ཕྱག་རྒྱ་ཆེན་པོའི་སྨོན་ལམ་གྱི་རྣམ་བཤད་ངེས་དོན་དབྱིངས་ཀྱི་རོལ་མོ་བཞུགས།།

Music of the Sphere of Definitive Meaning, a Detailed Explanation of the Mahamudra Prayer in Accordance with the Philosophy of the Great Emptiness-of-Other

༧ཀརྨ་པ་གསུམ་པ་རང་བྱུང་རྡོ་རྗེས་མཛད་པའི་ངེས་དོན་ཕྱག་རྒྱ་ཆེན་པོའི་སྨོན་ལམ་གྱི་བརྗོད་བྱ་སྙིང་པོ་ནི། སངས་རྒྱས་དང་སེམས་གཉིས་ལ་ཁྱད་པར་མེད་པའི་སེམས་ཉིད་ཡིད་བཞིན་གྱི་ནོར་བུའི་ངོ་སྟོང་ལ་རང་བཞིན་འོད་གསལ་བ། གསལ་སྟོང་དབྱེད་མེད་ཀྱི་སེམས་ཀྱི་གནས་ལུགས། སངས་རྒྱས་ཀྱིས་བཟང་དུ་མ་བཏང། སེམས་ཅན་གྱིས་ངན་དུ་མ་བཏང་བ་ཀུན་ལ་ཁྱབ་ནས་ཡོད་ནའང་དེ་ལ་སྨོན་ལམ་བཟང་པོས་མཚམས་སྦྱར་ཏེ་དེ་ཡིས་བྱི་དོར་མ་བྱས་ན། དཔེར་ན། ནོར་བུར་གཡའ་ཡིས་གོས་པ་ལ་བྱི་དོར་བྱས་ཏེ་མཆོད་ཡུལ་དུ་གཙང་མར་བཞག་ན་གསོལ་བ་བཏབ་པས་དགོས་འདོད་རྩོལ་བ་ཡིན་པ་ལས། དེ་དག་མ་བྱས་ན་ཇི་བཞིན་མི་འབྱུང་བ་ལྟར། སེམས་ཉིད་གསལ་སྟོང་ཟུང་འཇུག་གི་གནས་ལུགས་དེ་ཉིད་ངོན་སུམ་དུ་རྟོགས་བའི་དགོས་འདོད་ཀྱི་འབྲས་འབྱུང་བ་ལ་རྗེས་བསྔོ་བ་དང་སྨོན་ལམ་ལ་ནན་ཏན་མཛད་དགོས་པ་ཉིད་རྟེན་འབྲེལ་གཤིས་ཀྱི་གནས་ལུགས་སུ་བསྟན་པའི་རྡོ་རྗེ་གསུང་རྣམས་ཀྱི་ཚིག་དོན་གོ་བདེར་རྣམ་པར་བཤད་པ་ངེས་དོན་དབྱིངས་ཀྱི་རོལ་མོ་ཞེས་བྱ་བ་འདི་ནི་༧སྐྱབས་རྗེ་སངས་རྒྱས་མཉན་པ་སྐུ་ཕྲེང་བཅུ་པ་ཀརྨ་དཔལ་ལྡན་རང་བྱུང་ཕྲིན་ལས་ཀུན་ཁྱབ་བསྟན་པའི་རྒྱལ་མཚན་གྱིས་མཛད་པའོ།།

མཆོད་པར་བརྫོད་པ་དང་རྩོམ་པར་དམ་བཅའ་བ།

ངེས་དོན་ཕྱག་རྒྱ་ཆེན་པོའི་སྨོན་ལམ་ཟེར་བའི་དོན།

གཞུང་དངོས་ལས། སྦྱོར་བ།

སྨོན་ལམ་དངོས་ལས། སྤྱིར་དགེ་བ་རྫོགས་བྱང་དུ་བསྔོ་བ།

བྱེ་བྲག་ལམ་གྱི་རྟེན་ཕུན་ཚོགས་ལ་སྨོན་པ་ཐུན་མོང་བ།

ཐུན་མོང་མ་ཡིན་པའི་སྨོན་པ།

ལམ་རྟོགས་བྱེད་ཀྱི་ཤེས་རབ་ལ་སྨོན་པ།

འཁྲུལ་མེད་ཀྱི་ལམ་ཡང་དག་པར་སྨོན་པ།

དངོས་གཞི་ལམ་ཉམས་སུ་ལེན་ཚུལ་ལ་གོ་དོན་བསྡུས་ཏེ་བཤད་པ།

སྒོམ་དོན་ལག་ཏུ་ལེན་པའི་སྨོན་ལམ་བཏབ་པ་མདོར་བསྟན།

རྒྱས་བཤད་ལ་གསུམ་ལས་དང་པོ་ལྟ་བས་སྒྲོ་འདོགས་བཅད་པ་མདོར་བསྟན་པ།

རྒྱས་བཤད་ལ་སྣང་བ་སེམས་སུ་བསྒྲུབ་པ།

སེམས་རང་བཞིན་མེད་པར་བསྒྲུབ་པ་ལས་ཡོད་མེད་གཉིས་ཀྱི་མཐའ་སྤོང་བ།

ཡིན་མིན་གཉིས་ཀྱི་མཐའ་སྤོང་བ།

སྟོང་རྟེན་འབྱུང་ཟུང་འཇུག་མི་འགལ་བར་བསྟན་པ།

གཞི་རྩ་བཅད་པའི་སྨོན་ལམ་འདེབས་པ།

སྒོམ་པས་ཉམས་སུ་ལེན་ཚུལ་ལ་མདོར་བསྟན་པ།

ཞི་ལྷག་གི་རྣལ་འབྱོར་ལས་ཞི་གནས་བཤད་པ།

ལྷག་མཐོང་དངོས་བཤད་པ།

གཞི་རྩ་བཅད་པ།

ཟུང་འཇུག་གི་མཚན་གྱི་རྣམ་གྲངས།

ཉམས་རྟོགས་སྐྱེ་ཚུལ་ལས་ཐོག་མར་ཉམས།

རྟོགས་པ་སྐྱེ་ཚུལ།

བརྩེ་སྟོང་ཟུང་འཇུག་གི་ཉམས་ལེན་ལ་སྨོན་པ་ལས་སྙིང་རྗེ་ངོས་བཟུང་བ།

སྙིང་རྗེ་སྟོང་ཉིད་དང་འབྲེལ་བ།

མཐར་ཕྱིན་པའི་འབྲས་བུ་ལ་སྨོན་པ།

ས་བཅད་མེད།

དེབ་ཕྲེང་འདི་ཡི་ཁོངས་གཏོགས་འཕྲུལ་དེབ་གཞན།