ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་མཆན་འགྲེལ་ཡུམ་དོན་གསལ་བའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ།།

A Lamp Illuminating the Meaning of the Great Mother

ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་མཆན་འགྲེལ་ཡུམ་དོན་གསལ་བའི་སྒྲོན་མེའི་བསྡུས་དོན། དེ་ཡང་ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་བརྗོད་བྱ་གཙོ་བོ་དངོས་པོ་བརྒྱད་དེ། རྣམ་མཁྱེན། ལམ་ཤེས། གཞི་ཤེས། རྣམ་རྫོགས་སྦྱོར་བ། རྩེ་མོ་སྦྱོར་བ། མཐར་གྱིས་པའི་སྦྱོར་བ། སྐད་ཅིག་མའི་སྦྱོར་བ། འབྲས་བུ་ཆོས་སྐུ་དེ་དག་གི་རྣམ་གཞག་གསལ། གོང་གི་དངོས་པོ་བརྒྱད་པོ་དེ་དག་ལས་ཕྱེ་བའི་དོན་བདུན་ཅུ་ཡོད་པ་རྣམས་ཀྱང་གསལ་བར་བཤད། དེ་དག་ནི་རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ་ནས་འབྲས་བུ་ཆོས་སྐུ་མཚོན་བྱེད་ཀྱི་ཆོས་བཞིའི་བར་རིམ་པ་བཞིན་བསྟན། གཞན་གཞུང་འདིའི་མཚན་ལ་རྒྱན་ཞེས་བཏགས་པའི་རྒྱུ་མཚན་ནི། ཡུམ་གྱི་དོན་རྣམས་ཕྱིན་ཅི་མ་ལོག་པར་གསལ་བར་བྱེད་པའི་ཐབས་ཡིན་པས་ན་རྒྱན་ལྟ་བུ་ཡིན་ཞེས་བཤད། འདི་ལ་བརྟེན་ནས་ཤིན་ཏུ་རྟོགས་དཀའ་བའི་མདོ་དོན་རྒྱ་ཆེན་པོ་རྣམས་ཚེགས་ཆུང་ངུས་བདེ་བླག་ཏུ་རྟོགས་པར་བྱེད་པའི་མན་ངག་ཡིན་པར་གསུངས། གཞུང་འདིའི་ནང་དུ་སེམས་བསྐྱེད་པའི་མཚན་ཉིད་དང་རབ་དབྱེ་ཉི་ཤུ་རྩེ་གཉིས་ནས་བཟུང་སྟེ། གདམས་ངག དགེ་འདུན་དཀོན་མཆོག་གི་དབྱེ་བ་ཉི་ཤུ། སྦྱོར་ལམ། མཐོང་ལམ། སྒོམ་ལམ། ས་དང་ལམ་གྱི་རྣམ་གཞག་རྣམས་རྒྱས་པར་བཤད། མཐར་འབྲས་བུ་སྐུ་བཞི་དང་ཕྲིན་ལས་ཀྱི་རྣམ་གཞག་རྣམས་བསྟན་ནས་མཇུག་ཡོངས་སུ་རྫོགས་པར་སྣང་།

དཀར་ཆག་མེད།

ས་བཅད་མེད།

དེབ་ཕྲེང་འདི་ཡི་ཁོངས་གཏོགས་འཕྲུལ་དེབ་གཞན།