དེང་རབས་ཀྱི་ཤེས་བྱ་དང་ནང་པའི་ལྟ་བ་ལྟོ་བ་སྦྱར་ནས་གཞན་ལ་ཕན་ཐབས་ལས། འགུལ་སྐྱོད་འཕོ་འགྱུར་གསར་པའི་སྟངས་འཛིན་ཞིབ་འཇུག་གི་ངོ་སྤྲོད།

An Altruistic Interpretation on Meeting of a Buddhist Outlook and Modern Education

འགུལ་སྐྱོད་འཕོ་འགྱུར་གསར་པའི་སྟངས་འཛིན་ཞིབ་འཇུག་ཅེས་པ་འདི་ནི་ཕྱི་ལོ་ ༢༠༡༧ ལོར་བན་ཆེན་བཤད་གྲྭ་ནང་བསྟན་ཐོས་བསམ་གླིང་དུ་༧སྐྱབས་རྗེ་སངས་རྒྱས་མཉན་པ་རིན་པོ་ཆེ་མཆོག་ནས། དེང་དུས་འཕོ་འགྱུར་གསར་པའི་གནས་སྟངས་དང་ནང་པའི་ལྟ་གྲུབ་ནས་བཤད་པའི་ལམ་ཚུལ་གཉིས་གུང་བསྒྲིགས་ཀྱིས་ཞིབ་འཇུག་དང་བགྲོ་གླེང་དྲི་བ་དྲིས་ལན་སོགས་ཀྱི་སྒོ་ནས་སྐྱེ་འགྲོའི་དཀའ་ངལ་དག་ཐད་ཀར་སེལ་ཐུབ་པའི་ཐབས་ལམ་དགོས་འགལ་ཆེ་བར་གཟིགས་ནས་བཙུགས་པ་ཞིག་ཡིན། ལས་འགུལ་དེ་དང་འབྲེལ་བའི་འཕྲུལ་དེབ་འདིར། ༧སྐྱབས་རྗེ་སངས་རྒྱས་མཉན་པ་རིན་པོ་ཆེས་འགུལ་སྐྱོད་འཕོ་འགྱུར་གསར་པའི་སྟངས་འཛིན་ཞིབ་འཇུག་དང་འབྲེལ་བའི་བཀའ་སློབ་ངོ་སྤྲོད་ལམ་སྟོན་ཟབ་རྒྱས་བསྩལ་བ་དང་། བརྗོད་བྱ་གཞན། ཐོག་མའི་སློབ་མ་ཚོའི་དཀའ་ངལ་གླེང་བ་དང་དེའི་སེལ་ཐབས། རྩོད་གླེང་གནང་ཕྱོགས་སྐོར། རྩོད་གླེང་གི་བཀའ་སློབ། དཔེ་དེབ་བལྟ་བར་བསྐུལ་བའི་གཏམ་བློ་སྒོ་འབྱེད་བྱེད་བཅས། བརྗོད་གཞི་སྣ་ཚོགས་ཐོག་ལྗགས་རྩོམ་མཛད་པའི་ལེགས་བཤད་ཁག་གཅིག་གཅིག་ཏུ་བསྒྲིགས་པའོ།།

དཀར་ཆག་མེད།

ས་བཅད་མེད།

དེབ་ཕྲེང་འདི་ཡི་ཁོངས་གཏོགས་འཕྲུལ་དེབ་གཞན།