སྒོམ་རིམ་བར་པའི་འགྲེལ་པ་གནད་ཀྱི་ཟླ་ཟེར།

The Moonlight That Illuminates Crucial Points

འཕགས་ཡུལ་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་སྲོལ་འཛིན་ཆེན་པོ་སློབ་དཔོན་ཀ་མ་ལ་ཤའི་ལས། རྒྱ་ནག་གི་སློབ་དཔོན་ཧྭ་ཤང་མ་ཧཱ་ཡ་ན་ལ་སོགས་པའི་ལྟ་བ་ངན་པ་རྣམས་ལུང་རིགས་རྣམ་དག་གིས་བཟློག་པའི་རྗེས་སུ། ཐེག་པ་ཆེན་པོའི་ལམ་གྱི་རིམ་པ་མ་ནོར་བ་ཡང་དག་པར་སྟོན་པའི་བསྟན་བཅོས་མཛད་པར་རྒྱལ་པོ་ཁྲི་སྲོང་སྡེ་བཙན་གྱི་ཞལ་སྔ་ནས་ཡོངས་སུ་བསྐུལ་བའི་ངོར། སློབ་དཔོན་གྱིས་ཞི་གནས་ཤས་ཆེར་སྟོན་པ་སྒོམ་རིམ་དང་པོ། ཞི་ལྷག་ཟུང་འཇུག་ཤས་ཆེར་སྟོན་པ་སྒོམ་རིམ་བར་པ། ལྷག་མཐོང་ཤས་ཆེར་སྟོན་པ་སྒོམ་རིམ་ཐ་མའམ། ཡང་ན་རང་གི་བཞེད་གཞུང་རྒྱས་པར་སྟོན་པ་སྒོམ་རིམ་དང་པོ། ལམ་ཉམས་སུ་ལེན་པའི་ཚུལ་གསལ་བར་མཛད་པ་སྒོམ་རིམ་བར་པ། གཞན་ཕྱོགས་སུན་དབྱུང་བ་གཙོ་བོར་བྱས་པ་སྒོམ་རིམ་ཐ་མ་བཅས་བསྟན་བཅོས་གསུམ་མཛད་པ་ལས། སྒོམ་རིམ་བར་པའི་སྐབས་འདིར་ཞི་ལྷག་གཟུང་འཇུག་གི་ལམ་ནས་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་ལ་བསླབ་ཚུལ་གཙོར་བོར་སྟོན་ཅིང་། དེའི་ཚིག་དོན་གསལ་བར་བྱེད་པའི་འགྲེལ་པ་གནད་ཀྱི་ཟླ་ཟེར་ཅེས་པ་འདི་ནི་རོང་སྟོན་ཆེན་པོ་ཤེས་བྱ་ཀུན་རིག་གིས་མཛད་པའོ།།

དཀར་ཆག་མེད།

སྒོམ་པའི་རིམ་པ་བར་པ་ལ་དོན་གཉིས་ཏེ། མཚན་དོན་བཤད་པ་དང༌། གཞུང་གི་དོན་དངོས་སོ། །
དང་པོ་(མཚན་དོན་བཤད་པ་)ནི།

གཉིས་པ་གཞུང་གི་དོན་ལ་ལྔ་སྟེ། རྩོམ་པར་དམ་བཅའ་བ་དང༌། སྒོམ་པའི་རིམ་པ་བཤད་པ་དང༌། བསྒོམས་པའི་འབྲས་བུ་དང༌། དེ་བླང་བར་གདམས་པ། དེའི་བསོད་ནམས་བསྔོ་བའོ། །དང་པོ་(རྩོམ་པར་དམ་བཅའ་བ་)ནི།

གཉིས་པ་(སྒོམ་པའི་རིམ་པ་བཤད་པ་)ལ་གསུམ་སྟེ། སྒོམ་པ་ལྷུར་ལེན་པ་བསྟན་པ། སྒོམ་པའི་ཐབས་བཤད་པ། དོན་ཉེ་བར་བསྡུ་བའོ། །དང་པོ་(སྒོམ་པ་ལྷུར་ལེན་པ་བསྟན་པ་)ལ་གསུམ་སྟེ། རྒྱུ་རྐྱེན་ཚོགས་པ་ལ་འཇུག་པར་གདམས་པ། རྒྱུ་རྐྱེན་སྟོན་པའི་ལུང་དང༌། སྐབས་ལ་ཉེ་བར་སྦྱར་བའོ། །དང་པོ་(རྒྱུ་རྐྱེན་ཚོགས་པ་ལ་འཇུག་པར་གདམས་པ་)ལ་གཉིས་ཏེ། གདམས་པ་མདོར་བསྟན་པ་དང༌། འབྲས་བུ་རྒྱུ་རྐྱེན་ལ་ལྟོས་པར་བསྟན་པའོ། །དང་པོ་(གདམས་པ་མདོར་བསྟན་པ་)ནི།

གཉིས་པ་འབྲས་བུ་རྒྱུ་རྐྱེན་ལ་ལྟོས་པར་བསྟན་པ་ལ་གཉིས་ཏེ། རྒྱུ་རྐྱེན་ལ་མི་ལྟོས་པ་ཐལ་འགྱུར་གྱིས་དགག་པ། བཟློག་པ་རང་རྒྱུད་ཀྱིས་བསྒྲུབ་པའོ། །དང་པོ་(རྒྱུ་རྐྱེན་ལ་མི་ལྟོས་པ་ཐལ་འགྱུར་གྱིས་དགག་པ་)ནི།

གཉིས་པ་(བཟློག་པ་རང་རྒྱུད་ཀྱིས་བསྒྲུབ་པ་)ནི།

གསུམ་པ་སྐབས་ལ་ཉེ་བར་སྦྱར་བ་ནི།

གཉིས་པ་སྒོམ་པའི་ཐབས་བཤད་པ་ལ་གསུམ་སྟེ། སྙིང་རྗེ་སྒོམ་པའི་རིམ་པ། བྱང་ཆུབ་ཀྱི་སེམས་སྒོམ་ཚུལ། ཐབས་སྒོམ་པའི་རིམ་པའོ། །དང་པོ་(སྙིང་རྗེ་སྒོམ་པའི་རིམ་པ་)ལ་གསུམ་སྟེ། སྙིང་རྗེ་ཆོས་ཀྱི་རྩ་བ་ཉིད་དུ་སྒྲུབ་པ། དེ་ཇི་ལྟར་སྒོམ་པའི་རིམ་པ། སྒོམ་པའི་བྱེད་པ་བསྟན་པའོ། །དང་པོ་(སྙིང་རྗེ་ཆོས་ཀྱི་རྩ་བ་ཉིད་དུ་སྒྲུབ་པ་)ལ་གཉིས་ཏེ། རང་དོན་གྱི་ཆོས་ཀྱི་རྩ་བར་བསྟན་པ་དང༌། གཞན་དོན་གྱི་ཆོས་ཀྱི་རྩ་བར་བསྟན་པའོ། །དང་པོ་(རང་དོན་གྱི་ཆོས་ཀྱི་རྩ་བར་བསྟན་པ་)ལ་གཉིས་ཏེ། ཆོས་ཀྱི་རྩ་བར་འགྱུར་བའི་ཚུལ། ཤེས་བྱེད་ཀྱི་ལུང་དང་སྦྱར་བའོ། །དང་པོ་(ཆོས་ཀྱི་རྩ་བར་འགྱུར་བའི་ཚུལ་)ནི།

གཉིས་པ་ཤེས་བྱེད་ཀྱི་ལུང་དང་སྦྱར་བ་ནི།

གཉིས་པ་གཞན་དོན་གྱི་ཆོས་ཀྱི་རྩ་བར་སྒྲུབ་པ་ནི།

གཉིས་པ་སྙིང་རྗེ་སྒོམ་པའི་རིམ་པ་ལ་བཞི་སྟེ། བཏང་སྙོམས་ཀྱིས་གཞི་སྒྲུབ་པ་དང༌། བྱམས་པས་བརླན་པར་བྱ་བ་དང༌། སྙིང་རྗེ་སྒོམ་པའི་ཚུལ་དང༌། བྱམས་པ་སྒོམ་པའི་ཚུལ་ལོ། །དང་པོ་(བཏང་སྙོམས་ཀྱིས་གཞི་སྒྲུབ་པ་)ནི།

གཉིས་པ་བྱམས་པའི་སེམས་ཀྱིས་བརླན་པར་བྱ་བ་ནི།

གསུམ་པ་སྙིང་རྗེ་སྒོམ་ཚུལ་ལ་གཉིས་ཏེ། སྤྱིར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་(སྤྱིར་བསྟན་པ་)ནི།

གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། དམིགས་ཡུལ་གྱི་སྡུག་བསྔལ་གྱི་ཁྱད་པར། སྙིང་རྗེ་སྒོམ་པའི་རིམ་པ། སྙིང་རྗེ་གོམས་པའི་ཁྱད་པར་རོ། །དང་པོ་(དམིགས་ཡུལ་གྱི་སྡུག་བསྔལ་གྱི་ཁྱད་པར་)ལ་གསུམ་སྟེ། སྡུག་བསྔལ་གྱི་སྡུག་བསྔལ་དང༌། འགྱུར་བའི་སྡུག་བསྔལ་དང༌། འདུ་བྱེད་ཀྱི་སྡུག་བསྔལ་ཀྱི་ཁྱད་པར་རོ། །དང་པོ་(སྡུག་བསྔལ་གྱི་སྡུག་བསྔལ་)ལ་གཉིས་ཏེ། སྡུག་བསྔལ་གྱི་ངོ་བོ། སྡུག་བསྔལ་གྱི་རྒྱུའི་ཁྱད་པར་རོ། །དང་པོ་(སྡུག་བསྔལ་གྱི་ངོ་བོ་)ལ་ཡང་གཉིས་ཏེ། ངན་སོང་གི་སྡུག་བསྔལ་དང༌། མིའི་སྡུག་བསྔལ་ལོ། །དང་པོ་(ངན་སོང་གི་སྡུག་བསྔལ་)ནི།

གཉིས་པ་མིའི་སྡུག་བསྔལ་བཤད་པ་ནི།

གཉིས་པ་སྡུག་བསྔལ་གྱི་རྒྱུས་གནོད་པ་ནི།

གཉིས་པ་འགྱུར་བའི་སྡུག་བསྔལ་བཤད་པ་ནི།

གཉིས་པ་དེ་ལ་སྙིང་རྗེ་སྒོམ་ཚུལ་ལ་གཉིས་ཏེ། རྣམ་པའི་སྒོ་ནས་སྤྱིར་བསྟན། སྒོམ་ཚུལ་གྱི་རིམ་པས་རྒྱས་པར་བསྟན་པའོ། །དང་པོ་(རྣམ་པའི་སྒོ་ནས་སྤྱིར་བསྟན་)ནི།

གཉིས་པ་སྒོམ་ཚུལ་གྱི་རིམ་པ་རྒྱས་པར་བཤད་པ་ནི།

གཉིས་པ་བར་མའི་ཕྱོགས་ལ་སྒོམ་ཚུལ་ནི།

གསུམ་པ་ཐམས་ཅད་ལ་སྒོམ་པ་ནི།

གསུམ་པ་སྙིང་རྗེ་གོམས་པའི་རྣམ་པ་ནི།

བཞི་པ་བྱམས་པ་སྒོམ་པའི་ཚུལ་ནི།

གཉིས་པ་བྱང་ཆུབ་ཀྱི་སེམས་སྒོམ་པ་ལ་གཉིས་ཏེ། དབྱེ་བ་བསྟན་པ་དང༌། སོ་སོར་བཤད་པའོ། །དང་པོ་(དབྱེ་བ་བསྟན་པ་)ནི།

གཉིས་པ་སོ་སོར་བཤད་པ་ལ་གཉིས་ཏེ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང༌། དོན་དམ་བྱང་ཆུབ་ཀྱི་སེམས་བཤད་པའོ། །དང་པོ་(ཀུན་རྫོབ་བྱང་ཆུབ་ཀྱི་སེམས་)ལ་གཉིས་ཏེ། རང་བཞིན་ངོས་བཟུང་བ་དང༌། བླང་བའི་ཆོ་གའོ། །དང་པོ་(རང་བཞིན་ངོས་བཟུང་བ་)ནི།

གཉིས་པ་(སོ་སོར་བཤད་པ་)ནི།

གཉིས་པ་དོན་དམ་བྱང་ཆུབ་ཀྱི་སེམས་བཤད་པ་ལ་གཉིས་ཏེ། རང་བཞིན་ངོས་བཟུང༌། དེ་འགྲུབ་པའི་རྒྱུའོ། །དང་པོ་ནི།

གཉིས་པ་དེ་འགྲུབ་པའི་རྒྱུ་ནི་གཉིས་ཏེ། རྣལ་འབྱོར་གཉིས་རྒྱུ་ཉིད་དུ་སྒྲུབ་པ་དང༌། གཉིས་པོ་རྗེས་སུ་སྒྲུབ་པའི་ཚུལ་ལོ། །དང་པོ་(རྣལ་འབྱོར་གཉིས་རྒྱུ་ཉིད་དུ་སྒྲུབ་པ་)ལ་བཞི་སྟེ། ཞི་ལྷག་གཉིས་ཀའི་ཐུན་མོང་གི་དགོས་པ་དང༌། ལྷག་མཐོང་གི་དགོས་པ་དང༌། ཞི་གནས་ཀྱི་དགོས་པ་དང༌། གཉིས་ཀའི་དོན་བསྡུ་བའོ། །དང་པོ་(ཞི་ལྷག་གཉིས་ཀའི་ཐུན་མོང་གི་དགོས་པ་)ལ་གཉིས་ཏེ། དགེ་བའི་ཆོས་ཐམས་ཅད་སྒྲུབ་པ། ཏིང་ངེ་འཛིན་ཐམས་ཅད་སྡུད་བྱེད་དོ། །དང་པོ་(དགེ་བའི་ཆོས་ཐམས་ཅད་སྒྲུབ་པ་)ནི།

གཉིས་པ་(ཏིང་ངེ་འཛིན་ཐམས་ཅད་སྡུད་བྱེད་)ནི།

གཉིས་པ་ལྷག་མཐོང་གི་དགོས་པ་ལ་བཞི་སྟེ། སྒྲིབ་པ་ཐམས་ཅད་སྤོང་བ། སྡུག་བསྔལ་ཐམས་ཅད་གཅོད་པ། ཡེ་ཤེས་རྣམ་པར་དག་པ་ཐོབ་པ། བསམ་པ་ཕུན་སུམ་ཚོགས་པ་འགྲུབ་པའོ། །དང་པོ་(སྒྲིབ་པ་ཐམས་ཅད་སྤོང་བ་)ལ་གཉིས་ཏེ། དངོས་ཀྱི་དོན་དང༌། ཤེས་བྱེད་ཀྱི་ལུང་ངོ༌། །དང་པོ་(དངོས་ཀྱི་དོན་)ནི།

གཉིས་པ་(ཤེས་བྱེད་ཀྱི་ལུང་ངོ༌)ནི།

གཉིས་པ་སྡུག་བསྔལ་ཐམས་ཅད་གཅོད་པ་ལ་གཉིས་ཏེ། ལྡོག་པའི་སྒོ་ནས་བསྟན་པ་དང༌། །རྗེས་འགྲོའི་སྒོ་ནས་བསྟན་པའོ། །དང་པོ་(ལྡོག་པའི་སྒོ་ནས་བསྟན་པ་)ནི།

གཉིས་པ་རྗེས་འགྲོའི་སྒོ་ནས་བསྟན་པ་ནི།

གསུམ་པ་ཡེ་ཤེས་རྣམ་པར་དག་པ་ཐོབ་པ་ལ་གཉིས་ཏེ། དངོས་ཀྱི་དོན་དང༌། ཤེས་བྱེད་ཀྱི་ལུང་ངོ༌། །དང་པོ་(དངོས་ཀྱི་དོན་)ནི།

གཉིས་པ་(ཤེས་བྱེད་ཀྱི་ལུང་ངོ༌)ནི།

བཞི་པ་བསམ་པ་ཕུན་སུམ་ཚོགས་པ་འགྲུབ་པ་ལ་གཉིས་ཏེ། ལྡོག་པའི་སྒོ་ནས་བསྟན་པ་དང༌། རྗེས་འགྲོའི་སྒོ་ནས་བསྟན་པའོ། །དང་པོ་(ལྡོག་པའི་སྒོ་ནས་བསྟན་པ་)ནི།

གཉིས་པ་རྗེས་འགྲོའི་སྒོ་ནས་བསྟན་པ་ནི།

གཉིས་པ་ཞི་གནས་ཀྱི་དགོས་པ་ནི།

བཞི་པ་གཉིས་ཀའི་དོན་བསྡུ་བ་ནི་བཞི་སྟེ། ལྡོག་པ་དང༌། རྗེས་འགྲོ་དང༌། དེའི་ཤེས་བྱེད་དང༌། སྐབས་ཀྱི་དོན་བསྡུ་བའོ། །དང་པོ་(ལྡོག་པ་)ནི།

གཉིས་པ་རྗེས་འགྲོའི་སྒོ་ནས་བསྟན་པ་ནི།

གསུམ་པ་ཤེས་བྱེད་ཀྱི་ལུང་ནི།

བཞི་པ་སྐབས་ཀྱི་དོན་བསྡུ་བ་ནི།

རྣལ་འབྱོར་རྗེས་སུ་སྒྲུབ་པ་ལ་གཉིས་ཏེ། སྤྱིའི་དོན་དང༌། གཞུང་གི་དོན་ནོ། །དང་པོ་ལ་ཞི་གནས་སྒྲུབ་པའི་ཚུལ་དང༌། ལྷག་མཐོང་སྒྲུབ་པའི་ཚུལ་ལོ། །དང་པོ་(ཞི་གནས་སྒྲུབ་པའི་ཚུལ་)ལ།

གཉིས་པ་ལྷག་མཐོང་སྒྲུབ་པའི་ཚུལ་ལ་སྡོམ་ནི།

གཉིས་པ་གཞུང་གི་དོན་ལ་གཉིས་ཏེ། རྒྱུ་ཚོགས་ལ་བརྟེན་པ་དང༌། སྒོམ་པ་ལ་འཇུག་པའོ། །དང་པོ་(རྒྱུ་ཚོགས་ལ་བརྟེན་པ་)ལ་གསུམ་སྟེ། ཞི་གནས་ཀྱི་རྒྱུ་ཚོགས། ལྷག་མཐོང་གི་རྒྱུ་ཚོགས། གཉིས་ཀའི་རྒྱུ་ཚོགས་སོ། །དང་པོ་(ཞི་གནས་ཀྱི་རྒྱུ་ཚོགས་)ལ་གཉིས་ཏེ། ཡན་ལག་གི་དབྱེ་བ་མདོར་བསྟན། ཡན་ལག་སོ་སོར་བཤད་པའོ། །དང་པོ་(ཡན་ལག་གི་དབྱེ་བ་མདོར་བསྟན་)ནི།

གཉིས་པ་ཡན་ལག་སོ་སོར་བཤད་པ་ལ།

གསུམ་པ་ལྷག་མཐོང་གི་རྒྱུ་ཚོགས་བསྟན་པ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་(མདོར་བསྟན་པ་)ནི།

གཉིས་པ་(རྒྱས་པར་བཤད་པ་)ནི།

གསུམ་པ་གཉིས་ཀའི་རྒྱུ་ཚོགས་བསྟན་པ་ནི།

གཉིས་པ་སྒོམ་པའི་རིམ་པ་ལ་འཇུག་པ་ལ་གསུམ་སྟེ། སྦྱོར་བ་དང༌། དངོས་གཞི་དང༌། རྗེས་ཀྱི་བྱ་བའོ། །དང་པོ་(སྦྱོར་བ་)ལ་ཡང་རྗེས་སུ་སྒྲུབ་པ་ནི།

གཉིས་པ་དངོས་གཞི་ལ་གསུམ་སྟེ། ཞི་ལྷག་གཉིས་ཀྱི་རང་བཞིན། སྒྲུབ་ཚུལ་གྱི་རིམ་པ། དོན་བསྡུ་བའོ། །དང་པོ་(ཞི་ལྷག་གཉིས་ཀྱི་རང་བཞིན་)ལ་གཉིས་ཏེ། སྤྱིར་བསྟན་པ་དང༌། སོ་སོར་བཤད་པའོ། །དང་པོ་(སྤྱིར་བསྟན་པ་)ནི།

གཉིས་པ་སོ་སོར་བཤད་པ་ལ་གཉིས་ཏེ། ཞི་གནས་ཚོལ་བ་དང༌། ལྷག་མཐོང་ལ་མཁས་པའོ། །དང་པོ་(ཞི་གནས་ཚོལ་བ་)ནི།

གཉིས་པ་ལྷག་མཐོང་ལ་མཁས་པ་ནི།

གཉིས་པ་ཞི་ལྷག་སྒྲུབ་ཚུལ་གྱི་རིམ་པ་ལ་གསུམ་སྟེ། ཞི་གནས་སྒྲུབ་ཚུལ་དང༌། ལྷག་མཐོང་སྒྲུབ་ཚུལ་དང༌། ཟུང་དང་འབྲེལ་བའི་ལམ་སྒྲུབ་ཚུལ་ལོ། །དང་པོ་(ཞི་གནས་སྒྲུབ་ཚུལ་)ལ་གཉིས་ཏེ། ཞི་གནས་ཇི་ལྟར་སྒོམ་པའི་ཚུལ། ཞི་གནས་གྲུབ་པའི་རྣམ་པའོ། །དང་པོ་(ཞི་གནས་ཇི་ལྟར་སྒོམ་པའི་ཚུལ་)ལ་གཉིས་ཏེ། དམིགས་པ་གང་ལ་སེམས་བཞག་པ་དང༌། དམིགས་པ་ལ་སེམས་གནས་པའི་ཐབས་སོ། །དང་པོ་(དམིགས་པ་གང་ལ་སེམས་བཞག་པ་)ལ་གཉིས་ཏེ། རྒྱས་པར་བསྟན་པ་དང༌། དོན་བསྡུ་བའོ། །དང་པོ་(རྒྱས་པར་བསྟན་པ་)ལ་གཉིས་ཏེ། ཆོས་ཉིད་ལ་དམིགས་ཏེ་སེམས་བཞག་པ་དང༌། ཆོས་ཅན་ལ་དམིགས་ཏེ་སེམས་བཞག་པའོ། །དང་པོ་(ཆོས་ཉིད་ལ་དམིགས་ཏེ་སེམས་བཞག་པ་)ནི།

གཉིས་པ་ཆོས་ཅན་ལ་སེམས་བཞག་པ་ལ་གཉིས་ཏེ། ཕུང་པོ་སོགས་ལ་སེམས་བཞག་པ་དང༌། གཟུགས་སྐུ་ལ་སེམས་བཞག་པའོ། །དང་པོ་(ཕུང་པོ་སོགས་ལ་སེམས་བཞག་པ་)ནི།

གཉིས་པ་གཟུགས་སྐུ་ལ་དམིགས་པ་ནི།

གཉིས་པ་དོན་བསྡུ་བ་ནི།

གཉིས་པ་དམིགས་པ་ལ་སེམས་གནས་པའི་ཐབས་ལ་བཞི་སྟེ། བྱིང་རྒོད་ཀྱི་མཚན་མ་བརྟག་པ་དང༌། བྱིང་བའི་གཉེན་པོ་ཡིད་ལ་བྱ་བ་དང༌། རྒོད་པའི་གཉེན་པོ་ཡིད་ལ་བྱ་བ་དང༌། མཉམ་ན་བཏང་སྙོམས་སུ་བྱ་བའོ། །དང་པོ་(བྱིང་རྒོད་ཀྱི་མཚན་མ་བརྟག་པ་)ནི།

གཉིས་པ་(བྱིང་བའི་གཉེན་པོ་ཡིད་ལ་བྱ་བ་)ནི།

གསུམ་པ་རྗེས་སུ་དྲན་པ་བསྐྱེད་པ་ནི།

གསུམ་པ་རྒོད་པའི་གཉེན་པོ་ཡིད་ལ་བྱ་བ་ནི།

བཞི་པ་མཉམ་ན་བཏང་སྙོམས་སུ་བྱ་བ་ནི།

གསུམ་པ་ཞི་གནས་གྲུབ་པའི་རྣམ་པ་ནི།

གཉིས་པ་ལྷག་མཐོང་སྒྲུབ་པའི་ཚུལ་ལ་གསུམ་སྟེ། ལྷག་མཐོང་གི་དགོས་པའི་ཁྱད་པར། དམིགས་པ་ལ་འཇུག་པའི་རིམ་པ། ཇི་ལྟར་བསྒོམ་པའི་ཚུལ་ལོ། །དང་པོ་(ལྷག་མཐོང་གི་དགོས་པའི་ཁྱད་པར་)ལ་གསུམ་སྟེ། དམིགས་པའི་ཁྱད་པར། ལྷག་མཐོང་གི་བྱེད་པ་བསྟན་པ་དང༌། ལྷག་མཐོང་ལ་འཇུག་པར་གདམས་པའོ། །དང་པོ་(དམིགས་པའི་ཁྱད་པར་)ནི།

གཉིས་པ་(ལྷག་མཐོང་གི་བྱེད་པ་བསྟན་པ་)ནི།

གསུམ་པ་(ལྷག་མཐོང་ལ་འཇུག་པར་གདམས་པ་)ནི།

གཉིས་པ་དམིགས་པ་ལ་འཇུག་པའི་ཁྱད་པར་ལ་གསུམ་སྟེ། ལྷག་མཐོང་གི་འཇུག་པ་དང༌། འཇུག་པ་སྒྲུབ་པ་དང༌། འཇུག་པའི་བསྔགས་པའོ། །དང་པོ་(ལྷག་མཐོང་གི་འཇུག་པ་)ལ་གཉིས་ཏེ། སོ་སོར་རྟོག་པའི་ཁྱད་པར་དང༌། ཡུལ་སོ་སོར་དཔྱོད་པའི་ནུས་པའོ། །དང་པོ་(སོ་སོར་རྟོག་པའི་ཁྱད་པར་)ལ་གཉིས་ཏེ། སྤྱིར་བསྟན་པ་དང༌། སོ་སོར་བཤད་པའོ། །དང་པོ་(སྤྱིར་བསྟན་པ་)ནི།

གཉིས་པ་སོ་སོར་བཤད་པ་ལ་གཉིས་ཏེ། མཚམས་སྦྱར་བ་དང༌། དོན་དངོས་སོ། །དང་པོ་(མཚམས་སྦྱར་བ་)ནི།

གཉིས་པ་(དོན་དངོས་སོ་)ལ་གཉིས་ཏེ། གང་ཟག་གི་བདག་མེད་ལ་སོ་སོར་རྟོག་པ་དང༌། ཆོས་ཀྱི་བདག་མེད་ལ་སོ་སོར་རྟོག་པའོ། །དང་པོ་(གང་ཟག་གི་བདག་མེད་ལ་སོ་སོར་རྟོག་པ་)ལ་གསུམ་སྟེ། ཕུང་པོ་ལ་གཅིག་དང་ཐ་དད་དུ་བརྟགས་ཏེ་དགག བརྗོད་དུ་མེད་པའི་གང་ཟག་དགག ཚད་མས་གྲུབ་པའི་དོན་བསྡུ་བའོ། །དང་པོ་(ཕུང་པོ་ལ་གཅིག་དང་ཐ་དད་དུ་བརྟགས་ཏེ་དགག་)ནི།

གཉིས་པ་བརྗོད་དུ་མེད་པའི་གང་ཟག་དགག་པ་ནི།

གསུམ་པ་(ཚད་མས་གྲུབ་པའི་དོན་བསྡུ་བ་)ནི།

གཉིས་པ་ཆོས་ལ་བདག་མེད་པར་རྟོག་པ་ལ་གསུམ་སྟེ། ཕྱི་རོལ་གྱི་དོན་ངོ་བོ་ཉིད་མེད་པར་བརྟག་པ་དང༌། སེམས་ངོ་བོ་ཉིད་མེད་པར་བརྟག་པ་དང༌། རིགས་པས་ངེས་པའི་དོན་བསྟན་པའོ། །དང་པོ་(ཕྱི་རོལ་གྱི་དོན་ངོ་བོ་ཉིད་མེད་པར་བརྟག་པ་)ལ་གསུམ་སྟེ། བརྟག་པར་བྱ་བའི་ཆོས་ཀྱི་དངོས་པོ་བསྡུ་བ། ཕྲ་རགས་ཀྱི་གཟུགས་དགག་པ། སྣང་བ་རྣམ་ཤེས་སུ་བསྟན་པའོ། །དང་པོ་(བརྟག་པར་བྱ་བའི་ཆོས་ཀྱི་དངོས་པོ་བསྡུ་བ་)ནི།

གཉིས་པ་(ཕྲ་རགས་ཀྱི་གཟུགས་དགག་པ་)ནི།

གསུམ་པ་( སྣང་བ་རྣམ་ཤེས་སུ་བསྟན་པ་)ནི།

གསུམ་པ་སེམས་ངོ་བོ་ཉིད་མེད་པར་བསྟན་པ་ལ་གཉིས་ཏེ། སྤྱིར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་(སྤྱིར་བསྟན་པ་)ནི།

གཉིས་པ་རྒྱས་པར་བཤད་པ་ལ་བཞི་སྟེ། སེམས་བརྫུན་པ་ཉིད་དུ་བསྟན་པ་དང༌། དེ་ཉིད་རིགས་པས་སྒྲུབ་པ་དང༌། ཚད་མའི་འབྲས་བུ་བསྡུ་བ་དང༌། ཆོས་གཞན་ལ་སྦྱར་བའོ། །དང་པོ་(སེམས་བརྫུན་པ་ཉིད་དུ་བསྟན་པ་)ནི།

གཉིས་པ་དེ་ཉིད་རིགས་པས་སྒྲུབ་པ་ནི།

གསུམ་པ་(ཚད་མའི་འབྲས་བུ་བསྡུ་བ་)ནི།

བཞི་པ་ཆོས་གཞན་ལ་སྦྱར་བ་ནི།

གསུམ་པ་རིགས་པས་ངེས་པའི་དོན་བསྟན་པ་ལ་གཉིས་ཏེ། ཆོས་ཅན་མ་དམིགས་པ་དང༌། ཆོས་མ་དམིགས་པའོ། །དང་པོ་(ཆོས་ཅན་མ་དམིགས་པ་)ལ་གསུམ་སྟེ། སེམས་མ་དམིགས་པ་དང༌། དེའི་ཤེས་བྱེད་འགོད་པ་དང༌། ལུང་རིགས་གཉིས་ཀྱིས་གྲུབ་པའི་དོན་ནོ། །དང་པོ་(སེམས་མ་དམིགས་པ་)ནི།

གཉིས་པ་(དེའི་ཤེས་བྱེད་འགོད་པ་)ནི།

གསུམ་པ་ལུང་རིགས་ཀྱིས་གྲུབ་པའི་དོན་ནི།

གཉིས་པ་ཆོས་མ་དམིགས་པའི་ཚུལ་ལ་གཉིས་ཏེ། ཆོས་མ་དམིགས་པའི་ཚུལ་རྒྱས་པར་བསྟན་པ། དེའི་འཐད་པ་དགོད་པའོ། །དང་པོ་(ཆོས་མ་དམིགས་པའི་ཚུལ་རྒྱས་པར་བསྟན་པ་)ནི།

གཉིས་པ་དེའི་འཐད་པ་ནི།

གཉིས་པ་ཡུལ་སོ་སོར་དཔྱོད་ནུས་པའི་ནུས་པ་བསྟན་པ་ནི།

གསུམ་པ་ལྷག་མཐོང་གི་འཇུག་པ་སྒྲུབ་པ་ལ་གསུམ་སྟེ། གཞན་གྱི་འདོད་པ་དགག་པ། རང་ཕྱོགས་ཀྱི་ཤེས་བྱེད་འགོད་པ། དེའི་དོན་རྒྱས་པར་བཤད་པའོ། །དང་པོ་(གཞན་གྱི་འདོད་པ་དགག་པ་)ནི།

གཉིས་པ་(རང་ཕྱོགས་ཀྱི་ཤེས་བྱེད་འགོད་པ་)ནི།

གསུམ་པ་དེའི་དོན་བཤད་པ་ནི།

གསུམ་པ་འཇུག་པའི་བསྔགས་པ་ལ་གཉིས་ཏེ། བསྔགས་པ་བརྗོད་པ་དང༌། ལུང་དང་སྦྱར་བའོ། །དང་པོ་(བསྔགས་པ་བརྗོད་པ་)ནི།

གཉིས་པ་ལུང་དང་སྦྱར་བ་ནི།

གསུམ་པ་ལྷག་མཐོང་སྒོམ་པའི་ཚུལ་ལ་ལྔ་སྟེ། ཐོག་མར་བསྒྲིམས་ཏེ་འཇུག་པ་དང༌། བར་ཆད་ཅིང་འཇུག་པ་དང༌། བར་མ་ཆད་པར་འཇུག་པ་དང༌། ལྷུན་གྱིས་གྲུབ་པར་འཇུག་པ་དང༌། རྩོལ་མེད་དུ་འཇོག་པའི་དགོས་པའོ། །དང་པོ་(ཐོག་མར་བསྒྲིམས་ཏེ་འཇུག་པ་)ལ་ཡང་གཉིས་ཏེ། དང་པོར་སེམས་གཏོད་པ་དང༌། དམིགས་པ་མི་འཆོར་བ་འཛིན་པའོ། །དང་པོ་(དང་པོར་སེམས་གཏོད་པ་)ནི།

དམིགས་པ་མི་འཆོར་བར་འཛིན་པ་ནི།

གཉིས་པ་བར་ཆད་ཅིང་འཇུག་པ་ལ་དྲུག་སྟེ། དམིགས་པ་ཤོར་ན་སླར་ཡང་གཏོད་པ་དང༌། གནས་པ་བརྟན་པར་བྱེད་པ་དང༌། བརྟན་པ་མཐུ་བསྐྱེད་པ་དང༌། གཡེང་བ་བཟློག་པ་དང༌། བྱིང་བ་བཟློག་པ་དང༌། རྒོད་པ་སེལ་བའི་ཐབས་སོ། །དང་པོ་(དམིགས་པ་ཤོར་ན་སླར་ཡང་གཏོད་པ་)ནི།

གཉིས་པ་(གནས་པ་བརྟན་པར་བྱེད་པ་)ནི།

གསུམ་པ་(བརྟན་པ་མཐུ་བསྐྱེད་པ་)ནི།

བཞི་པ་(གཡེང་བ་བཟློག་པ་)ནི།

ལྔ་པ་(བྱིང་བ་བཟློག་པ་)ནི།

དྲུག་པ་རྒོད་པ་སེལ་བ་ནི།

གསུམ་པ་བར་མ་ཆད་པར་འཇུག་པ་ནི།

བཞི་པ་ལྷུན་གྱིས་གྲུབ་པར་འཇུག་པ་ནི།

ལྔ་པ་རྩོལ་མེད་དུ་འཇོག་པའི་དགོས་པ་ནི།

བཞི་པ་ཟུང་དུ་འབྲེལ་བའི་ལམ་སྒོམ་པ་ལ་བཞི་སྟེ། མི་མཉམ་པའི་ཉེས་པ་དང༌། མཉམ་པར་སྒོམ་པ་དང༌། ངལ་བ་སེལ་བའི་ཐབས་དང༌། སྐབས་བསྡུ་བའོ། །དང་པོ་(མི་མཉམ་པའི་ཉེས་པ་)ནི།

གཉིས་པ་མཉམ་པར་སྒོམ་པ་བསྟན་པ་ནི།

གསུམ་པ་ངལ་བ་སེལ་བའི་ཐབས་ནི།

བཞི་པ་སྐབས་ཀྱི་དོན་བསྡུ་བ་ནི།

གསུམ་པ་དོན་བསྡུ་བ་ནི།

གསུམ་པ་སྒོམ་པའི་རྗེས་ཀྱི་བྱ་བ་ལ་བཞི་སྟེ། ཆོས་ཐམས་ཅད་སྒྱུ་མ་ཙམ་དུ་ལྟ་བ། དེ་ཁོ་ན་ཉིད་མ་རྟོགས་པ་ལ་དམིགས་པའི་སྙིང་རྗེ། ཚོགས་རྗེས་སུ་སྒྲུབ་པའི་བྱ་བ། ཚོགས་ཀྱི་བྱེད་པ་བསྟན་པའོ། །དང་པོ་(ཆོས་ཐམས་ཅད་སྒྱུ་མ་ཙམ་དུ་ལྟ་བ་)ནི།

གཉིས་པ་དེ་ཁོ་ན་ཉིད་མ་རྟོགས་པ་ལ་དམིགས་པའི་སྙིང་རྗེ་ནི།

གསུམ་པ་དགེ་བའི་ཚོགས་རྗེས་སུ་སྒྲུབ་པ་ལ་གསུམ་སྟེ། རྟེན་ལ་དམིགས་པའི་ཚོགས་ལ་འབད་པ། དགེ་བ་གཞན་ཇི་སྙེད་པའི་ཚོགས་ལ་འབད་པའོ། །དང་པོ་(རྟེན་ལ་དམིགས་པའི་ཚོགས་ལ་འབད་པ་)ནི།

གཉིས་པ་(དགེ་བ་གཞན་ཇི་སྙེད་པའི་ཚོགས་ལ་འབད་པ་)ནི།

བཞི་པ་ཚོགས་ཀྱི་བྱེད་པ་བསྟན་པ་ནི།

གསུམ་པ་ཐབས་སྒོམ་པ་ལ་བཞི་སྟེ། ཐབས་ལ་བརྟེན་པའི་དགོས་པ་དང༌། དེ་ཤེས་རབ་ལ་ལྟོས་པར་བསྟན་པ་དང༌། ཟུང་འཇུག་འགྲུབ་པའི་དོན་དང༌། བྱང་ཆུབ་ཀྱི་སེམས་ཀྱི་སྟོབས་བསྐྱེད་པའོ། །དང་པོ་(ཐབས་ལ་བརྟེན་པའི་དགོས་པ་)ལ་གཉིས་ཏེ། ཕུན་སུམ་ཚོགས་པ་ཐམས་ཅད་སྒྲུབ་པ་དང༌། སངས་རྒྱས་ཀྱི་མཛད་པ་སྒྲུབ་པའོ། །དང་པོ་(ཕུན་སུམ་ཚོགས་པ་ཐམས་ཅད་སྒྲུབ་པ་)ལ་བཞི་སྟེ། སྤྱིར་བརྗོད་པ་དང༌། དེ་ལུང་རིགས་ཀྱིས་སྒྲུབ་པ་དང༌། ཐབས་ལ་འབད་པར་བྱ་བ་དང༌། ཤེས་བྱེད་ཀྱི་ལུང་དགོད་པའོ། །དང་པོ་(སྤྱིར་བརྗོད་པ་)ནི།

གཉིས་པ་(དེ་ལུང་རིགས་ཀྱིས་སྒྲུབ་པ་)ནི།

གསུམ་པ་ཐབས་ལ་འབད་པར་བྱ་བ་ནི།

བཞི་པ་ཤེས་བྱེད་ཀྱི་ལུང་དགོད་པ་ནི།

གཉིས་པ་ཤེས་རབ་ལ་ལྟོས་པར་བསྟན་པ་ལ་བཞི་སྟེ། ཐབས་ཤེས་ཟུང་འཇུག་གི་བྱེད་པ། ཐབས་ཤེས་གཉིས་ཀ་ལ་ལྟོས་པའི་ལུང༌། ཐབས་ཤེས་གཉིས་ལ་ལྟོས་པའི་དོན་སྒྲུབ་པ། སྐབས་ཀྱི་དོན་བསྡུ་བའོ། །དང་པོ་ནི།

གཉིས་པ་ཐབས་ཤེས་རབ་གཉིས་ཀ་ལ་ལྟོས་པའི་ལུང་ནི།

གསུམ་པ་གཉིས་ཀ་ལ་ལྟོས་པའི་དོན་སྒྲུབ་པ་ལ་གཉིས་ཏེ། ཐབས་དང་བྲལ་བ་འཆིང་བར་སྒྲུབ་པ་དང༌། ཤེས་རབ་དང་བྲལ་བ་འཆིང་བར་སྒྲུབ་པའོ། །དང་པོ་(ཐབས་དང་བྲལ་བ་འཆིང་བར་སྒྲུབ་པ་)ལ་གསུམ་སྟེ། འཆིང་བའི་དོན་དང༌། དེའི་གཉེན་པོ་དང༌། ཤེས་བྱེད་ཀྱི་ལུང་ངོ༌། །དང་པོ་(འཆིང་བའི་དོན་)ནི།

གཉིས་པ་(དེའི་གཉེན་པོ་)ནི།

གསུམ་པ་(ཤེས་བྱེད་ཀྱི་ལུང་ངོ༌)ནི།

གཉིས་པ་ཤེས་རབ་དང་བྲལ་བས་འཆིང་བར་སྒྲུབ་པ་ལ་གསུམ་སྟེ། ཐབས་ཀྱིས་འཆིང་བའི་དོན་དང༌། དེའི་གཉེན་པོ་དང༌། ཤེས་བྱེད་ཀྱི་ལུང་ངོ༌། །དང་པོ་(ཐབས་ཀྱིས་འཆིང་བའི་དོན་)ནི།

གཉིས་པ་དེའི་གཉེན་པོ་ནི།

གསུམ་པ་ཤེས་བྱེད་ཀྱི་ལུང་ནི།

བཞི་པ་སྐབས་ཀྱི་དོན་བསྡུ་བ་ནི།

གསུམ་པ་ཟུང་འཇུག་འགྲུབ་པའི་དོན་ལ་གསུམ་སྟེ། གནས་སྐབས་ཀྱིས་རབ་ཏུ་ཕྱེ་བ། མཚན་ཉིད་ཀྱིས་རབ་ཏུ་ཕྱེ་བ། དེ་དག་གི་ལུང་གི་ཁུངས་དགོད་པའོ། །དང་པོ་(གནས་སྐབས་ཀྱིས་རབ་ཏུ་ཕྱེ་བ་)ནི།

གཉིས་པ་མཚན་ཉིད་ཀྱིས་རབ་ཏུ་ཕྱེ་བ་ནི།

གསུམ་པ་དེ་དག་གི་ལུང་གི་ཁུངས་དགོད་པ་ལ་བཞི་ལས་དང་པོ་ནི།

གསུམ་པ་བསྒོམས་པའི་འབྲས་བུ་ལ་གཉིས་ཏེ། སྤྱིར་བསྟན་པ་དང༌། སོ་སོར་བཤད་པའོ། །དང་པོ་(སྤྱིར་བསྟན་པ་)ནི།

གཉིས་པ་སོ་སོར་བཤད་པ་ལ་གཉིས་ཏེ། འཇིག་རྟེན་གྱིས་བསྡུས་པའི་འབྲས་བུ་དང༌། འཇིག་རྟེན་ལས་འདས་པའི་འབྲས་བུའོ། །དང་པོ་(འཇིག་རྟེན་གྱིས་བསྡུས་པའི་འབྲས་བུ་)ལ་གཉིས་ཏེ། ཚེ་འདིར་ཐོབ་པའི་འབྲས་བུ་དང༌། སྐྱེ་བ་གཞན་དུ་ཐོབ་པའི་འབྲས་བུའོ། །དང་པོ་(ཚེ་འདིར་ཐོབ་པའི་འབྲས་བུ་)ལ་སྐྱེས་བུ་བྱེད་པའི་འབྲས་བུ་ནི།

གཉིས་པ་སྐྱེ་བ་གཞན་དུ་ཐོབ་པའི་འབྲས་བུ་ནི།

གཉིས་པ་འཇིག་རྟེན་ལས་འདས་པའི་འབྲས་བུ་ལ་གཉིས་ཏེ། རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་(རྒྱས་པར་བཤད་པ་)ལ་ལྔ་སྟེ། མཐོང་ལམ་ས་དང་པོ་ཐོབ་པ་དང༌། སྒོམ་ལམ་ས་ལྷག་མ་དགུ་ཐོབ་པ་དང༌། མཐར་ཐུག་གི་ས་སངས་རྒྱས་ཐོབ་པ་དང༌། དེ་དག་གི་ཤེས་བྱེད་ཀྱི་ལུང་དྲང་བ་དང༌། སངས་རྒྱས་ཐོབ་པའི་ཆེད་དུ་འབད་པར་གདམས་པའོ། །དང་པོ་(མཐོང་ལམ་ས་དང་པོ་ཐོབ་པ་)ནི།

གཉིས་པ་སྒོམ་ལམ་པས་ལྷག་མ་དགུ་ཐོབ་པར་བསྟན་པ་ནི།

གསུམ་པ་མཐར་ཐུག་གི་ས་སངས་རྒྱས་ཐོབ་པ་ནི།

བཞི་པ་དེ་དག་གི་ཤེས་བྱེད་ཀྱི་ལུང་དྲང་བ་ནི།

ལྔ་པ་སངས་རྒྱས་ཐོབ་པའི་ཆེད་དུ་འབད་པར་གདམས་པ་ནི།

གཉིས་པ་དོན་བསྡུ་བ་ནི།

བཞི་པ་ཆོས་བླང་བར་གདམས་པ་ནི།

ལྔ་པ་བཤད་པའི་བསོད་ནམས་བསྔོ་བ་ནི།

དེབ་ཕྲེང་འདི་ཡི་ཁོངས་གཏོགས་འཕྲུལ་དེབ་གཞན།