སྨན་སྒོམ་གྱི་དྲིས་ལན། གཉིས་ཆོས་ཟུང་འཇུག་གི་ངོ་སྤྲོད་ཞལ་གདམས་བཞུགས་སོ།།

An Introduction to the Unity of Dualistic Phenomena: Answers to Mangom's Questions

རང་རིག་བློ་འདས་རྗེན་ཐོག་ཏུ་བཟོ་མེད་ལྷུག་པར་འཇོག་ཅིང་ད་ལྟའི་ཐ་མལ་ཤེས་པ་རང་འགྲོས་རང་བབས་ཁོ་ན་བསྐྱང་བ་དང་། མཉམ་རྗེས་ཐུན་མཚམས་བཞག་ལེན་སོགས་སྤྲོས་བཅས་ལ་ཨ་འཐས་ཀྱི་ཞེན་འཛིན་དང་། ཉམས་རྟོགས་འཕེལ་བསྐྱེད། ལམ་རྟགས་གོང་འཕེལ་སོགས་ལ་རེ་བའི་འདོད་བློ་ཐམས་ཅད་ལིངས་ཀྱི་བསྐྱུར་ནས་རིག་པ་རྗེན་པ་གཅིག་པུ་ལ་དམ་དུ་འཇུས་ཤིང་། སངས་རྒྱས་རུང་མ་རྒྱས་རུང་། འཁོར་བར་འཁྱམས་རུང་མ་འཁྱམས་རུང་། བདུད་དང་བར་ཆད་སོགས་ཡོད་རུང་མེད་རུང་། རེ་དོགས་ཀྱི་སྙེམས་ཐག་རྦད་ཀྱི་བཅད་ཅིང་ལིང་གིས་བསྐྱུར་ནས་རིག་པ་རྗེན་ཐོག་ཏུ་ཅམ་གྱིས་འཇོག་པས་ཉམས་ལེན་སྐྱོང་ཚུལ་གྱི་ཞལ་གདམས་ངོ་སྤྲོད་ཟབ་མོ་རྗེ་སྨན་སྒོམ་གྱིས་དྲིས་པའི་ལན་དུ་གསུངས་པའོ།།

དཀར་ཆག་མེད།

ས་བཅད་མེད།

དེབ་ཕྲེང་འདི་ཡི་ཁོངས་གཏོགས་འཕྲུལ་དེབ་གཞན།