འགྲོ་དོན་མཁའ་ཁྱབ་མའི་བསྒོམ་བཟླས།

A Commentary to Thangtong Gyalpo’s Far-Reaching Benefit of Beings - A Meditation on Chenrezi

འདི་ནི་འཕགས་མཆོག་སྤྱན་རས་གཟིགས་དང་གུ་རུ་པདྨ་འབྱུང་གནས་དབྱེར་མེད་གངས་ཅན་གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ་ཞེས་མཚན་ཉི་ཟླ་ལྟར་གྲགས་པ་དེ་ཉིད་ལ་ཐུགས་རྗེ་ཆེན་པོ་ཁ་སར་པ་ཎི་འགྲོ་འདུལ་ཕྱག་བཞི། ཕྱག་སྟོང་སྤྱན་སྟོང་། རྟ་མགྲིན། སྒྲོལ་མ། རྣམ་རྒྱལ། བདུད་རྩི་འཁྱིལ་པ། ཕྱོགས་བཅུའི་སངས་རྒྱས་སོགས་མི་དང་མི་འཕྲད་པ་ལྟར་ཡང་ཡང་ཞལ་གཟིགས་ནས་ཐུགས་རྗེ་ཆེན་པོའི་ཞལ་ནས། ཁྱོད་ཀྱི་དགེ་བའི་བཤེས་གཉེན་ང་ཡིན་པས་ཡིག་དྲུག་གི་སྒོ་ནས་ཕྲིན་ལས་རྒྱ་ཆེན་པོ་སྒྲུབ་ཅིང་འགྲོ་བ་རྣམས་འདྲེན་པར་གྱིས་ཤིག་ཅེས་སོགས་གདམས་ངག་མང་དུ་གསུངས་པའི་སྙིང་པོ་འགྲོ་དོན་མཁའ་ཁྱབ་མ་ཞེས་བྱ་བ་བྱིན་རླབས་ཀྱི་ཚན་ཀ་ཆེ་ཞིང་འབྲེལ་ཚད་དོན་ལྡན། བསྒོམ་བཟླས་ཉུང་ལ་ཟབ་པ་ཀུན་གྱི་ཤེས་སླ་བ་ཞིག་གོ།

དཀར་ཆག་མེད།

ས་བཅད་མེད།

དེབ་ཕྲེང་འདི་ཡི་ཁོངས་གཏོགས་འཕྲུལ་དེབ་གཞན།