སྒོམ་རིམ་དང་པོའི་འགྲེལ་པ་ཞི་ལྷག་གསལ་བར་བྱེད་པའི་རྒྱན།

An Ornament to Clarify Calm Abiding and Insight Meditation

བོད་གངས་ཅན་གྱི་ལྗོངས་སུ་རྒྱ་ནག་གྱི་སློབ་དཔོན་ཧཱ་ཤང་མ་ཧཱ་ཡ་ནས་ཕྱག་མཆོད་སོགས་ལུས་ངག་གྱི་དགེ་སྦྱོར་ལ་མ་ལྟོས་པར། ཐོག་མ་ཉིད་ནས་ཅི་ཡང་ཡིད་ལ་མི་བྱེད་པ་ཙམ་བསྒོམ་པས་ཆོག་པའི་ལམ་སྲོལ་སྤེལ་བས་བོད་ཀྱི་ཆོས་ལུགས་ནང་ཕན་ཚུན་ལྟ་སྒོམ་མི་མཐུན་པར་གྱུར་བ་ན། ཆོས་རྒྱལ་ཁྲི་སྲོང་སྡེ་བཙན་གྱིས་སློབ་དཔོན་ཞི་བ་ཚོ་སྐུ་གཤེགས་ཁའི་ཞལ་ཆེམས་དུས་ལ་བབ་པར་དགོངས་ཏེ། བལ་ཡུལ་ནས་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་སློབ་དཔོན་ཆེན་པོ་ཀ་མ་ལ་ཤཱི་ལཱ་ཆེད་དུ་བོད་ལ་གདན་ཞུས་ནས་བསམ་ཡས་སུ་རྒྱ་ནག་ཧཱ་ཤང་དང་རྩོད་དུ་འཇུག་པ་ན། ཧཱ་ཤང་གི་ཅིག་ཅར་བའི་ལུགས་དེ་སློབ་དཔོན་གྱིས་ལུང་རིགས་རྣམ་དག་གི་ལེགས་པར་ཚར་བཅད་པའི་རྗེས་སུ། ཆོས་རྒྱལ་གྱིས་སློབ་དཔོན་ལ་ཐེག་པ་ཆེན་པོའི་ལྟ་སྒོམ་སྤྱོད་གསུམ་གྱི་སྐོར་དྲི་བ་ཞུས་པས་ལན་དུ། སྒོམ་རིམ་དང་པོ་བར་པ་ཐ་མ་བཅས་བསྟན་བཅོས་རྣམ་དག་གསུམ་ལྗགས་རྩོམ་མཛད་པ་ལས། སྒོམ་རིམ་དང་པོར་གྲགས་པའི་བསྟན་བཅོས་འདིར་ཐེག་ཆེན་གི་གང་ཟག་ལས་དང་པོ་པ་དག་མདོ་ལ་རང་སྟོབས་ཀྱིས་འཇུག་མི་ནུས་པས། དེ་དག་ཐེག་ཆེན་གྱི་ལམ་རིམ་ལ་བདེ་བླག་ཏུ་འཇུག་པར་བྱ་བའི་ཕྱིར། སྟོན་པས་རྣམ་མཁྱེན་གྱི་རྒྱུའི་རབ་དབྱེ་གསུངས་པ་མཐའ་ཡས་པ་རྣམས་སྙིང་པོ་ཧྲིལ་གྱིས་དྲིལ་ནས། ཐེག་པ་ཆེན་པོའི་ཆོས་ཀྱི་རྩ་བ་སྙིང་རྗེ་ཆེན་པོ་དང༌། སྙིང་རྗེས་འཕངས་པའི་སྨོན་པ་དང་འཇུག་པའི་བྱང་ཆུབ་ཀྱི་སེམས་གཉིས་དང༌། སེམས་བསྐྱེད་ཀྱི་དམིགས་པའི་དོན་མཐར་ཕྱིན་པའི་དོན་དུ་བསྒྲུབ་པར་བྱ་བ་བཅས་བརྗོད་བྱ་གཙོ་བོ་གསུམ་གྱི་སྒོ་ནས་གཏན་ལ་ཕབ་པ་ལ་རིས་མེད་མཁས་པ་དག་གིས་འགྲེལ་པ་རྒྱས་བསྡུས་དུ་མ་མཛད་ཡོད་པ་ལས། ཞི་ལྷག་གསལ་བར་བྱེད་པའི་རྒྱན་ཅེས་པའི་འགྲེལ་བཟང་འདི་ནི་ཀུན་མཁྱེན་ཆེན་པོ་རོང་སྟོན་ཤེས་བྱ་ཀུན་རིག་གྱིས་མཛད་པའོ།།

དཀར་ཆག་མེད།

ཡང་ན་དང་པོ་རང་གི་བཞེད་གཞུང་རྒྱས་པར་སྟོན་པ་དང༌། བར་པ་ལམ་ཉམས་སུ་ལེན་པའི་ཚུལ་གསལ་བར་མཛད་པ་དང༌། ཐ་མ་གཞན་ཕྱོགས་སུན་དབྱུང་བ་གཙོ་བོར་བྱས་པའི་སྒོམ་པའི་རིམ་པ་གསུམ་གསུངས་པ་ལས། སྒོམ་པའི་རིམ་པ་དང་པོ་བསྟན་པ་ལ་གཉིས་ཏེ། མཚན་བསྒྱུར་ཅིང་བཤད་པ་དང༌། བཤད་བྱའི་དོན་དངོས་སོ། །དང་པོ་(མཚན་བསྒྱུར་ཅིང་བཤད་པ་)ནི།

གཉིས་པ་བཤད་བྱའི་དོན་དངོས་ལ་དོན་གསུམ་སྟེ། བཤད་པར་དམ་བཅའ་བ་དང༌། སྒོམ་པའི་རིམ་པ་དངོས་དང༌། བཤད་པའི་བསོད་ནམས་བསྔོ་བའོ། །དང་པོ་(བཤད་པར་དམ་བཅའ་བ་)ནི།

གཉིས་པ་སྒོམ་པའི་རིམ་པ་དངོས་བཤད་པ་ལ་གཉིས་ཏེ། བསྒོམ་བྱའི་གནས་མདོར་བསྡུ་བ་དང༌། སོ་སོར་རྣམ་པར་དབྱེ་བའོ། །དང་པོ་(བསྒོམ་བྱའི་གནས་མདོར་བསྡུ་བ་)ནི།

གཉིས་པ་སོ་སོར་རྣམ་པར་དབྱེ་བ་ལ། མདོར་བསྟན་ལྟར་དོན་གསུམ་ལས། ཐོག་མར་སྙིང་རྗེ་སྟོན་པ་ལ་དོན་གཉིས་ཏེ། ཐོག་མར་སྙིང་རྗེ་གཙོ་བོར་བྱ་བར་བསྟན་པ་དང༌། སྙིང་རྗེ་སྒོམ་པའི་ཐབས་སོ། །དང་པོ་(ཐོག་མར་སྙིང་རྗེ་གཙོ་བོར་བྱ་བར་བསྟན་པ་)ལ་གསུམ་སྟེ། སྙིང་རྗེ་རང་དོན་གྱི་རྩ་བར་བསྟན་པ་དང༌། གཞན་དོན་གྱི་རྩ་བར་བསྟན་པ་དང༌། མི་གནས་པའི་མྱང་འདས་ཀྱི་རྒྱུར་བསྟན་པའོ། །དང་པོ་(སྙིང་རྗེ་རང་དོན་གྱི་རྩ་བར་བསྟན་པ་)ལ་གཉིས་ཏེ། མདོར་བསྟན་པ་དང༌། ལུང་གིས་བསྒྲུབ་པའོ། །དང་པོ་(མདོར་བསྟན་པ་)ནི།

གཉིས་པ་ལུང་གིས་བསྒྲུབ་པ་ནི།

གཉིས་པ་གཞན་དོན་གྱི་རྩ་བར་བསྟན་པ་ནི།

གསུམ་པ་མི་གནས་པའི་མྱང་འདས་ཀྱི་རྒྱུར་བསྟན་པ་ནི།

གཉིས་པ་སྒོམ་པའི་ཐབས་བསྟན་པ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་(མདོར་བསྟན་པ་)ནི།

གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། སྙིང་རྗེའི་དམིགས་པ་རྒྱས་པར་བཤད་པ་དང༌། སྙིང་རྗེ་སྒོམ་པའི་རིམ་པ་དང༌། སྙིང་རྗེ་གོམས་པའི་ཚད་བསྟན་པའོ། །དང་པོ་(སྙིང་རྗེའི་དམིགས་པ་རྒྱས་པར་བཤད་པ་)ལ་གསུམ་སྟེ། སྡུག་བསྔལ་གྱི་སྡུག་བསྔལ་དང༌། འགྱུར་བའི་སྡུག་བསྔལ་དང༌། འདུ་བྱེད་ཀྱི་སྡུག་བསྔལ་དང་ལྡན་པར་བསྟན་པའོ། །དང་པོ་(སྡུག་བསྔལ་གྱི་སྡུག་བསྔལ་)ལ་ལྔ་སྟེ། དམྱལ་བའི་སྡུག་བསྔལ་དང༌། ཡི་དྭགས་ཀྱི་སྡུག་བསྔལ་དང༌། དུད་འགྲོའི་སྡུག་བསྔལ་དང༌། མིའི་སྡུག་བསྔལ་ད་ང༌། ལྷ་ཡི་སྡུག་བསྔལ་ལོ། །དང་པོ་(དམྱལ་བའི་སྡུག་བསྔལ་)ནི།

གཉིས་པ་(ཡི་དྭགས་ཀྱི་སྡུག་བསྔལ་)ནི།

གསུམ་པ་(དུད་འགྲོའི་སྡུག་བསྔལ་)ནི།

བཞི་པ་(མིའི་སྡུག་བསྔལ་)ནི།

ལྔ་པ་ལྷའི་སྡུག་བསྔལ་སྟོན་པ་ནི།

གཉིས་པ་སྙིང་རྗེ་སྒོམ་པའི་རིམ་པ་ལ་གསུམ་སྟེ། སྒོམ་ཚུལ་སྤྱིར་བསྟན་པ་དང༌། བྱེ་བྲག་ཏུ་སྒོམ་ཚུལ་དང༌། ལུང་དང་སྦྱར་བའོ། །དང་པོ་(སྒོམ་ཚུལ་སྤྱིར་བསྟན་པ་)ནི།

གཉིས་པ་བྱེ་བྲག་ཏུ་སྒོམ་པ་ལ་བཞི་སྟེ། རང་གི་བཤེས་ལ་སྒོམ་པ་དང༌། བར་མ་ལ་སྒོམ་པ་དང༌། དགྲ་ལ་སྒོམ་པ་དང༌། ཐམས་ཅད་ལ་སྒོམ་པའོ། །དང་པོ་(རང་གི་བཤེས་ལ་སྒོམ་པ་)ནི།

གཉིས་པ་བར་མ་ལ་སྒོམ་ཚུལ་ནི།

གསུམ་པ་དགྲ་ལ་སྒོམ་པའི་ཚུལ་ནི།

བཞི་པ་ཐམས་ཅད་ལ་སྒོམ་པའི་ཚུལ་ནི།

གཉིས་པ་སྙིང་རྗེ་གོམས་པའི་ཚད་བསྟན་པ་ནི།

གསུམ་པ་ལུང་དང་སྦྱར་བ་ནི།

གཉིས་པ་བྱང་ཆུབ་ཀྱི་སེམས་བསྟན་པ་ལ་ལྔ་སྟེ། གང་ལ་བརྟེན་ནས་སྐྱེ་བའི་ཚུལ། ཕན་ཡོན་གྱི་ཁྱད་པར། རབ་ཏུ་དབྱེ་བ་བསྟན་པ། སོ་སོའི་མཚན་ཉིད། ཆོ་གའི་ཁྱད་པར་རོ། །དང་པོ་(གང་ལ་བརྟེན་ནས་སྐྱེ་བའི་ཚུལ)ནི།

གཉིས་པ་ཕན་ཡོན་གྱི་ཁྱད་པར་ལ་གསུམ་སྟེ། སྨོན་པའི་སེམས་ཀྱི་ཕན་ཡོན་དང༌། འཇུག་པའི་སེམས་ཀྱི་ཕན་ཡོན་དང༌། ཐུན་མོང་གི་ཕན་ཡོན་ནོ། །དང་པོ་(སྨོན་པའི་སེམས་ཀྱི་ཕན་ཡོན་)ལ་གཉིས་ཏེ། མདོར་བསྟན་པ་དང༌། ལུང་གིས་རྒྱས་པར་བཤད་པའོ། །དང་པོ་(མདོར་བསྟན་པ་)ནི།

གཉིས་པ་རྒྱས་པར་བཤད་པ་ལ། ཉན་རང་གི་དགེ་བ་ཟིལ་གྱིས་གནོན་པའི་ཡོན་ཏན་ནི།

གཉིས་པ་འཇུག་པའི་ཕན་ཡོན་བསྟན་པ་ལ།

གསུམ་པ་ཐུན་མོང་གི་ཕན་ཡོན་ནི།

གསུམ་པ་བྱང་ཆུབ་ཀྱི་སེམས་ཀྱི་རབ་ཏུ་དབྱེ་བ་སྟོན་པ་ནི།

བཞི་པ་སོ་སོའི་མཚན་ཉིད་ནི།

ལྔ་པ་ཆོ་གའི་ཁྱད་པར་ནི།

རྒྱུ་གསུམ་པ་བསྒྲུབ་པ་ལ་གསུམ་སྟེ། བསྒྲུབ་པ་ལ་འཇུག་དགོས་པར་བསྟན་པ་དང༌། འཇུག་བྱ་བསྒྲུབ་པ་གཏན་ལ་དབབ་པ། བསྒྲུབས་པའི་འབྲས་བུ་བསྟན་པའོ། །དང་པོ་(བསྒྲུབ་པ་ལ་འཇུག་དགོས་པར་བསྟན་པ་)ནི།

གཉིས་པ་འཇུག་བྱ་བསྒྲུབ་པ་གཏན་ལ་དབབ་པ་ལ་དོན་གསུམ་སྟེ། བསླབ་བྱ་སྤྱིར་བསྟན་པ་དང༌། སོ་སོར་ཕྱེ་སྟེ་བསྟན་པ་ལ། ཟུང་འཇུག་ལ་བསླབ་པར་གདམས་པའོ། །དང་པོ་(བསླབ་བྱ་སྤྱིར་བསྟན་པ་)ནི།

གཉིས་པ་བྱེ་བྲག་ཏུ་བསླབ་པར་བྱ་བ་ལ་གཉིས་ཏེ། ཐབས་ཤེས་ཡ་བྲལ་དགག་པ་དང༌། ཐབས་ཤེས་ངོས་བཟུང་བ་དང༌། ཟུང་འཇུག་དགོས་པར་བསྟན་པའོ། །དང་པོ་(ཐབས་ཤེས་ཡ་བྲལ་དགག་པ་)ནི།

གཉིས་པ་(ཐབས་ཤེས་ངོས་བཟུང་བ་)ནི།

གསུམ་པ་ཟུང་འཇུག་དགོས་པར་བསྟན་པ་ནི།

གསུམ་པ་ཐབས་སྤོང་བ་ལུང་གིས་དགག་པ་ལ་གཉིས་ཏེ། རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་(རྒྱས་པར་བཤད་པ་)ལ་གཉིས་ཏེ། ས་བཅུ་པའི་ལུང་དང་འགལ་བ་དང༌། མདོ་གཞན་དང་ཡང་འགལ་བར་བསྟན་པའོ། །དང་པོ་(ས་བཅུ་པའི་ལུང་དང་འགལ་བ་)ལ་གཉིས་ཏེ། འགལ་བ་འགོད་པ་དང༌། གང་དང་འགལ་བའི་ལུང་དྲང་བའོ། །དང་པོ་(འགལ་བ་འགོད་པ་)ནི།

གཉིས་པ་(གང་དང་འགལ་བའི་ལུང་དྲང་བ)ནི།

གཉིས་པ་མདོ་གཞན་དང་འགལ་བར་བསྟན་པ་ནི།

གཉིས་པ་དོན་བསྡུ་བ་ནི།

གསུམ་པ་ཐབས་ལ་ལྟོས་པར་བསྟན་པ་ལ་དོན་གསུམ་སྟེ། རང་གི་བཞེད་པ་ལུང་གིས་བསྟན་པ། གཞན་གྱི་གནོད་པ་སྤོང་བ། སྐབས་གྱི་དོན་བསྡུ་བའོ། །དང་པོ་(རང་གི་བཞེད་པ་ལུང་གིས་བསྟན་པ་)ལ་གསུམ་སྟེ། མི་གནས་པའི་མྱང་འདས་སྒྲུབ་བྱེད། མཐའ་གཉིས་སྤངས་པ་དབུ་མའི་ལམ་དུ་བསྟན་པ། སྐུ་གཉིས་སྒྲུབ་བྱེད་ཀྱི་ཐབས་སུ་བསྟན་པའོ། །དང་པོ་(མི་གནས་པའི་མྱང་འདས་སྒྲུབ་བྱེད་)་ནི།

གཉིས་པ་མཐའ་གཉིས་སྤངས་པ་དབུ་མའི་ལམ་དུ་བསྟན་པ་ནི།

གཉིས་པ་གཞན་གྱི་གནོད་པ་སྤོང་བ་ནི།

གསུམ་པ་སྐབས་ཀྱི་དོན་བསྡུ་བ་ནི།

གཉིས་པ་ཤེས་རབ་སྒྲུབ་པ་ལ་གཉིས་ཏེ། མཚམས་སྦྱར་བ་དང༌། དངོས་ཀྱི་དོན་བསྟན་པའོ། །དང་པོ་(མཚམས་སྦྱར་བ་)ནི།

གཉིས་པ་དངོས་ཀྱི་དོན་བསྟན་པ་ལ་གསུམ་སྟེ། ཤེས་རབ་གསུམ་གྱི་འཇུག་པ་སྤྱིར་བརྗོད་པ་དང༌། བྱེ་བྲག་ཏུ་བསམ་བྱུང་བསྐྱེད་པའི་རིམ་པ་དང༌། སྒོམ་བྱུང་བསྐྱེད་པའི་རིམ་པའོ། །དང་པོ་(ཤེས་རབ་གསུམ་གྱི་འཇུག་པ་སྤྱིར་བརྗོད་པ་)ནི།

གཉིས་པ་བྱེ་བྲག་བསམ་བྱུང་བསྐྱེད་པའི་ཚུལ་ལ་དོན་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་(མདོར་བསྟན་པ་)ནི།

གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། ཡང་དག་པའི་དོན་ལུང་གིས་གཏན་ལ་དབབ་པ་དང༌། རིགས་པས་གཏན་ལ་དབབ་པའོ། །དང་པོ་(ཡང་དག་པའི་དོན་ལུང་གིས་གཏན་ལ་དབབ་པ་)ནི།

གཉིས་པ་ཡང་དག་པའི་དོན་རིགས་པས་གཏན་ལ་དབབ་པ་ལ། རིགས་པའི་བྱེད་པ་བསྟན་པས་མཚམས་སྦྱར། རིགས་པའི་རང་བཞིན་རྒྱས་པར་བཤད་པའོ། །དང་པོ་(རིགས་པའི་བྱེད་པ་བསྟན་པས་མཚམས་སྦྱར)ནི།

གཉིས་པ་རིགས་པའི་རང་བཞིན་རྒྱས་པར་བཤད་པ་ལ་གཉིས་ཏེ། རྒྱུ་ལ་སྤྱོད་པ་རྡོ་རྗེ་གཟེགས་མ་དང༌། རང་བཞིན་ལ་སྤྱོད་པ་གཅིག་དང་དུ་བྲལ་ལོ། །དང་པོ་(རྒྱུ་ལ་སྤྱོད་པ་རྡོ་རྗེ་གཟེགས་མ་)ལ་བཞི་སྟེ། གཏན་ཚིག་སྒྲུབ་པ་དང༌། རྟགས་བསྒྲུབ་བྱ་ལ་སྦྱར་བ་དང༌། དེའི་ཡིད་ཆེས་པའི་ལུང་འགོད་པ་དང༌། གཏན་ཚིག་སྟོན་པའི་ལུང་ངོ༌། །དང་པོ་(གཏན་ཚིག་སྒྲུབ་པ་)ལ་གཉིས་ཏེ། རྣམ་པར་བརྟག་པས་མདོར་བསྟན་པ་དང༌། སོ་སོར་ཕྱེ་སྟེ་བསྟན་པའོ། །དང་པོ་(རྣམ་པར་བརྟག་པས་མདོར་བསྟན་པ་)ནི།

འདི་དགག་པ་ལ་གཉིས་ཏེ། རྟག་པ་འབྲས་བུ་སྐྱེད་བྱེད་དུ་མི་རུང་བ་དང༌། རྒྱུ་རྟག་པ་ཉིད་དགག་པའོ། །དང་པོ་(རྟག་པ་འབྲས་བུ་སྐྱེད་བྱེད་དུ་མི་རུང་བ་)ནི།

གཉིས་པ་(རྒྱུ་རྟག་པ་ཉིད་དགག་པ་)ལ་དོན་བཞི་སྟེ། རྟགས་འགོད་པ་དང༌། ཚུལ་སྒྲུབ་པ་དང༌། ཚད་མས་གྲུབ་པའི་དོན་དང༌། ལུང་དང་སྦྱར་བའོ། །དང་པོ་(རྟགས་འགོད་པ་)ནི།

གཉིས་པ་(ཚུལ་སྒྲུབ་པ་)ནི།

གསུམ་པ་(ཚད་མས་གྲུབ་པའི་དོན་)ནི།

བཞི་པ་(ལུང་དང་སྦྱར་བ་)ནི།

འདི་དགག་པ་ལ་གསུམ་སྟེ། གཞན་ལས་མི་སྐྱེ་བ་དང༌། བདག་ལས་མི་སྐྱེ་བ་དང༌། གཉིས་ཀ་ལས་མི་སྐྱེ་བའོ། །དང་པོ་(གཞན་ལས་མི་སྐྱེ་བ་)ལ་གཉིས་ཏེ། འདས་མ་འོངས་ལས་མི་སྐྱེ་བ་དང༌། ད་ལྟར་བ་ལས་མི་སྐྱེ་བའོ། །དང་པོ་(འདས་མ་འོངས་ལས་མི་སྐྱེ་བ་)ནི།

གཉིས་པ་ད་ལྟར་བ་ལས་མི་སྐྱེ་བ་ལ་གཉིས་ཏེ། སྤྱིར་བསྟན་པ་དང༌། སོ་སོར་བཤད་པའོ། །དང་པོ་(སྤྱིར་བསྟན་པ་)ནི།

གཉིས་པ་(སོ་སོར་བཤད་པ)ལ་གཉིས་ཏེ། དུས་མཉམ་པ་ལས་མི་སྐྱེ། དུས་མི་མཉམ་པ་ལས་མི་སྐྱེ་བའོ། །དང་པོ་(དུས་མཉམ་པ་ལས་མི་སྐྱེ་བ་)ནི།

གཉིས་པ་(དུས་མི་མཉམ་པ་ལས་མི་སྐྱེ་བ་)ནི།

གཉིས་པ་བདག་ལས་སྐྱེ་བ་དགག་པ་ནི།

གསུམ་པ་གཉིས་ཀ་ལས་མི་སྐྱེ་བ་ནི།

གཉིས་པ་བསྒྲུབ་བྱ་ལ་སྦྱར་བ་ནི།

གསུམ་པ་བསྒྲུབ་བྱ་ལ་སྦྱར་བའི་ལུང་ནི།

བཞི་པ་གཏན་ཚིགས་ཀྱི་ལུང་ནི།

གཉིས་པ་རང་བཞིན་ལ་དཔྱོད་པ་གཅིག་དང་དུ་བྲལ་ལ་བཞི་སྟེ། དཔྱད་པ་སྤྱིར་བརྗོད་པ། གཏན་ཚིགས་སྒྲུབ་པ་དང༌། ཚད་མས་གྲུབ་པའི་དོན་དང༌། ལུང་དང་སྦྱར་བའོ། །དང་པོ་(དཔྱད་པ་སྤྱིར་བརྗོད་པ་)ནི།

གཉིས་པ་གཏན་ཚིགས་བསྒྲུབ་པ་ལ་གཉིས་ཏེ། ཕྱི་རོལ་གྱི་དོན་ལ་བསྒྲུབ་པ་དང༌། ནང་ཤེས་པ་ལ་བསྒྲུབ་པའོ། །དང་པོ་(ཕྱི་རོལ་གྱི་དོན་ལ་བསྒྲུབ་པ་)ལ་གསུམ་སྟེ། ཕྲ་རགས་གཉིས་ལ་གཏན་ཚིགས་སྦྱར་བ་དང༌། སྦྱོར་བའི་དོན་འགོད་པ་དང༌། ལུང་དང་སྦྱར་བའོ། །དང་པོ་(ཕྲ་རགས་གཉིས་ལ་གཏན་ཚིགས་སྦྱར་བ་)ནི།

གཉིས་པ་སྦྱོར་བའི་དོན་འགོད་པ་ནི།

གསུམ་པ་ལུང་དང་སྦྱར་བ་ནི།

གཉིས་པ་ནང་ཤེས་པ་ལ་གཏན་ཚིགས་སྒྲུབ་པ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་(མདོར་བསྟན་པ་)ནི།

གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། རྣམ་བཅས་ལ་གཅིག་དང་བྲལ་བ་སྒྲུབ་པ་དང༌། དུ་མ་དང་བྲལ་བ་སྒྲུབ་པ་དང༌། རྣམ་པ་རྫུན་པར་འདོད་པ་སུན་དབྱུང་བའོ། །དང་པོ་ནི།

གཉིས་པ་དུ་མ་དང་བྲལ་བར་སྒྲུབ་པ་ནི།

གསུམ་པ་རྣམ་པ་རྫུན་པར་འདོད་པ་སུན་དབྱུང་བ་ནི།

གསུམ་པ་ཚད་མས་གྲུབ་པའི་དོན་ནི།

བཞི་པ་ལུང་དང་སྦྱར་བ་ནི།

གསུམ་པ་སྒོམ་བྱུང་བསྐྱེད་པའི་རིམ་པ་ལ་བཞི་སྟེ། དགོས་པའི་ཁྱད་པར་དང༌། ཇི་ལྟར་སྒོམ་པའི་ཚུལ་དང༌། དེ་ལས་ལྡང་བའི་བྱ་བ་དང༌། མཉམ་རྗེས་གཉིས་ཀའི་ཐུན་མོང་གི་བྱ་བས་དོན་བསྡུ་བའོ། །དང་པོ་(དགོས་པའི་ཁྱད་པར་)ལ་གསུམ་སྟེ། མདོར་བསྟན་པ་དང༌། ལུང་རིགས་ཀྱི་རྒྱས་པར་བསྟན་པ་དང༌། དོན་བསྡུ་བའོ། །དང་པོ་(མདོར་བསྟན་པ་)ནི།

གཉིས་པ་རིགས་པ་དང་ལུང་གིས་རྒྱས་པར་བསྟན་པ་ནི།

གསུམ་པ་དོན་བསྡུ་བ་ནི།

གཉིས་པ་ཇི་ལྟར་སྒོམ་པའི་ཚུལ་ལ་གསུམ་སྟེ། ཞི་གནས་སྒོམ་པའི་ཚུལ་དང༌། ལྷག་མཐོང་སྒོམ་པའི་ཚུལ་དང༌། ཟུང་དུ་འབྲེལ་བའི་ལམ་སྒོམ་ཚུལ་ལོ། །དང་པོ་(ཞི་གནས་སྒོམ་པའི་ཚུལ་)ལ་ལྔ་སྟེ། ཞི་གནས་ཀྱི་དགོས་པ། ཞི་གནས་ཀྱི་རྒྱུ་ཚོགས། སྒོམ་ཚུལ་གྱི་རིམ་པ། ཉེས་པ་སྤོང་བའི་ཡན་ལག ཏིང་ངེ་འཛིན་གྱི་ཡོན་ཏན་གྱི་རྣམ་པའོ། །དང་པོ་(ཞི་གནས་ཀྱི་དགོས་པ)ནི།

གཉིས་པ་ཞི་གནས་ཀྱི་རྒྱུ་ཚོགས་ནི།

གསུམ་པ་སྒོམ་ཚུལ་གྱི་རིམ་པ་ལ་གཉིས་ཏེ། སྦྱོར་བ་དང༌། དངོས་གཞིའོ། །དང་པོ་ནི།

གཉིས་པ་དངོས་གཞིའི་སྒོམ་ཚུལ་ལ་བཞི་སྟེ། སེམས་གནས་པའི་ཐབས་སྤྱིར་བསྟན་པ་དང༌། ཞི་གནས་གྲུབ་པའི་རྣམ་པ་དང༌། སེམས་གནས་སྤྱིའི་མཚན་ཉིད་དང༌། ཐབས་ཀྱི་ཡན་ལག་སོ་སོར་ཕྱེ་བའོ། །དང་པོ་(སེམས་གནས་པའི་ཐབས་སྤྱིར་བསྟན་པ་)ལ་བཞི་སྟེ། སེམས་སྒྲིམ་པ་ལ་འཇུག་པ་དང༌། རྟོག་པས་བར་དུ་ཆོད་པ་ལ་འཇུག་པ་དང༌། བར་དུ་མ་ཆོད་པར་འཇུག་པ་དང༌། ལྷུན་གྱིས་གྲུབ་པར་འཇུག་པའོ། །དང་པོ་(སེམས་སྒྲིམ་པ་ལ་འཇུག་པ་)ལ་གཉིས་ཏེ། ཐོག་མར་སེམས་ཉེ་བར་གཏོད་པ་དང༌། སེམས་མི་འཆོར་བར་འཛིན་པའོ། །དང་པོ་(ཐོག་མར་སེམས་ཉེ་བར་གཏོད་པ་)ནི།

གཉིས་པ་སེམས་མི་འཆོར་བར་བསྟན་པ་ནི།

གཉིས་པ་རྟོགས་པས་བར་ཆོད་པར་འཇུག་པ་ལ་ལྔ་སྟེ། འཕྲོས་ན་སེམས་སླར་གནོན་པ་དང༌། གནས་པ་བརྟན་པར་བྱེད་པ་དང༌། བརྟན་པ་མཐུ་བསྐྱེད་པ་དང༌། གཡེང་བ་བཟློག་པ་དང༌། ཏིང་ངེ་འཛིན་དང་འབྲེལ་བའི་ཉེས་པ་བཟློག་པའོ། །དང་པོ་(འཕྲོས་ན་སེམས་སླར་གནོན་པ་)ནི།

གཉིས་པ་གནས་པ་བརྟན་པར་བྱེད་པ་ནི།

གསུམ་པ་བརྟན་པ་མཐུ་བསྐྱེད་པ་ནི།

བཞི་པ་གཡེང་བ་བཟློག་པ་ནི།

ལྔ་པ་ཏིང་ངེ་འཛིན་དང་བྲལ་བའི་ཉེས་པ་བཟློག་པ་ནི།

གསུམ་པ་སེམས་བར་མ་ཆད་པར་འཇུག་པ་ནི།

གཉིས་པ་ཞི་གནས་གྲུབ་པའི་རྣམ་པ་ནི།

གསུམ་པ་ཞི་གནས་སྤྱིའི་མཚན་ཉིད་བསྟན་པ་ནི།

གཉིས་པ་ཐབས་ཀྱི་ཡན་ལག་སོ་སོར་ཕྱེ་བ་ལ་གཉིས་ཏེ། སེམས་གནས་པའི་ཐབས་སྟོན་པའི་ལུང་དང༌། དེ་བཤད་པ་དང་སྦྱར་བའོ། །དང་པོ་(སེམས་གནས་པའི་ཐབས་སྟོན་པའི་ལུང་)ནི།

གཉིས་པ་བཤད་པ་དང་སྦྱར་བ་ནི།

བཞི་པ་ཉེས་པ་སྤོང་བའི་ཡན་ལག་ལ་བཞི་སྟེ། སྤང་བྱ་ངོས་བཟུང༌། གཉེན་པོ་བཤད་པ། གཉེན་པོའི་བྱེད་པ་དང༌། ཤེས་བྱེད་ཀྱི་ལུང་དགོད་པའོ། །དང་པོ་(སྤང་བྱ་ངོས་བཟུང༌)ནི།

གཉིས་པ་གཉེན་པོ་བཤད་པ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་(མདོར་བསྟན་པ་)ནི།

གཉིས་པ་རྒྱས་པར་བཤད་པ་ནི།

གསུམ་པ་གཉེན་པོའི་བྱེད་པ་བསྟན་པ་ནི།

བཞི་པ་ཤེས་བྱེད་ཀྱི་ལུང་དགོད་པ་ནི།

ལྔ་པ་ཏིང་ངེ་འཛིན་གྱི་ཡོན་ཏན་གྱི་རྣམ་པ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་(མདོར་བསྟན་པ་)ནི།

གཉིས་པ་རྒྱས་པར་བཤད་པ་ནི།

གཉིས་པ་ལྷག་མཐོང་སྒོམ་པའི་ཚུལ་ལ་བཞི་སྟེ། ལྷག་མཐོང་གི་དགོས་པ་དང༌། སྒོམ་པའི་ཐབས་སྟོན་པའི་ལུང་དང༌། ལུང་གི་དོན་བཤད་པ་དང༌། གཞན་གྱི་ལོག་རྟོག་བསལ་བའོ། །དང་པོ་(ལྷག་མཐོང་གི་དགོས་པ་)ལ་གཉིས་ཏེ། སྒྲིབ་པ་སྤོང་བའི་བྱེད་པ་དང་ལྡན་པ་དང༌། ཤེས་བྱེད་ཀྱི་ལུང་དང་སྦྱར་བའོ། །དང་པོ་(སྒྲིབ་པ་སྤོང་བའི་བྱེད་པ་དང་ལྡན་པ་)ནི།

གཉིས་པ་ཤེས་བྱེད་ཀྱི་ལུང་དང་སྦྱར་བ་ནི།

གསུམ་པ་ལུང་གི་དོན་བཤད་པ་ལ་གཉིས་ཏེ། ཤེས་བྱར་རྣམ་པར་ངེས་པ། དེ་ཁོ་ན་ཉིད་མཐོང་བའི་དོན་ནོ། །དང་པོ་(ཤེས་བྱར་རྣམ་པར་ངེས་པ)ལ་གསུམ་སྟེ། གཟུང་བ་མི་དམིགས་པ་དང༌། འཛིན་པ་མི་དམིགས་པ་དང༌། གཉིས་སྟོང་གི་རང་རིག་མི་དམིགས་པའོ། །དང་པོ་(གཟུང་བ་མི་དམིགས་པ་)ནི།

གཉིས་པ་འཛིན་པ་མི་དམིགས་པ་ནི།

གསུམ་པ་གཉིས་སྟོང་གི་རང་རིག་མི་དམིགས་པ་ནི།

གཉིས་པ་དེ་ཁོ་ན་ཉིད་མཐོང་བའི་དོན་ལ་གསུམ་སྟེ། དེ་ཁོ་ན་ཉིད་མཐོང་བའི་དོན། དེས་སྒྲིབ་པ་སྤོང་བའི་ཚུལ། ཞར་ལ་རྟེན་ལ་སོགས་པ་འཐད་པའོ། །དང་པོ་(དེ་ཁོ་ན་ཉིད་མཐོང་བའི་དོན)ལ་བཞི་སྟེ། སྤྲོས་པ་མ་མཐོང་བ་དོན་དམ་མཐོང་བར་བསྟན་པ། དེ་ལ་ཤེས་བྱེད་ཀྱི་ལུང་དགོད་པ། ལུང་གི་དོན་ལ་ལོག་པར་རྟོག་པ་དགག་པ། སྐབས་ཀྱི་དོན་ཉེ་བར་བསྡུ་བའོ། །དང་པོ་(སྤྲོས་པ་མ་མཐོང་བ་དོན་དམ་མཐོང་བར་བསྟན་པ)ནི།

གཉིས་པ་ཤེས་བྱེད་ཀྱི་ལུང་དགོད་པ་ནི།

གསུམ་པ་ལུང་གི་དོན་ལ་ལོག་པར་རྟོག་པ་དགག་པ་ལ་བཞི་སྟེ། ལུང་གི་དོན་ཡིད་བྱེད་མེད་པ་ཙམ་མ་ཡིན་པ་དང༌། ཡིད་ལ་བྱེད་པ་མེད་པས་སྒྲིབ་པ་མི་སྤོང་བ་དང༌། ལུང་གིས་དོན་གསལ་བར་བསྟན་པ་དང༌། ལུང་གཞན་དང་འགལ་བ་སྤང་བའོ། །དང་པོ་(ལུང་གི་དོན་ཡིད་བྱེད་མེད་པ་ཙམ་མ་ཡིན་པ་)ནི།

གཉིས་པ་(ཡིད་ལ་བྱེད་པ་མེད་པས་སྒྲིབ་པ་མི་སྤོང་བ་)ནི།

གསུམ་པ་(ལུང་གིས་དོན་གསལ་བར་བསྟན་པ་)ནི།

བཞི་པ་ལུང་གཞན་དང་འགལ་བ་སྤང་བ་ལ་གསུམ་སྟེ། ལུང་གི་དོན་བཤད་པ་དང༌། དེ་རིགས་པས་སྒྲུབ་པ་དང༌། ཤེས་རབ་ཀྱི་བྱེད་པ་བསྟན་པའོ། །དང་པོ་(ལུང་གི་དོན་བཤད་པ་)ནི།

གཉིས་པ་དེ་རིགས་པས་སྒྲུབ་པ་ལ་གཉིས་ཏེ། བདེན་ཞེན་ལྡོག་པ་ཐེ་ཚོམ་སྤང་བ་ལ་ལྟོས་པ་དང༌། ཐེ་ཚོམ་སྤོང་བ་ཤེས་རབ་ལ་ལྟོས་པར་བསྟན་པའོ། །དང་པོ་(བདེན་ཞེན་ལྡོག་པ་ཐེ་ཚོམ་སྤང་བ་ལ་ལྟོས་པ་)ནི།

གཉིས་པ་ཐེ་ཚོམ་སྤོང་བ་ཤེས་རབ་ལ་ལྟོས་པར་བསྟན་པ་ལ་གཉིས་ཏེ། རྗེས་འགྲོའི་སྒོ་ནས་བསྟན་པ་དང༌། ལྡོག་པའི་སྒོ་ནས་བསྟན་པའོ། །དང་པོ་(རྗེས་འགྲོའི་སྒོ་ནས་བསྟན་པ་)ནི།

གཉིས་པ་ལྡོག་པའི་སྒོ་ནས་བསྟན་པ་ནི།

གསུམ་པ་ཟུང་དུ་འབྲེལ་བའི་ལམ་སྒོམ་པ་ལ་གསུམ་སྟེ། ཡེ་ཤེས་རྣམ་པར་དག་པ་ཐོབ་པ། དེས་སྒྲིབ་པ་སྤོང་བའི་ཚུལ། དོན་བསྡུ་བའོ། །དང་པོ་(ཡེ་ཤེས་རྣམ་པར་དག་པ་ཐོབ་པ)ནི།

གཉིས་པ་སྒྲིབ་པ་སྤོང་བའི་ཚུལ་ལ་གཉིས་ཏེ། སྤྱིར་བསྟན་པ་དང༌། སོ་སོར་བཤད་པའོ། །དང་པོ་(སྤྱིར་བསྟན་པ་)ནི།

གཉིས་པ་སོ་སོར་བཤད་པ་ལ་བཞི། ཡོད་པར་ཞེན་པ་སྤོང་བ་དང༌། མེད་པར་ཞེན་པ་སྤོང་བ་དང༌། རྟོག་པ་གཞན་ཡང་སྤོང་བ་དང༌། གཉེན་པོའི་ཁྱད་པར་བསྟན་པའོ། །དང་པོ་(ཡོད་པར་ཞེན་པ་སྤོང་བ་)ནི།

གཉིས་པ་མེད་པར་ཞེན་པ་སྤོང་བ་ནི།

གསུམ་པ་(རྟོག་པ་གཞན་ཡང་སྤོང་བ་)ནི།

བཞི་པ་གཉེན་པོའི་ཁྱད་པར་ལ་དོན་གསུམ་སྟེ། གཉེན་པོ་སྒོམ་པའི་བྱེད་པ་དང༌། ཉེ་བར་སྟོན་པའི་ཁྱད་པར་དང༌། རང་བཞིན་གྱི་ཁྱད་པར་བཤད་པའོ། །དང་པོ་(གཉེན་པོ་སྒོམ་པའི་བྱེད་པ་)ལ་བཞི་སྟེ། གཉེན་པོའི་བྱེད་པ་མདོར་བསྟན་པ་དང༌། སོ་སོར་བཤད་པ་དང༌། མཐར་ཐུག་ཐེག་པ་གཅིག་ཏུ་སྒྲུབ་པ་དང༌། ལམ་གཞན་ལ་སྒྲིབ་པ་གཉིས་སྤོང་བ་དགག་པའོ། །དང་པོ་(གཉེན་པོའི་བྱེད་པ་མདོར་བསྟན་པ་)ནི།

གཉིས་པ་སོ་སོར་བཤད་པ་ལ་གཉིས་ཏེ། ཉོན་མོངས་པའི་སྒྲིབ་པ་སྤོང་བའི་ཚུལ་དང༌། ཤེས་བྱའི་སྒྲིབ་པ་སྤོང་བའི་ཚུལ་ལོ། །དང་པོ་(ཉོན་མོངས་པའི་སྒྲིབ་པ་སྤོང་བའི་ཚུལ་)ལ་གསུམ་སྟེ། སྤང་བྱ་ངོས་བཟུང་བ་དང༌། དེ་ཇི་ལྟར་སྤོང་བའི་ཚུལ་དང༌། ཤེས་བྱེད་ཀྱི་ལུང་དང་སྦྱར་བའོ། །དང་པོ་(སྤང་བྱ་ངོས་བཟུང་བ་)ནི།

གཉིས་པ་ཇི་ལྟར་སྤོང་བའི་ཚུལ་ནི།

གཉིས་པ་ཤེས་བྱེད་ཀྱི་ལུང་དང་སྦྱར་བ་ནི།

ལུང་གི་དོན་ལ་བཞི་སྟེ། ཉོན་མོངས་པ་འབྱུང་བའི་ཚུལ་དང༌། ཇི་ལྟར་ལྡོག་པའི་ཚུལ་དང༌། ཉོན་མོངས་པ་ཤེས་པའི་ཚུལ་དང༌། ཉོན་མོངས་པའི་རིགས་ངོས་བཟུང་བའོ། །དང་པོ་(ཉོན་མོངས་པ་འབྱུང་བའི་ཚུལ་)ནི།

གཉིས་པ་ཉོན་མོངས་པ་ཇི་ལྟར་ལྡོག་པའི་ཚུལ་ནི།

གསུམ་པ་ཉོན་མོངས་པ་ཤེས་པའི་ཚུལ་ནི།

བཞི་པ་ཉོན་མོངས་པའི་རིགས་ངོས་བཟུང་བ་ནི།

གཉིས་པ་ཤེས་བྱའི་སྒྲིབ་པ་སྤོང་བའི་ཚུལ་ལ་གཉིས་ཏེ། ཤེས་སྒྲིབ་སྤོང་ཚུལ་དང༌། འབྲས་བུ་རྣམ་གྲོལ་གྱི་ཡེ་ཤེས་སོ། །དང་པོ་(ཤེས་སྒྲིབ་སྤོང་ཚུལ་)ནི།

གཉིས་པ་འབྲས་བུ་རྣམ་གྲོལ་གྱི་ཡེ་ཤེས་ནི།

གསུམ་པ་མཐར་ཐུག་ཐེག་པ་གཅིག་ཏུ་སྒྲུབ་པ་ལ་གཉིས་ཏེ། རིགས་པ་དང༌། ལུང་ངོ༌། །དང་པོ་(རིགས་པ་)ནི།

གཉིས་པ་ལུང་ནི།

བཞི་པ་ལམ་གཞན་ལ་སྒྲིབ་གཉིས་སྤོང་བ་དགག་པ་ནི།

གཉིས་པ་ཉེ་བར་སྟོན་པའི་ཁྱད་པར་ནི།

གསུམ་པ་གཉེན་པོའི་ཁྱད་པར་ནི།

གསུམ་པ་ཞར་ལ་རྟེན་ལ་སོགས་པ་འཐད་པར་བསྟན་པ་ལ་གསུམ་སྟེ། ཐ་སྙད་དུ་རྟེན་ལ་སོགས་པ་གྲུབ་པའི་ཚུལ། ཀུན་རྫོབ་ཀྱི་རྣམ་གཞག་གི་རིམ་པ། བྱིས་པ་དང་རྣལ་འབྱོར་པའི་ཤེས་པའི་ཁྱད་པར་རོ། །དང་པོ་(ཐ་སྙད་དུ་རྟེན་ལ་སོགས་པ་གྲུབ་པའི་ཚུལ་)ལ་གཉིས་ཏེ། དོན་དམ་དང་འགལ་བ་སྤོང་བ། ཤེས་བྱེད་ཀྱི་ལུང་དང་སྦྱར་བའོ། །དང་པོ་(དོན་དམ་དང་འགལ་བ་སྤོང་བ་)ནི།

གཉིས་པ་ཤེས་བྱེད་ཀྱི་ལུང་དང་སྦྱར་བ་ནི།

གཉིས་པ་ཀུན་རྫོབ་ཀྱི་རྣམ་བཞག་གི་རིམ་པ་ལ་གསུམ་སྟེ། ཀུན་རྫོབ་མེད་པ་ལ་གནོད་བྱེད་བརྗོད་པ་དང༌། ཐ་སྙད་དུ་རྒྱུ་འབྲས་སྣང་ཙམ་དུ་གྲུབ་པ་དང༌། ཀུན་རྫོབ་སྣང་བའི་རྒྱུ་བཤད་པའོ། །དང་པོ་(ཀུན་རྫོབ་མེད་པ་ལ་གནོད་བྱེད་བརྗོད་པ་)ནི།

གཉིས་པ་ཐ་སྙད་དུ་རྒྱུ་འབྲས་སྣང་ཙམ་དུ་གྲུབ་པ་ནི།

གསུམ་པ་ཀུན་རྫོབ་ཏུ་སྣང་བའི་རྒྱུ་བཤད་པ་ལ་གཉིས་ཏེ། རྒྱུ་ངོས་བཟུང་བ་དང༌། ལུང་དང་སྦྱར་བའོ། །དང་པོ་(རྒྱུ་ངོས་བཟུང་བ་)ནི།

གཉིས་པ་(ལུང་དང་སྦྱར་བ)ནི།

གསུམ་པ་བྱིས་པ་དང་རྣལ་འབྱོར་པའི་ཤེས་པའི་ཁྱད་པར་ལ་གཉིས་ཏེ། སྤྱིར་བསྟན་པ་དང༌། རྣལ་འབྱོར་པའི་ཤེས་པ་བྱེ་བྲག་ཏུ་བཤད་པའོ། །དང་པོ་(སྤྱིར་བསྟན་པ་)ནི།

གཉིས་པ་རྣལ་འབྱོར་པའི་ཤེས་པ་བྱེ་བྲག་ཏུ་བཤད་པ་ནི།

གསུམ་པ་དོན་བསྡུ་བ་ནི །

གསུམ་པ་མཉམ་གཞག་ལས་ལྡང་བའི་བྱ་བ་ལ་བཞི་སྟེ། ཆོས་ཐམས་ཅད་སྒྱུ་མ་ཙམ་དུ་ལྟ་བ། སྟོང་ཉིད་མ་རྟོགས་པ་ལ་སྙིང་རྗེ་བསྐྱེད་པ། ཚོགས་གཉིས་ཀྱི་དགེ་བ་ལ་འབད་པ། དེ་དག་གི་ཤེས་བྱེད་ཀྱི་ལུང་དྲང་བའོ། །དང་པོ་(ཆོས་ཐམས་ཅད་སྒྱུ་མ་ཙམ་དུ་ལྟ་བ)ནི།

གཉིས་པ་སྟོང་ཉིད་མ་རྟོགས་པ་ལ་སྙིང་རྗེ་བསྐྱེད་པ་ནི།

གསུམ་པ་ཚོགས་གཉིས་ཀྱི་དགེ་བ་ལ་འབད་པ་ནི།

བཞི་པ་དེ་དག་གི་ཤེས་བྱེད་ཀྱི་ལུང་དྲང་བ་ནི།

བཞི་པ་ཐུན་མོང་གི་བྱ་བས་དོན་བསྡུ་བ་ལ་གསུམ་སྟེ། ཟུང་འཇུག་གི་ལམ་གྱི་བྱེད་པ་བསྟན་པ་དང༌། ཤེས་བྱེད་ཀྱི་ལུང་དྲང་བ་དང༌། དོན་བསྡུ་བ་བསྟན་པའོ། །དང་པོ་(ཟུང་འཇུག་གི་ལམ་གྱི་བྱེད་པ་བསྟན་པ་)ནི།

གཉིས་པ་ཤེས་བྱེད་ཀྱི་ལུང་དྲང་བ་ལ་གསུམ་སྟེ། མདོ་སྡེ་དཀོན་མཆོག་སྤྲིན་དང༌། ཆོས་ཡང་དག་པར་སྡུད་པ་དང༌། བློ་གྲོས་མི་ཟད་པའི་མདོ་དྲང་བའོ། །དང་པོ་(མདོ་སྡེ་དཀོན་མཆོག་སྤྲིན་)ནི།

གཉིས་པ་(ཆོས་ཡང་དག་པར་སྡུད་པ་)ནི།

འདིའི་དོན་བཤད་པ་ལ་གཉིས་ཏེ། ཐབས་ཀྱི་ཆ་ལ་སློབ་པའི་ཚུལ་དང༌། ཤེས་རབ་ཀྱི་ཆ་ལ་སློབ་པའི་ཚུལ་ལོ། །དང་པོ་(ཐབས་ཀྱི་ཆ་ལ་སློབ་པའི་ཚུལ་)ནི།

གཉིས་པ་ཤེས་རབ་ཀྱིས་ཆ་ལ་སློབ་པའི་ཚུལ་ལ་བཞི་སྟེ། ཕུང་པོ་ལ་ཇི་ལྟར་རྟོག་པའི་ཚུལ་དང༌། ཁམས་ལ་ཇི་ལྟར་རྟོག་པའི་ཚུལ་དང༌། སྐྱེ་མཆེད་ལ་ཇི་ལྟར་རྟོག་པའི་ཚུལ་དང༌། ཕུང་པོ་ལ་རྟོག་ཚུལ་ཕྱེ་སྟེ་བསྟན་པའོ། །དང་པོ་(ཕུང་པོ་ལ་ཇི་ལྟར་རྟོག་པའི་ཚུལ་)ནི།

གཉིས་པ་(ཁམས་ལ་ཇི་ལྟར་རྟོག་པའི་ཚུལ་)ནི།

གསུམ་པ་(སྐྱེ་མཆེད་ལ་ཇི་ལྟར་རྟོག་པའི་ཚུལ་)ནི།

བཞི་པ་(ཕུང་པོ་ལ་རྟོག་ཚུལ་ཕྱེ་སྟེ་བསྟན་པ)ནི།

གསུམ་པ་ཟུང་འཇུག་ལ་བསླབ་པར་གདམས་པ་ལ་གཉིས་ཏེ། དངོས་གྱི་དོན་དང༌། ལུང་དང་སྦྱར་བའོ། །དང་པོ་(དངོས་གྱི་དོན་)ནི།

གཉིས་པ་ལུང་དང་སྦྱར་བ་ནི།

གསུམ་པ་སྒྲུབ་པའི་འབྲས་བུ་བསྟན་པ་ལ་གཉིས་ཏེ། མདོར་བསྟན་པ་དང༌། སོ་སོར་བཤད་པའོ། །དང་པོ་(མདོར་བསྟན་པ་)ནི།

གཉིས་པ་སོ་སོར་བཤད་པ་ལ་གཉིས་ཏེ། མོས་པས་སྤྱོད་པའི་ས་བཤད་པ་དང༌། ས་བཅུའི་གནས་སྐབས་བཤད་པ་དང༌། མཐར་ཐུག་སངས་རྒྱས་ཀྱི་ས་བཤད་པའོ། །དང་པོ་(མོས་པས་སྤྱོད་པའི་ས་བཤད་པ་)ལ་ལྔ་སྟེ། སྤྱིའི་མཚན་ཉིད་དང༌། དེ་ལ་བརྟེན་པའི་ཡོན་ཏན་དང༌། དབྱེ་བ་དང༌། སོ་སོའི་མཚན་ཉིད་དང༌། རྣམ་གྲངས་སོ། །དང་པོ་(སྤྱིའི་མཚན་ཉིད་)ནི།

གཉིས་པ་དེ་ལ་བརྟེན་པའི་ཡོན་ཏན་ནི།

གསུམ་པ་དབྱེ་བ་ནི།

བཞི་པ་སོ་སོའི་མཚན་ཉིད་ནི།

གཉིས་པ་ས་བཅུའི་གནས་སྐབས་བཤད་པ་ལ་གཉིས་ཏེ། སྤྱིར་བསྟན་པ་དང༌། སོ་སོར་བཤད་པའོ། །དང་པོ་(སྤྱིར་བསྟན་པ་)ནི།

གཉིས་པ་སོ་སོར་བཤད་པ་ལ་གཉིས་ཏེ། ས་དང་པོ་བཤད་པ་དང༌། ས་ལྷག་མ་དགུ་བཤད་པའོ། །དང་པོ་(ས་དང་པོ་བཤད་པ་)ནི།

གཉིས་པ་ས་ལྷག་མ་དགུ་བཤད་པ་ལ་གཉིས་ཏེ། སྒོམ་ལམ་སྤྱིའི་ངོ་བོ་བྱེད་ལས་དང་བཅས་པ་དང༌། ནུས་པའི་ཁྱད་པར་ངེས་ཚིག་དང་བཅས་པའོ། །དང་པོ་(སྒོམ་ལམ་སྤྱིའི་ངོ་བོ་བྱེད་ལས་དང་བཅས་པ་)ནི།

གཉིས་པ་(ནུས་པའི་ཁྱད་པར་ངེས་ཚིག་དང་བཅས་པ་)ནི།

གསུམ་པ་མཐར་ཐུགས་སངས་རྒྱས་ཀྱི་ས་བཤད་པ་ལ་གཉིས་ཏེ། སངས་རྒྱས་ཀྱི་ས་སྤྱིའི་ངོ་བོ། ཡོན་ཏན་གྱི་རྣམ་གྲངས་སོ། །དང་པོ་(སངས་རྒྱས་ཀྱི་ས་སྤྱིའི་ངོ་བོ་)ནི།

གཉིས་པ་ཡོན་ཏན་གྱི་རྣམ་གྲངས་ལ་རབ་དབྱེ་བསྟན་པ་དང༌། དེ་ལུང་དང་སྦྱར་བའོ། །དང་པོ་(རབ་དབྱེ་བསྟན་པ་)ནི།

གཉིས་པ་(དེ་ལུང་དང་སྦྱར་བ་)ནི།

གསུམ་པ་བཤད་པའི་བསོད་ནམས་བསྔོ་བ་ནི།

དེབ་ཕྲེང་འདི་ཡི་ཁོངས་གཏོགས་འཕྲུལ་དེབ་གཞན།