དང༌། རང་ཕྱོགས་བཞག་པའོ། །དང་པོ་ལ།
གཉིས་པ་རང་ལུགས་བཞག་པ་ནི།
དམ་འཆའ་ཚུལ་ནི་གསུམ་སྟེ། གཞན་ངོ་ཁོ་ནར་དམ་བཅས་པ་དང༌། གཉིས་ཀ་མཐུན་པར་དམ་བཅས་པ་དང༌། ཐུན་མོང་མ་ཡིན་པའི་དམ་བཅའ་འོ། །དང་པོ་ནི།
གཉིས་པ་(གཉིས་ཀ་མཐུན་པར་དམ་བཅས་པ་)ནི།
གསུམ་པ་(ཐུན་མོང་མ་ཡིན་པའི་དམ་བཅའ་)ནི།
རྩོད་བཟློག་གི་དོན་ནི།
གཉིས་པ་རང་རྒྱུད་ཀྱི་འཐད་པ་དཔྱད་པ་ནི།
གཉིས་པ་གཞུང་གི་དོན་ལ། མཐའ་བཞིའི་སྐྱེ་བ་དགག གཞན་སྐྱེ་བྱེ་བྲག་ཏུ་དགག རྐྱེན་གྱི་སྒྲུབ་བྱེད་དགག་པའོ། །དང་པོ་ལ།
གཉིས་པ་ལ། རྒྱུ་འབྲས་གཞན་དུ་འདོད་པ་དགག རྐྱེན་གྱི་འཇོག་བྱེད་དོན་ལྡོག་དགག ཡོད་མེད་བརྟགས་ནས་སྐྱེ་བ་དགག རྐྱེན་བཞི་སོ་སོའི་མཚན་ཉིད་དགག་པའོ། །དང་པོ་ལ་གཉིས་ཏེ། རྐྱེན་རྫས་གཞན་ལས་སྐྱེ་བ་དགག བྱ་བ་རྫས་གཞན་ལས་སྐྱེ་བ་དགག་པའོ། །དང་པོ་ནི།
གཉིས་པ་རྐྱེན་གྱི་འཇོག་བྱེད་དོན་ལྡོག་དགག་པ་ལ། འགྲེལ་པ་གསུམ་གྱིས་ནི།
གསུམ་པ་ཡོད་མེད་བརྟགས་ནས་སྐྱེ་བ་དགག་པ་ནི།
བཞི་པ་རྐྱེན་བཞི་སོ་སོའི་མཚན་ཉིད་དགག་པ་ལ།
གསུམ་པ་རྐྱེན་གྱི་སྒྲུབ་བྱེད་དགག་པ་ལ།
འགྲོ་འོང་བརྟག་པའི་རབ་ཏུ་བྱེད་པ་ལ། འབྲེལ་བཀོད་པ་དང༌། རྒྱས་པར་བཤད་པ་དང༌། མིང་གི་སྒོ་ནས་དོན་བསྡུ་བའོ། །དང་པོ་ལ། མདོའི་འབྲེལ་ནི།
རབ་ཏུ་བྱེད་པའི་འབྲེལ་ནི།
གཉིས་པ་ལ། སྤྱིའི་དོན་དང༌། ཡན་ལག་གི་དོན་ནོ། །དང་པོ་ནི།
དགག་བྱ་འགོག་ཚུལ་ཡང་གཉིས་ཏེ། རིགས་པ་སོ་སོས་ངོ་སྐལ་གྱི་དགག་བྱ་འགོག་པ་དང༌། ཐམས་ཅད་བསྡོམས་པའི་བྱེད་པས་དགག་བྱ་སྤྱི་ལྡོག་ནས་འགོག་པ་སྟེ། དང་པོ་ནི།
གཉིས་པ་ཡན་ལག་གི་དོན་ལ། རིགས་པའི་འཐད་པ་རྒྱས་པར་བརྗོད་པ། རིགས་པས་གྲུབ་པའི་དོན་བསྡུ་བའོ། །དང་པོ་ལ། བསྒྲུབ་བྱ་དགག་པ་དང༌། སྒྲུབ་བྱེད་དགག་པ་དང༌། རྣམ་པར་བརྟགས་པའི་རིགས་པས་དགག་པའོ། །དང་པོ་ལ་ཡང༌། ལས་ལ་དཔྱད་པས་དགག བྱེད་པ་པོ་ལ་དཔྱད་པས་དགག་པའོ། །དང་པོ་ནི།
གཉིས་པ་བྱེད་པ་པོ་ལ་དཔྱད་པས་དགག་པ་ནི།
གཉིས་པ་སྒྲུབ་བྱེད་དགག་པ་ལ།
གསུམ་པ་རྣམ་པར་བརྟགས་པའི་རིགས་པས་དགག་པ་ལ། རྟེན་ལ་གཅིག་དང་དུ་མར་བརྟགས་པས་དགག བྱ་བ་ལ་གཅིག་དང་དུ་མར་བརྟགས་པས་དགག་པའོ། །དང་པོ་ལ་དམ་བཅའ་ནི།
འཐད་པ་ལ། དམ་བཅའ་དང་པོའི་འཐད་པ་ནི།
གཉིས་པའི་འཐད་པ་ནི།
གཉིས་པ་རྣམ་པ་གཉིས་སུ་བརྟག་པ་དང༌། བྱ་བྱེད་རྣམ་གྲངས་དུ་མའི་སྒོ་ནས་དགག་པའོ། །
དང་པོ་ནི།
གཉིས་པ་ནི།
གཉིས་པ་རིགས་པས་གྲུབ་པའི་དོན་བསྡུ་བ་ནི།
གསུམ་པ་ནི།
༈ སྐྱེ་མཆེད་བརྟག་པའི་རབ་ཏུ་བྱེད་པ་ལ། འབྲེལ་བཀོད་པ་དང༌། གཞུང་གི་ཚིག་དོན་བཤད་པ་དང༌། མིང་གི་སྒོ་ནས་དོན་བསྡུ་བའོ། །དང་པོ་ལ། མདོའི་འབྲེལ་ནི།
གཉིས་པ་གཞུང་གི་ཚིག་དོན་བཤད་པ་ལ། དབང་པོ་ལྟ་བ་པོར་འདོད་པ་དགག བདག་ལྟ་བ་པོར་འདོད་པ་དགག ཚུལ་དེས་གཞན་ཡང་ཁེགས་པའོ། །དང་པོ་ནི། །
གཉིས་པ་བདག་ལྟ་བ་པོར་འདོད་པ་དགག་པ་ནི།
༈ ཕུང་པོ་བརྟག་པའི་རབ་ཏུ་བྱེད་པ་ལ་མདོའི་འབྲེལ་ནི།
རབ་ཏུ་བྱེད་པའི་འབྲེལ་ནི།
གཉིས་པ་གཞུང་གི་ཚིག་དོན་བཤད་པ་ལ། གཟུགས་ཀྱི་ཕུང་པོ་འགོག་པ། རིགས་པ་གཞན་ལ་སྦྱར་བ། རྩོད་ལན་གྱི་ཚུལ་ལ་བསླབ་པའོ། །དང་པོ་ལ་དམ་བཅའ་དང༌། འཐད་པ་གཉིས་སོ། །དང་པོ་ནི།
གཉིས་པ་འཐད་པ་ལ། དང་པོའི་འཐད་པ་ནི།
དམ་བཅའ་གཉིས་པའི་འཐད་པ་ནི།
གཉིས་པ་རིགས་པ་གཞན་ལ་སྦྱར་བ་ནི།
གསུམ་པ་རྩོད་ལན་གྱི་ཚུལ་ལ་བསླབ་པ་ནི།
གསུམ་པ་མིང་གི་སྒོ་ནས་དོན་བསྡུ་བ་ནི།
༈ ཁམས་བརྟག་པའི་རབ་ཏུ་བྱེད་པ་ལ། མདོའི་འབྲེལ་ནི།
རབ་ཏུ་བྱེད་པའི་འབྲེལ་ནི།
འདི་ལ་མཚན་གཞི་དགག མཚན་ཉིད་འཇུག་ཚུལ་དགག དངོས་པོ་དང་དངོས་པོ་མེད་པ་དགག བཀག་པས་གྲུབ་པའི་དོན་བསྡུ་བའོ། །དང་པོ་ནི།
གཉིས་པ་(མཚན་ཉིད་འཇུག་ཚུལ་དགག་པ་)ནི།
དོན་བསྡུ་བ་ནི།
གསུམ་པ་ལ་བསྒྲུབ་བྱ་དགག་པ་དང༌། སྒྲུབ་བྱེད་དགག་པའོ། །དང་པོ་ནི།
གཉིས་པ་(སྒྲུབ་བྱེད་དགག་པ་)ནི།
བཞི་པ་བཀག་པས་གྲུབ་པའི་དོན་བསྡུ་བ་ནི།
གཉིས་པ་ནི།
གསུམ་པ་ནི།
མིང་གི་སྒོ་ནས་དོན་བསྡུ་བ་ནི།
༈ འདོད་ཆགས་དང་ཆགས་པ་བརྟག་པའི་རབ་ཏུ་བྱེད་པ་ལ། མདོའི་འབྲེལ་ནི།
རབ་ཏུ་བྱེད་པའི་འབྲེལ་ནི།
གཉིས་པ་གཞུང་གི་ཚིག་དོན་ལ། འདོད་ཆགས་སོགས་ཉོན་མོངས་པ་དགག རིགས་པ་གཞན་ལ་སྦྱར་བའོ། །དང་པོ་ལ་སྔ་ཕྱིར་རིམ་གྱིས་འབྱུང་བ་དགག ལྷན་གཅིག་ཏུ་འབྱུང་བ་དགག དེ་དག་གི་དོན་བསྡུ་བའོ། །དང་པོ་ནི།
གཉིས་པ་ལྷན་ཅིག་ཏུ་འབྱུང་བ་དགག་པ་ལ། ལྟོས་མེད་དུ་ཐལ་བས་དགག ལྷན་ཅིག་ཏུ་གྲུབ་པ་དགག་པའོ། །དང་པོ་ནི།
གཉིས་པ་(ལྷན་ཅིག་ཏུ་གྲུབ་པ་དགག་པ་)ལ། གཅིག་དང་ཐ་དད་གཉིས་ཀ་ལ་འགོག་པ། བྱེ་བྲག་ཏུ་ཐ་དད་ལ་འགོག་པའོ། །དང་པོ་ནི།
གཉིས་པ་(བྱེ་བྲག་ཏུ་ཐ་དད་ལ་འགོག་པ་)ལ་ལྷན་ཅིག་ཏུ་མི་འགྲུབ་པར་བསྟན་པ། རྟོགས་པ་ཕན་ཚུན་བརྟེན་པར་བསྟན་པའོ། །དང་པོ་ནི།
གཉིས་པ་(རྟོགས་པ་ཕན་ཚུན་བརྟེན་པར་བསྟན་པ་)ནི།
གསུམ་པ་དོན་བསྡུ་བ་ནི།
གཉིས་པ་རིགས་པ་གཞན་ལ་སྦྱར་བ་ནི།
མིང་གི་སྒོ་ནས་དོན་བསྡུ་བ་ནི།
༈ འདུས་བྱས་བརྟག་པའི་རབ་ཏུ་བྱེད་པ་ལ། མདོའི་འབྲེལ་ནི།
རབ་ཏུ་བྱེད་པའི་འབྲེལ་ནི་འགྲེལ་པ་གསུམ་ལས་ནི།
གཉིས་པ་གཞུང་གི་ཚིག་དོན་ལ། འདུས་བྱས་དགག་པ། འདུས་མ་བྱས་དགག་པ། ལུང་དང་འགལ་བ་སྤང་པའོ། །དང་པོ་ལ། རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ལ་སྤྱིར་དགག་པ་དང༌། སོ་སོར་དགག་པའོ། །དང་པོ་ལ། འདུས་བྱས་དང་འདུས་མ་བྱས་ལ་དཔྱད་པ་དང༌། རེ་རེ་བ་དང་འདུས་བྱས་པ་ལ་དཔྱད་པ་དང༌། མཚན་ཉིད་གཞན་ཡོད་མེད་ལ་དཔྱད་དེ་དགག་པའོ། །དང་པོ་ལ་སྤྱིའི་དོན་ནི།
གཉིས་པ་ནི།
གསུམ་པ་ལ། ཧ་ཅང་ཐལ་བས་དགག ཉེས་སྤོང་གི་ལན་དགག་པའོ། །དང་པོ་ནི།
གཉིས་པ་ལ་ཉེས་སྤོང་དང་པོའི་ལན་དགག་པ་ནི།
ཐུན་མོང་དུ་བཤད་པ་ནི།
གཉིས་པ་ནི།
གཉིས་པ་དོན་མི་འཐད་པ་ལ། རྒྱུ་ཕྱོགས་ནས་དགག་པ་དང༌། འབྲས་ཕྱོགས་ནས་དགག་པའོ། །དང་པོ་ལ་རང་བསྐྱེད་པ་མི་འཐད་པ་དང༌། གཞན་བསྐྱེད་པ་མི་འཐད་པའོ། །དང་པོ་ནི།
གཉིས་པ་གཞན་བསྐྱེད་པ་མི་འཐད་པ་ལ། དུས་གསུམ་དུ་རྣམ་པར་དཔྱད་པ་དང༌། སྐྱེ་བ་གཞན་ཡོད་མེད་དཔྱད་པའོ། །དང་པོ་ལ་སྐྱེ་བ་སྤྱིར་དགག་པ། བྱེ་བྲག་ཏུ་སྐྱེ་བཞིན་པ་སྐྱེ་བ་དགག་པའོ། །དང་པོ་ནི།
གཉིས་པ་(བྱེ་བྲག་ཏུ་སྐྱེ་བཞིན་པ་སྐྱེ་བ་དགག་པ་)ནི།
གཉིས་པ་སྐྱེ་བ་གཞན་ཡོད་མེད་དཔྱད་པ་ནི།
གཉིས་པ་འབྲས་ཕྱོགས་ནས་དགག་པ་ནི།
གཉིས་པ་སོ་སོར་དགག་པ་ལ། སྐྱེ་བ་དགག གནས་པ་དགག འཇིག་པ་དགག་པའོ། །དང་པོ་ནི།
གཉིས་པ་(འཇིག་པ་དགག་པ་)ལ། ལས་རྣམ་པ་གསུམ་དུ་དཔྱད་པ་དང༌། འགག་མ་འགག་ལ་དཔྱད་པ་དང༌། སྔར་གྱི་རིགས་པ་མཚུངས་པའི་ཚུལ་ལོ། །དང་པོ་ནི།
གསུམ་པ་སྔར་བཤད་པའི་རིགས་པ་མཚུངས་ཚུལ་ནི།
གསུམ་པ་འཇིག་པ་དགག་པ་ལ། གནོད་བྱེད་ཀྱི་རིགས་པ་བརྗོད་པ། རང་ལ་མཚུངས་པ་སྤང་བའོ། །དང་པོ་ལ། བྱ་བ་ལ་བརྟག་པ། རྟེན་ལ་བརྟག་པ། རྒྱུ་ལ་བརྟག་པ། དངོས་པོ་ཡོད་མེད་ལ་དཔྱད་པ། སྔར་བཤད་ཀྱི་རིགས་པ་སྦྱར་བའོ། །དང་པོ་ནི།
གཉིས་པ་(རྟེན་ལ་བརྟག་པ་)ནི།
གསུམ་པ་(རྒྱུ་ལ་བརྟག་པ་)ནི།
བཞི་པ་དངོས་པོ་ཡོད་མེད་ལ་དཔྱད་པ་ནི།
ལྔ་པ་(སྔར་བཤད་ཀྱི་རིགས་པ་སྦྱར་བ་)ནི།
གཉིས་པ་རང་ལ་མཚུངས་པ་སྤང་བ་ལ།
གཉིས་པ་དོན་བསྡུ་བ་ནི།
གཉིས་པ་འདུས་མ་བྱས་དགག་པ་ནི།
གསུམ་པ་ལུང་དང་འགལ་བ་སྤང་བ་ནི།
༈ བྱེད་པ་པོ་དང་ལས་བརྟག་པའི་རབ་ཏུ་བྱེད་པ་ལ། མདོའི་འབྲེལ་ནི།
རབ་ཏུ་བྱེད་པའི་འབྲེལ་ནི།
གཞུང་གི་ཚིག་དོན་ལ། དོན་དམ་པར་ལས་དང་བྱེད་པ་པོ་དགག་པ། ཐ་སྙད་ཙམ་དུ་རྣམ་པར་བཞག་པ། རིགས་པ་གཞན་ལ་སྦྱར་བའི་ཚུལ་ལོ། །དང་པོ་ལ། ཕྱོགས་མཐུན་གྱི་བྱ་བྱེད་དགག་པ། ཕྱོགས་མི་མཐུན་གྱི་བྱ་བྱེད་དགག་པའོ། །དང་པོ་ལ།
གཉིས་པ་ཕྱོགས་མི་མཐུན་གྱི་བྱ་བྱེད་དགག་པ་ལ་བྱེད་པ་རེ་རེས་རེ་རེ་བྱེད་པ་དགག རེ་རེས་རེ་རེ་དང་གཉིས་འདུས་བྱེད་པ་དགག གཉིས་འདུས་ཀྱིས་རེ་རེ་བྱེད་པ་དགག་པའོ། །དང་པོ་ནི།
གཉིས་པ་(རེ་རེས་རེ་རེ་དང་གཉིས་འདུས་བྱེད་པ་དགག་པ་)ནི།
གསུམ་པ་གཉིས་འདུས་ཀྱིས་རེ་རེ་བྱེད་པ་དགག་པ་ནི།
གཉིས་པ་ཐ་སྙད་ཙམ་དུ་རྣམ་པར་བཞག་པ་ནི།
གསུམ་པ་རིགས་པ་གཞན་ལ་སྦྱར་བ་ནི།
༈ སྔ་རོལ་ན་གནས་པ་བརྟག་པའི་རབ་དུ་བྱེད་པ་ལ། མདོའི་འབྲེལ་ནི།
རབ་ཏུ་བྱེད་པའི་འབྲེལ་ནི།
རྗེས་སུ་དཔག་པ་ནི།
གཉིས་པ་གནོད་བྱེད་ཀྱི་རིགས་པ་བཤད་པ་ལ་ལེན་པ་པོའི་བདག་དགག་པ་དང༌། ཚུལ་དེས་གཞན་ཡང་ཁེགས་པ་དང༌། བཀག་པས་གྲུབ་པའི་དོན་བསྡུ་བའོ། །དང་པོ་ལ། ཐམས་ཅད་ཀྱི་སྔ་རོལ་ན་ཡོད་པ་དགག རེ་རེའི་སྔ་རོལ་ན་ཡོད་པ་དགག རྒྱུའི་ལེན་པ་པོར་རྟོག་པ་དགག དང་པོ་ནི།
གཉིས་པ་(རེ་རེའི་སྔ་རོལ་ན་ཡོད་པ་དགག་པ་)ནི།
གསུམ་པ་རྒྱུའི་ལེན་པོར་རྟོག་པ་དགག་པ་ལ།
གསུམ་པ། བཀག་པས་གྲུབ་པའི་དོན་བསྡུ་བ་ནི།
༈ མེ་དང་བུད་ཤིང་བརྟག་པའི་རབ་ཏུ་བྱེད་པ་ལ། མདོའི་འབྲེལ་ནི།
རབ་ཏུ་བྱེད་པའི་འབྲེལ་ནི།
གཞུང་གི་ཚིག་དོན་ལ་གསུམ་སྟེ། མེ་དང་བུད་ཤིང་དགག་པ། རིགས་པ་གཞན་ལ་སྦྱར་བ། མི་མཐུན་ཕྱོགས་ལ་ལྟ་བ་སྨད་པའོ། །དང་པོ་ལ་ཕྱོགས་ལྔར་བརྟགས་ཏེ་དགག་པ། ལྟོས་ནས་གྲུབ་པ་དགག་པ། བཀག་པས་གྲུབ་པའི་དོན་བསྡུ་བའོ། །དང་པོ་ལ།
གཉིས་པ་གཞན་དུ་གྲུབ་པ་དགག་པ་ནི། ཧ་ཅང་ཐལ་བས་དགག་པ་དང༌། ཉེས་སྤོང་གི་ལན་དགག གནོད་བྱེད་ཀྱི་རིགས་པ་གཞན་བསྟན་པའོ། །དང་པོ་ནི།
གཉིས་པ་ཉེས་སྤོང་གི་ལན་དགག་པ་ནི།
གསུམ་པ་གནོད་བྱེད་ཀྱི་རིགས་པ་གཞན་བསྟན་པ་ལ། དགག་པ་དངོས་དང༌། ཉེས་སྤོང་གི་ལན་དགག་པའོ། །དང་པོ་ནི།
གཉིས་པ་(ཉེས་སྤོང་གི་ལན་དགག་པ་)ནི།
གཉིས་པ་ལྟོས་ནས་གྲུབ་པ་དགག་པ་ལ། ལྟོས་ནས་གྲུབ་པ་དགག་པ་དངོས་དང༌། ཞར་ལ་རིགས་པ་གཞན་བཤད་པའོ། །དང་པོ་ནི། སྔ་ཕྱི་ལྟོས་པ་དགག གྲུབ་མ་གྲུབ་ལྟོས་པ་དགག བཀག་པས་གྲུབ་པའི་དོན་བསྡུ་བའོ། །དང་པོ་ནི།
གཉིས་པ་གྲུབ་མ་གྲུབ་ལྟོས་པ་དགག་པ་ནི།
གསུམ་པ་བཀག་པས་གྲུབ་པའི་དོན་བསྡུ་བ་ནི།
གཉིས་པ་ཞར་ལ་རིགས་པ་གཞན་བཤད་པ་ལ། རྣམ་པར་བརྟགས་ཏེ་དགག་པ་དང༌། སྔར་གྱི་རིགས་པ་སྦྱར་ཚུལ་ལོ་དང་པོ་ནི།
གཉིས་པ་སྔར་གྱི་རིགས་པ་སྦྱར་ཚུལ་ནི།
གསུམ་པ་བཀག་པས་གྲུབ་པའི་དོན་བསྡུ་བ་ནི།
གཉིས་པ་ནི།
གསུམ་པ་མི་མཐུན་ཕྱོགས་ལ་ལྟ་བ་སྨད་པ་ནི།
༈ འཁོར་བ་བརྟག་པའི་རབ་ཏུ་བྱེད་པ་ལ། འབྲེལ་དགོད་པ་དང༌། གཞུང་གི་ཚིག་དོན་བཤད་པ་དང༌། མིང་གི་སྒོ་ནས་དོན་བསྡུ་བའོ། །དང་པོ་ལ། མདོའི་འབྲེལ་ནི།
རབ་ཏུ་བྱེད་པའི་འབྲེལ་ནི།
གཉིས་པ་གཞུང་གི་ཚིག་དོན་ལ། རྟེན་འཁོར་བ་མ་གྲུབ་པ། བརྟེན་པ་སྐྱེ་འཆིའི་ཆོས་མ་གྲུབ་པ། རིགས་པ་གཞན་ལ་སྦྱར་བའོ། །དང་པོ་ལ།
གཉིས་པ་བརྟེན་པ་སྐྱེ་འཆིའི་ཆོས་མ་གྲུབ་པ་ལ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ལ།
གཉིས་པ་རྒྱས་པར་བཤད་པ་ནི།
གསུམ་པ་དོན་བསྡུ་བ་ནི།
གསུམ་པ་རིགས་པ་གཞན་ལ་སྦྱར་བ་ནི།
ཐུན་མོང་དུ་སྔོན་གྱི་མཐའ་མེད་པ་ནི།
གསུམ་པ་ནི།
༈ སྡུག་བསྔལ་བརྟག་པའི་རབ་ཏུ་བྱེད་པ་ལ། འབྲེལ་དགོད་པ་དང༌། གཞུང་གི་ཚིག་དོན་བཤད་པ་དང༌། མིང་གི་སྒོ་ནས་དོན་བསྡུ་བའོ། །དང་པོ་ལ་མདོའི་འབྲེལ་ནི།
རབ་ཏུ་བྱེད་པའི་འབྲེལ་ལ།
གཉིས་པ་གཞུང་གི་ཚིག་དོན་བཤད་པ་ལ། གཞན་གྱི་འདོད་པ་བརྗོད། གནོད་བྱེད་ཀྱི་རིགས་པ་བརྗོད། རིགས་པ་གཞན་ལ་སྦྱར་བའོ། །དང་པོ་ནི།
གཉིས་པ་ལ་མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི།
གཉིས་པ་(རྒྱས་པར་བཤད་པ་)ལ། བདག་གིས་བྱས་པ་དགག གཞན་གྱིས་བྱས་པ་དགག གཉིས་ཀས་བྱས་པ་དགག རྒྱུ་མེད་པར་འབྱུང་བ་དགག་པའོ། །
སྡུག་བསྔལ་གཞན་བྱས་དགག་པ་ལ་ཡང༌། སྡུག་བསྔལ་གཞན་གྱིས་བྱས་པ་ལ་གཞན་བྱས་སུ་བརྗོད་པ་དང༌། གང་ཟག་གཞན་གྱིས་བྱས་པ་ལ་གཞན་བྱས་སུ་བརྗོད་པ་གཉིས་ལས། དང་པོ་དགག་པ་ནི།
གང་ཟག་གིས་བྱས་པ་ལ་བདག་བྱས་སུ་འདོད་པ་འགོག་པ་ནི།
གང་ཟག་གཞན་གྱིས་བྱས་པ་ལ་གཞན་བྱས་སུ་འདོད་པ་འགོག་པ་ནི།
སྦྱིན་པར་བྱ་བ་དོན་གཞན་འགོག་པ་ནི།
གཉིས་ཀས་བྱས་པ་འགོག་པ་ནི།
བཞི་པ་རྒྱུ་མེད་པར་འབྱུང་བ་འགོག་པ་ནི།
གསུམ་པ་རིགས་པ་གཞན་ལ་སྦྱར་བ་ནི།
གསུམ་པ་ནི།
༈ ལོ་ཙྪ་བ་ཉི་མ་གྲགས་ལྟར་ན་འདུ་བྱེད་བརྟག་པ། འགྲེལ་པ་གཞན་གསུམ་ལྟར་ན་དེ་ཁོ་ན་ཉིད་བརྟག་པའི་རབ་ཏུ་བྱེད་པ་ལ། མདོའི་འབྲེལ་ནི།
རབ་ཏུ་བྱེད་པའི་འབྲེལ་ལ།
གཞུང་གི་ཚིག་དོན་ལ་བཞི་སྟེ། ལུང་གི་དགོངས་པ་བརྗོད། དགོངས་པ་གཞན་དུ་འདོད་པ་དགག གཞན་གྱི་རྩོད་པ་སྤང་བ། སྟོང་ཉིད་གསུངས་པའི་དགོས་པའོ། །དང་པོ་ལ་ལེགས་ལྡན་བྱེད་ཀྱི་འཆད་ཚུལ་ནི།
གཉིས་པ་ལ། གཞན་གྱི་འདོད་པ་བརྗོད་པ་ནི།
གཉིས་པ་དགག་པ་བཤད་པ་ལ།
གཉིས་པའི་འཐད་པ་ནི།
གསུམ་པ་གཞན་གྱི་རྩོད་པ་སྤང་བ་ནི།
བཞི་པ་སྟོང་ཉིད་གསུངས་པའི་དགོས་པ་ནི།
མིང་གི་སྒོ་ནས་དོན་བསྡུ་བ་ནི།
༈ ཕྲད་པ་བརྟག་པའི་རབ་ཏུ་བྱེད་པ་ལ། མདོའི་འབྲེལ་ནི།
རབ་ཏུ་བྱེད་པའི་འབྲེལ་ནི།
གཉིས་པ་གཞུང་གི་ཚིག་དོན་བསྟན་པ་ལ། དམ་བཅའི་སྒོ་ནས་མདོར་བསྟན། འཐད་པའི་སྒོ་ནས་རྒྱས་པར་བཤད། བཀག་པས་གྲུབ་པའི་དོན་བསྡུ་བའོ། །
གཉིས་པ་(འཐད་པའི་སྒོ་ནས་རྒྱས་པར་བཤད་པ་)ལ་གཞན་དུ་མ་གྲུབ་པས་ཕྲད་པ་མི་འཐད། གཅིག་དང་ཐ་དད་ལ་མེད་པས་ཕྲད་པ་མི་འཐད་པའོ། །དང་པོ་ལ། མདོར་བསྟན་པ་དང༌། འཐད་པ་རྒྱས་པར་བཤད་པའོ། །དང་པོ་ནི།
གཉིས་པ་(འཐད་པ་རྒྱས་པར་བཤད་པ་)ལ། ངོ་བོ་ཉིད་ཀྱིས་གྲུབ་པའི་གཞན་མི་འཐད་པ། གཞན་ཉིད་ཀྱི་སྤྱི་མ་གྲུབ་པའོ། །དང་པོ་ལ། རིགས་པ་གཞན་ལ་སྦྱར་ཚུལ། གཞན་གྱི་ངོ་བོ་ཉིད་དགག་པའོ། །དང་པོ་ནི།
གཉིས་པ་གཞན་གྱི་ངོ་བོ་ཉིད་དགག་པ་ལ།
གཉིས་པ་གཞན་ཉིད་ཀྱི་སྤྱི་མ་གྲུབ་པ་ནི།
ཚིག་གསལ་ལས་གཞན་པའི་འགྲེལ་པ་གསུམ་གྱི་དོན་བསྡུ་བ་ནི།
གཉིས་པ་གཅིག་དང་ཐ་དད་ལ་མེད་པས་ཕྲད་པ་མི་འཐད་པ་ནི།
གསུམ་པ་བཀག་པས་གྲུབ་པའི་དོན་བསྡུ་བ་ནི།
གསུམ་པ་མིང་གི་སྒོ་ནས་དོན་བསྡུ་བ་ནི།
༈ དངོས་པོ་དང་དངོས་མེད་བརྟག་པའི་རབ་ཏུ་བྱེད་པའམ། པ་ཚབ་ལྟར་ན། རང་བཞིན་བརྟག་པའི་རབ་ཏུ་བྱེད་པ་ལ་མདོའི་འབྲེལ་ནི།
རབ་ཏུ་བྱེད་པའི་འབྲེལ་ནི།
གཉིས་པ་གཞུང་གི་ཚིག་དོན་བཤད་པ་ལ། ཕྱོགས་བཞིའི་སྤྲོས་པ་དགག མི་མཐུན་ཕྱོགས་ལ་ལྟ་བ་སྨད། དབུ་མ་ལ་བློ་སྦྱོང་བར་གདམས་པའོ། །དང་པོ་ལ་ཡང༌། རང་བཞིན་དང་གཞན་དངོས་དགག དངོས་པོ་དང་དངོས་མེད་དགག་པའོ། །དང་པོ་ནི།
གཉིས་པ་ནི།
གཉིས་པ་མི་མཐུན་ཕྱོགས་ལ་ལྟ་བ་སྨད་པ་ནི།
གསུམ་པ་དབུ་མ་ལ་བློ་སྦྱང་བར་གདམས་པ་ལ།
གསུམ་པ་ནི།
༈ བཅིངས་ཐར་བརྟག་པའི་རབ་ཏུ་བྱེད་པ་ལ། མདོའི་འབྲེལ་ནི།
རབ་ཏུ་བྱེད་པའི་འབྲེལ་ལ།
གཉིས་པ་གཞུང་གི་དོན་བཤད་པ་ལ། འཁོར་འདས་དགག་པ། བཅིངས་གྲོལ་དགག་པ། གཞན་གྱི་ཉེས་པ་སྤང་བའོ། །དང་པོ་ལ།
གཉིས་པ་བཅིངས་གྲོལ་དགག་པ་ནི།
གསུམ་པ་གཞན་གྱི་ཉེས་པ་སྤང་བ་ལ།
༈ ལས་དང་འབྲས་བུ་བརྟག་པའི་རབ་ཏུ་བྱེད་པ་ལ། མདོའི་འབྲེལ་ནི།
རབ་ཏུ་བྱེད་པའི་འབྲེལ་ནི།
གཉིས་པ་གཞུང་གི་དོན་ལ། གཞན་གཞུང་རྗེས་སུ་བརྗོད་པ། ཧ་ཅང་ཐལ་བའི་ཉེས་པ་བརྗོད་པ། ཉེས་སྤོང་གི་ལན་དགག་པའོ། །དང་པོ་ལ། ལས་མདོར་བསྟན་པ་དང༌། ལས་ཀྱི་དབྱེ་བ་བཤད་པའོ། །དང་པོ་ནི།
གཉིས་པ་ལས་ཀྱི་དབྱེ་བ་བཤད་པ་ལ། མདོར་དབྱེ་བ་དང༌། རྒྱས་པར་དབྱེ་བའོ། །དང་པོ་ནི།
གཉིས་པ་(རྒྱས་པར་དབྱེ་བ་)ནི།
གཉིས་པ་ཧ་ཅང་ཐལ་བའི་ཉེས་པ་བརྗོད་པ་ནི།
གསུམ་པ་ཉེས་སྤོང་གི་ལན་དགག་པ་ལ། གཞན་གྱི་ཉེས་སྤོང་བརྗོད་ཚུལ་ལ་གཉིས་ཏེ། མདོ་སྡེ་པའི་འདོད་ཚུལ་ལ། རྟག་ཆད་སྤོང་ཚུལ། ལས་ཀྱི་འབྲས་བུ་བཤད་པའོ། །
གཉིས་པ་ལས་ཀྱི་འབྲས་བུ་བཤད་པ་ནི།
གཉིས་པ་ལ་མདོར་བསྟན། རྒྱས་པར་བཤད། དོན་བསྡུ་བའོ། །དང་པོ་ནི།
རྒྱས་པར་བཤད་པ་ལ་ནི། ཆུད་མི་ཟ་བའི་དཔེས་བསྟན་པ། དབྱེ་བ་དང་རང་བཞིན་བསྟན་པ། དཔང་རྒྱ་གང་དུ་གཏོགས་པ། སྐྱེ་འགག་བྱེད་པའི་ཚུལ། ངོ་བོའི་སྒོ་ནས་དབྱེ་བ་བསྟན་པའོ། །དང་པོ་ནི།
གཉིས་པ་(དབྱེ་བ་དང་རང་བཞིན་བསྟན་པ་)ནི།
གསུམ་པ་(དཔང་རྒྱ་གང་དུ་གཏོགས་པ་)ནི།
བཞི་པ་སྐྱེ་འགག་བྱེད་པའི་ཚུལ་ནི།
གསུམ་པ་དོན་བསྡུ་བ་ནི།
གསུམ་པ་བདེན་པར་ཡོད་པའི་སྒྲུབ་བྱེད་དགག་པ་ལ། རྒྱུ་ཉོན་མོངས་པ་དགག འབྲས་བུ་རྣམ་སྨིན་དགག ལོངས་སྤྱོད་པ་པོ་དགག་པའོ། །དང་པོ་ནི།
གཉིས་པ་(འབྲས་བུ་རྣམ་སྨིན་དགག་པ་)ནི།
གསུམ་པ་(ལོངས་སྤྱོད་པ་པོ་དགག་པ་)ལ།
བཞི་པ་ཐ་སྙད་དུ་ཇི་ལྟར་བཞག་པའི་ཚུལ་ནི།
གསུམ་པ་མིང་གི་སྒོ་ནས་དོན་བསྡུ་བ་ནི།
༈ བདག་དང་ཆོས་བརྟག་པའི་རབ་ཏུ་བྱེད་པ་ལ། འབྲེལ་བཀོད་པས་མཚམས་སྦྱར། གཞུང་གི་ཚིག་དོན་རྒྱས་པར་བཤད། མིང་གི་སྒོ་ནས་དོན་བསྡུ་བའོ། །དང་པོ་ལ་གཉིས་ལས། དང་པོ་མདོའི་འབྲེལ་ནི།
གཉིས་པ་རབ་ཏུ་བྱེད་པའི་འབྲེལ་ནི།
གཞུང་གི་ཚིག་དོན་བཤད་པ་ལ། དེ་ཁོ་ན་ཉིད་ལ་འཇུག་པའི་རིམ་པ། དེ་ཁོ་ན་ཉིད་ཀྱི་མཚན་ཉིད་བསྟན་པ། དེ་ཁོ་ན་ཉིད་ལ་སློབ་པའི་འབྲས་བུའོ། །དང་པོ་ལ། བདག་དང་བདག་གི་བ་དགག་པ། འཛིན་པ་ཟད་པས་གྲོལ་བ་ཐོབ་ཚུལ། ལུང་དང་འགལ་བ་སྤང་པའོ། །དང་པོ་ལ། ག་ལས་འཇིགས་མེད་ལས་ནི།
གཉིས་པ་འཛིན་པ་ཟད་པས་གྲོལ་བ་ཐོབ་ཚུལ་ལ།
གསུམ་པ་ལུང་དང་འགལ་བ་སྤང་པ་ནི།
གཉིས་པ་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་བསྟན་པ་ནི།
གསུམ་པ་ནི།
༈ དུས་བརྟག་པའི་རབ་ཏུ་བྱེད་པ་ལ། འབྲེལ་དགོད་པས་མཚམས་སྦྱར། གཞུང་གི་ཚིག་དོན་རྒྱས་པར་བཤད། མིང་གི་སྒོ་ནས་དོན་བསྡུ་བའོ། །དང་པོ་ལ་གཉིས་ལས། དང་པོ་མདོའི་འབྲེལ་ནི།
གཉིས་པ་རབ་ཏུ་བྱེད་པའི་འབྲེལ་ནི།
གཉིས་པ་གཞུང་གི་ཚིག་དོན་བཤད་པ་ལ། སྤྱིའི་དོན་དང༌། ཡན་ལག་དོན་ནོ། །དང་པོ་ལ་དུས་ནི།
ཡན་ལག་གི་དོན་ལ་དུས་ཀྱི་ངོ་བོ་དགག་པ། དུས་ཀྱི་སྒྲུབ་བྱེད་དགག་པ། དང་པོ་ལ། དུས་གསུམ་དཔྱོད་པའི་རིགས་པ། རིགས་པ་གཞན་ལ་སྦྱར་བའོ། །དང་པོ་ལ། འདས་པ་ལ་སྦྱར་ནས་དགག ལྷག་མ་ལ་སྦྱར་བའི་ཚུལ་ལོ། །
གཉིས་པ་དུས་ཀྱི་སྒྲུབ་བྱེད་དགག་པ་ནི།
གསུམ་པ་ནི།
༈ ཚོགས་པ་བརྟག་པའི་རབ་ཏུ་བྱེད་པ་ལ། འབྲེལ་འགོད་པས་མཚམས་སྦྱར། གཞུང་གི་ཚིག་དོན་རྒྱས་པར་བཤད། མིང་གི་སྒོ་ནས་དོན་བསྡུ་བའོ། །དང་པོ་ལ་གཉིས་ལས། དང་པོ་མདོའི་འབྲེལ་ནི།
གཉིས་པ་རབ་ཏུ་བྱེད་པའི་འབྲེལ་ནི།
གཉིས་པ་གཞུང་གི་ཚིག་དོན་ལ། རྒྱུ་རྐྱེན་ཚོགས་པས་འབྲས་བུ་བསྐྱེད་པ་དགག རྒྱུ་ཡིས་འབྲས་བུ་བསྐྱེད་པ་དགག བཀག་པས་གྲུབ་པའི་དོན་བསྡུ་བའོ། །དང་པོ་ལ། འབྲས་ཕྱོགས་ནས་དགག རྒྱུ་ཕྱོགས་ནས་དགག་པའོ། །དང་པོ་ལ། ཚོགས་པ་སྔ་མ་ལས་སྐྱེ་བ་དགག དུས་མཉམ་པ་ལ་སྐྱེ་བ་དགག ཚོགས་པ་ཕྱི་མ་ལས་སྐྱེ་བ་དགག་པའོ། །དང་པོ་ནི།
གཉིས་པ་དུས་མཉམ་པ་ལས་སྐྱེ་བ་དགག་པ་ནི།
གསུམ་པ་ཚོགས་པ་ཕྱི་མ་ལས་སྐྱེ་བ་དགག་པ་ནི།
གཉིས་པ་རྒྱུ་ཕྱོགས་ནས་དགག་པ་ལ་གཉིས་ཏེ། རྒྱུ་ལ་དཔྱད་པས་དགག འབྲས་བུ་ལ་དཔྱད་པས་དགག་པའོ། །དང་པོ་ལ། རྒྱུ་འགགས་པས་བསྐྱེད་པ་དགག འབྲེལ་མ་འབྲེལ་ལ་བརྟགས་པས་དགག མཐོང་མ་མཐོང་ལ་བརྟག་པས་དགག ཕྲད་མ་ཕྲད་བརྟག་པས་དགག སྟོང་མི་སྟོང་ལ་བརྟག་པས་དགག་པའོ། །དང་པོ་ནི།
དང་པོ་ནི།
གཉིས་པ་(འབྲེལ་མ་འབྲེལ་ལ་བརྟགས་པས་དགག་པ་)ནི།
གསུམ་(མཐོང་མ་མཐོང་ལ་བརྟག་པས་དགག་པ་)ནི།
བཞི་པ་(ཕྲད་མ་ཕྲད་བརྟག་པས་དགག་པ་)ནི།
ལྔ་པ་(སྟོང་མི་སྟོང་ལ་བརྟག་པས་དགག་པ་)ནི།
གཉིས་པ་འབྲས་ཕྱོགས་ནས་དགག་པ་ལ། སྟོང་མི་སྟོང་ལ་དཔྱད་པས་དགག གཅིག་དང་ཐ་དད་ལ་བརྟག་པས་དགག ངོ་བོ་ཉིད་ཡོད་མེད་ལ་བརྟག་པས་དགག བྱ་བྱེད་མ་དམིགས་པས་དགག་པའོ། །དང་པོ་ནི།
གཉིས་པ་(གཅིག་དང་ཐ་དད་ལ་བརྟག་པས་དགག་པ་)ནི།
གསུམ་པ་(ངོ་བོ་ཉིད་ཡོད་མེད་ལ་བརྟག་པས་དགགཔ་)ནི།
བཞི་པ་(བྱ་བྱེད་མ་དམིགས་པས་དགག་པ་)ནི།
གསུམ་པ་མིང་གི་སྒོ་ནས་དོན་བསྡུ་བ་ནི།
༈ འབྱུང་འཇིག་བརྟག་པའི་རབ་ཏུ་བྱེད་པ་ལ། མདོའི་འབྲེལ་ནི།
རབ་ཏུ་བྱེད་པའི་འབྲེལ་ནི།
གཞུང་གི་ཚིག་དོན་ལ། རང་བཞིན་ཡོད་པ་ལ་གནོད་བྱེད་བརྗོད། ཡོད་པའི་སྒྲུབ་བྱེད་དགག་པའོ། །དང་པོ་ལ། ལྷན་ཅིག་ཏུ་གྲུབ་མ་གྲུབ་ལ་དཔྱད་པས་དགག ཟད་མ་ཟད་ལ་དཔྱད་པས་དགག རྟེན་དང་བརྟེན་པར་གྲུབ་པ་དགག སྟོང་མི་སྟོང་ལ་དཔྱད་པས་དགག གཅིག་དང་ཐ་དད་ལ་བརྟག་པས་དགག་པའོ། །དང་པོ་ལ་དམ་བཅའ་བརྗོད། འཐད་པ་འགོད། དོན་བསྡུ་བའོ། །དང་པོ་ནི།
གཉིས་པ་ལ། དང་པོ་གཉིས་ཀྱི་འཐད་པ་ནི།
དམ་བཅའ་ཕྱི་མ་གཉིས་ཀྱི་འཐད་པ་ནི།
གསུམ་པ་དོན་བསྡུ་བ་ནི།
གཉིས་པ་ཟད་མ་ཟད་ལ་དཔྱད་པས་དགག་པ་ནི།
གསུམ་པ་ལ་སློབ་དཔོན་གཉིས་ཀྱིས་ནི།
བཞི་པ་(སྟོང་མི་སྟོང་ལ་དཔྱད་པས་དགག་པ་)ནི།
ལྔ་པ་(གཅིག་དང་ཐ་དད་ལ་བརྟག་པས་དགག་པ་)ནི།
གཉིས་པ་ཡོད་པའི་སྒྲུབ་བྱེད་དགག་པ་ལ། མངོན་སུམ་གྱི་སྒྲུབ་བྱེད་དགག རྗེས་དཔག་གི་སྒྲུབ་བྱེད་དགག་པའོ། །དང་པོ་ནི།
གཉིས་པ་(རྗེས་དཔག་གི་སྒྲུབ་བྱེད་དགག་པ་)ལ། སྐྱེ་བ་མེད་པས་དགག ཧ་ཅང་ཐལ་བས་དགག་པའོ། །དང་པོ་ནི།
གཉིས་པ་ཧ་ཅང་ཐལ་བས་དགག་པ་ལ། ཧ་ཅང་ཐལ་བ་བརྗོད། ཉེས་སྤོང་གི་ལན་དགག་པའོ། །
དང་པོ་ནི།
ཉེས་སྤོང་གི་ལན་དགག་པ་ནི།
དོན་བསྡུ་བ་ནི།
༈ དེ་བཞིན་གཤེགས་པ་བརྟག་པའི་རབ་ཏུ་བྱེད་པ་ལ། མདོའི་འབྲེལ་ནི།
རབ་ཏུ་བྱེད་པའི་འབྲེལ་ནི།
གཉིས་པ་གཞུང་གི་ཚིག་དོན་བཤད་པ་ལ། དེ་བཞིན་གཤེགས་པ་བདེན་པར་གྲུབ་པ་དགག ལྟ་བ་ཐམས་ཅད་སྤངས་པར་གྲུབ་པའི་ཚུལ། རིགས་པ་གཞན་ལ་ཇི་ལྟར་སྦྱར་བའི་ཚུལ་ལོ། །དང་པོ་ལ། ལེན་པ་པོའི་གང་ཟག་དགག ཉེ་བར་བླང་བྱའི་ཕུང་པོ་དགག བཀག་པས་གྲུབ་པའི་དོན་བསྡུ་བའོ། །དང་པོ་ལ། ལེན་པ་པོ་རྫས་སུ་ཡོད་པ་དགག བཏགས་པའི་རང་བཞིན་དུ་ཡོད་པ་དགག་པའོ། །དང་པོ་ལ།
གཉིས་པ་ལ་རང་དངོས་དང་གཞན་དངོས་ལས་གྲུབ་པ་དགག ཉེ་བར་ལེན་པ་མེད་པའི་རིགས་པས་དགག གཉིས་ཀའི་དོན་བསྡུ་བའོ། །དང་པོ་ལ།
གཉིས་པ་ཉེ་བར་ལེན་པ་མེད་པའི་རིགས་པས་དགག་པ་ནི།
གསུམ་པ་གཉིས་ཀའི་དོན་བསྡུ་བ་ནི།
གསུམ་པ་ཉེ་བར་བླང་བྱའི་ཕུང་པོ་དགག་པ་ལ།
གསུམ་པ་བཀག་པས་གྲུབ་པའི་དོན་བསྡུ་བ་ནི།
གཉིས་པ་ལྟ་བ་ཐམས་ཅད་སྤངས་པར་གྲུབ་པའི་ཚུལ་ལ།
གསུམ་པ་རིགས་པ་གཞན་ལ་ཇི་ལྟར་སྦྱར་བའི་ཚུལ་ནི།
གསུམ་པ་ནི།
༈ ཕྱིན་ཅི་ལོག་བརྟག་པའི་རབ་ཏུ་བྱེད་པ་ལ། མདོའི་འབྲེལ་ནི།
རབ་ཏུ་བྱེད་པའི་འབྲེལ་ནི།
གཉིས་པ་གཞུང་གི་ཚིག་དོན་བཤད་པ་ལ། ཉོན་མོངས་པ་དགག་པ། ཡོད་པའི་སྒྲུབ་བྱེད་དགག་པའོ། །དང་པོ་ལ། ཐུན་མོང་དུ་དགག་པ་བསྟན་པ། སོ་སོར་དགག་པ་བསྟན་པའོ། །དང་པོ་ལ་བཞི་སྟེ། རྟེན་འབྱུང་གི་རྟགས་ཀྱིས་དགག རྟེན་མེད་པའི་རྟགས་ཀྱིས་དགག རྒྱུ་མེད་པའི་རྟགས་ཀྱིས་དགག དམིགས་པ་མེད་པའི་རྟགས་ཀྱིས་དགག དང་པོ་ནི།
གཉིས་པ་(རྟེན་འབྱུང་གི་རྟགས་ཀྱིས་དགག་པ་)ནི།
གསུམ་པ་(རྟེན་མེད་པའི་རྟགས་ཀྱིས་དགགཔ་)ནི།
བཞི་པ་(དམིགས་པ་མེད་པའི་རྟགས་ཀྱིས་དགག་པ་)ནི།
གཉིས་པ་སོ་སོར་དགག་པ་བསྟན་པ་ལ། འདོད་ཆགས་དང་ཞེ་སྡང་དགག་པ། གཏི་མུག་བྱེ་བྲག་ཏུ་དགག་པའོ། །དང་པོ་ལ། རྒྱུ་སྡུག་མི་སྡུག་དགག་པ། འབྲས་བུ་ཉོན་མོངས་པ་དགག་པའོ། །དང་པོ་ལ་གཉིས་ཏེ། རྟེན་བརྫུན་པས་དགག ཕན་ཚུན་ལྟོས་པས་དགག དང་པོ་ནི།
གཉིས་པ་(ཕན་ཚུན་ལྟོས་པས་དགག་པ་)ནི།
འབྲས་བུ་ཉོན་མོངས་པ་དགག་པ་ནི།
གཉིས་པ་གཏི་མུག་བྱེ་བྲག་ཏུ་དགག་པ་ལ་གཉིས་ཏེ། ཡུལ་ཕྱིན་ཅི་ལོག་དགག་པ། བཀག་པས་གྲུབ་པའི་འབྲས་བུའོ། །དང་པོ་ལ། ཕྱིན་ཅི་ལོག་མ་ལོག་གི་ཁྱད་པར་དགག འཛིན་པ་པོའི་གང་ཟག་དགག་པའོ། །དང་པོ་ལ། ཡུལ་མ་གྲུབ་པར་མཚུངས། ཡུལ་ཡོད་མེད་མཚུངས་པའི་ཚུལ། འཛིན་པ་ཙམ་ཡང་མ་གྲུབ་པའོ། །དང་པོ་ལ།
གཉིས་པ་(ཡུལ་ཡོད་མེད་མཚུངས་པའི་ཚུལ་)ནི།
གསུམ་པ་འཛིན་པ་ཙམ་ཡང་མ་གྲུབ་པ་ནི།
གཉིས་པ་འཛིན་པ་པོའི་གང་ཟག་དགག་པ་ལ་སྤྱིར་དགག་པ་དང༌། བྱེ་བྲག་ཏུ་དགག་པའོ། །
གཉིས་པ་བྱེ་བྲག་ཏུ་དགག་པ་ལ།
གཉིས་པ་བཀག་པས་གྲུབ་པའི་འབྲས་བུ་ནི།
གཉིས་པ་ཡོད་པའི་སྒྲུབ་བྱེད་དགག་པ་ལ།
གསུམ་པ་ནི།
༈ བདེན་བཞི་བརྟག་པའི་རབ་ཏུ་བྱེད་པ་ལ། མདོའི་འབྲེལ་ནི།
རབ་ཏུ་བྱེད་པའི་འབྲེལ་ནི།
གཉིས་པ་གཞུང་གི་ཚིག་དོན་ལ། གཞན་གྱི་རྩོད་པ་བཀོད་པ། རྩོད་པའི་ལན་བཤད་པའོ། །དང་པོ་ལ། ཤེས་བྱ་བདེན་བཞི་མེད་པར་ཐལ་བ། དཀོན་མཆོག་གསུམ་མེད་པར་ཐལ་བ། ལས་འབྲས་མེད་པར་ཐལ་བ། འཇིག་རྟེན་གྱི་ཐ་སྙད་མེད་པར་ཐལ་བའོ། །དང་པོ་ནི།
གཉིས་པ་(དཀོན་མཆོག་གསུམ་མེད་པར་ཐལ་བ་)ལ་གསུམ་ལས། དགེ་འདུན་མེད་པར་ཐལ་བ་ནི།
ཆོས་མེད་པར་ཐལ་བ་ནི།
སངས་རྒྱས་མེད་པར་ཐལ་བ་ནི།
གསུམ་པ་(ལས་འབྲས་མེད་པར་ཐལ་བ་)ནི།
བཞི་པ་(འཇིག་རྟེན་གྱི་ཐ་སྙད་མེད་པར་ཐལ་བ་)ནི།
གཉིས་པ་རྩོད་པའི་ལན་བཤད་པ་ལ། རྩོད་པ་འཇུག་པའི་རྒྱུ་བརྗོད། སྐྱོན་མི་འཇུག་པའི་འཐད་པ། དབུ་མ་རྟོགས་པའི་ཆེ་བ་བརྗོད་པའོ། །དང་པོ་ནི།
དང་པོ་ལ། དབྱེ་གཞི་དང༌། དབྱེ་བ་དང༌། གྲངས་ངེས་དང༌། དབྱེ་བ་སོ་སོའི་དོན་ནོ། །དང་པོ་ནི།
གསུམ་པ་ནི།
དབྱེ་བ་སོ་སོའི་དོན་ལ་གཉིས་ལས། དང་པོ་དོན་དམ་པའི་བདེན་པ་ལ་མཚན་ཉིད་དང༌། མཚོན་བྱའི་སྒྲ་དོན་དང༌། དབྱེ་བའོ། །དང་པོ་ནི།
གཉིས་པ་ཚིག་དོན་ལ།
གཉིས་པ་སྐྱོན་མི་འཇུག་པའི་འཐད་པ་བསྟན་པ་ལ་བཞི་སྟེ། སྐྱོན་གྱི་གཞི་མི་འདོད་པ། སྐྱོན་ཡོན་གྱི་གནས་བསྟན་པ། ཉེས་པ་བཟློག་སྟེ་བསྟན་པ། ཉེས་པ་གཞན་ཡང་འཇུག་པའི་ཚུལ་ལོ། །དང་པོ་ནི།
གཉིས་པ་སྐྱོན་ཡོན་གྱི་གནས་བསྟན་པ་ནི།
གསུམ་པ་ཉེས་པ་བཟློག་སྟེ་བསྟན་པ་ལ། ཉེས་པ་གཞན་ལ་གནས་པའི་ཚུལ་དང༌། རང་ལ་ཉེས་པ་མེད་པའི་ཚུལ། གཞན་ལ་ཉེས་པ་རྒྱས་པར་བརྗོད་པའི་ཚུལ་ལོ། །དང་པོ་ནི།
གཉིས་པ་(རང་ལ་ཉེས་པ་མེད་པའི་ཚུལ་)ལ། དང་པོ་རྒྱུ་འབྲས་མེད་པར་ཐལ་བ་ནི།
གཉིས་པ་རང་ལ་ཉེས་པ་མེད་པའི་ཚུལ་ནི།
གསུམ་པ་གཞན་ལ་ཉེས་པ་རྒྱས་པར་བརྗོད་པའི་ཚུལ་ལ། མདོར་བསྟན། རྒྱས་པར་བཤད། དོན་བསྡུ་བའོ། །དང་པོ་ལ། འཕགས་པའི་བདེན་པ་མེད་པར་ཐལ་བ་ནི།
གཉིས་པ་ནི།
གསུམ་པ་དོན་བསྡུ་བ་ནི།
བཞི་པ་ཉེས་པ་གཞན་ཡང་འཇུག་པའི་ཚུལ་ནི།
གསུམ་པ་དབུ་མ་རྟོགས་པའི་ཆེ་བ་བརྗོད་པ་ནི།
༈ མྱ་ངན་ལས་འདས་པ་བརྟག་པའི་རབ་ཏུ་བྱེད་པ་ལ། མདོའི་འབྲེལ་ནི།
གཉིས་པ་རབ་ཏུ་བྱེད་པའི་འབྲེལ་ནི།
གཞུང་གི་ཚིག་དོན་བཤད་པ་ལ། གཞན་གྱི་འདོད་པ་བརྗོད་པ་དང༌། གནོད་བྱེད་ཀྱི་རིགས་པ་བསྟན་པའོ། །དང་པོ་ནི།
གཉིས་པ་ལ་ཉེས་པ་གཞན་ལ་ཡོད་པར་བསྟན། དབུ་མ་པ་ལ་མེད་པའི་ཚུལ་ལོ། །དང་པོ་ནི།
གཉིས་པ་(དབུ་མ་པ་ལ་མེད་པའི་ཚུལ་)ལ་བཞི་སྟེ། མྱང་འདས་མཐའ་བྲལ་དུ་བསྟན། མཐའ་བཞིའི་སྤྲོས་པ་དགག རྟོགས་པ་པོའི་མྱང་འདས་དགག གཞན་གྱིས་བརྗོད་པའི་ཉེས་པ་སྤང་པའོ། །དང་པོ་ནི།
གཉིས་པ་(མཐའ་བཞིའི་སྤྲོས་པ་དགག་པ་)ལ། དངོས་པོ་དང་དངོས་མེད་དུ་འདོད་པ་དགག གཉིས་ཀར་འདོད་པ་དགག གཉིས་ཀ་མིན་པར་འདོད་པ་དགག་པའོ། །དང་པོ་ལ་སོ་སོར་དགག་པ་དང༌། ཐུན་མོང་དུ་དགག་པའོ། །དང་པོ་ལ་གཉིས་ལས། མྱང་འདས་དངོས་པོར་འདོད་པ་དགག་པ་ནི།
གཉིས་པ་དངོས་མེད་དུ་འདོད་པ་དགག་པ་ལ། ལེགས་ལྡན་བྱེད་ཀྱི་བཤད་ཚུལ་ནི།
གཉིས་པ་ཐུན་མོང་དུ་དགག་པ་ལ། རིགས་པས་མི་འཐད་པ་དང༌། ལུང་གིས་མི་འཐད་པའོ། །
དང་པོ་ནི།
གཉིས་པ་(ལུང་གིས་མི་འཐད་པ་)ནི།
གཉིས་ཀར་འདོད་པ་དགག་པ་ནི།
གསུམ་པ་གཉིས་ཀ་མ་ཡིན་པར་འདོད་པ་དགག་པ་ལ། ངོ་བོ་དགག་པ་དང༌། སྒྲུབ་བྱེད་དགག་པ་གཉིས་སོ། །དང་པོ་ནི།
གཉིས་པ་སྒྲུབ་བྱེད་དགག་པ་ནི།
གསུམ་པ་རྟོགས་པ་པོའི་མྱང་འདས་དགག་པ་ནི།
གསུམ་པ་བཀག་པས་གྲུབ་པའི་དོན་ལ།
གཉིས་པ་ལྟ་བ་མི་འཐད་པའི་ཚུལ་ནི།
༈ སྲིད་པའི་ཡན་ལག་བཅུ་གཉིས་བརྟག་པའི་རབ་ཏུ་བྱེད་པ་ལ། མདོའི་འབྲེལ་ནི།
གཉིས་པ་རབ་ཏུ་བྱེད་པའི་འབྲེལ་ལ།
གཉིས་པ་གཞུང་གི་ཚིག་དོན་ལ་གསུམ་སྟེ། རྟེན་འབྲེལ་གྱི་ཚུལ་བསྟན་པ། མངོན་པར་འདུ་བྱེད་མི་བྱེད་ཀྱི་ཁྱད་པར། ཡན་ལག་འགག་པའི་རིམ་པ་བསྟན་པའོ། །དང་པོ་ནི།
གཉིས་པ་ནི།
གསུམ་པ་ཡན་ལག་འགག་པའི་རིམ་པ་ནི།
༈ ལྟ་བ་བརྟག་པའི་རབ་ཏུ་བྱེད་པ་ལ། མདོའི་འབྲེལ་ནི།
རབ་ཏུ་བྱེད་པའི་འབྲེལ་ལ།
གཉིས་པ་གཞུང་གི་ཚིག་དོན་ལ། མི་མཐུན་ཕྱོགས་ཀྱི་ལྟ་བ་ངོས་བཟུང་བ། ལྟ་བ་བཟློག་པའི་རིགས་པ་བསྟན་པའོ། །དང་པོ་ནི།
གཉིས་པ་ལྟ་བ་བཟློག་པའི་རིགས་པ་བསྟན་པ་ལ། སོ་སོར་དགག་པ་དང༌། ཐུན་མོང་དུ་དགག་པའོ། །དང་པོ་ལ་བཞི་སྟེ། སྔོན་གྱི་མཐའ་ལ་བརྟེན་པའི་འབྱུང་སོགས་བཞི་དགག་པ། ཕྱི་མའི་མཐའ་ལ་བརྟེན་པའི་འབྱུང་སོགས་བཞི་དགག་པ། སྔོན་གྱི་མཐའ་ལ་བརྟེན་པའི་རྟག་སོགས་བཞི་དགག་པ། ཕྱི་མའི་མཐའ་ལ་བརྟེན་པའི་མཐའ་སོགས་བཞི་དགག་པའོ། །དང་པོ་ནི།
གཉིས་པ་ཕྱི་མའི་མཐའ་ལ་བརྟེན་པའི་འབྱུང་སོགས་བཞི་དགག་པ་ནི།
གསུམ་པ་སྔོན་གྱི་མཐའ་ལ་བརྟེན་པའི་རྟག་སོགས་བཞི་དགག་པ་ནི།
བཞི་པ་ཕྱི་མའི་མཐའ་ལ་བརྟེན་པའི་མཐའ་སོགས་བཞི་དགག་པ་ནི།
གཉིས་པ་ཐུན་མོང་དུ་དགག་པ་ནི།
༈ གསུམ་པ་བཀའ་དྲིན་རྗེས་སུ་དྲན་པའི་ཕྱག་མཆོད་ནི།
༈ གསུམ་པ་བསྟན་བཅོས་ཡོངས་སུ་རྫོགས་པའི་མཛད་བྱང་ནི།
༈ བཞི་པ་ལོ་པཎ་གང་གིས་བསྒྱུར་ཚུལ་ནི།