ཞལ་གདམས་གསལ་བའི་སྒྲོན་མ་བཞུགས་སོ།།

The Illuminating Lamp of Advice

ཨོ་རྒྱན་རིན་པོ་ཆེ་བསམ་ཡས་དབུ་རྩེ་བར་མར་སྤྲེལ་ཟླ་ལ་ཚོགས་བརྒྱ་རྩ་བརྒྱད་མཛད་པའི་དུས་སུ་ཞལ་ནས། ཁྱེད་འདིར་ཚོགས་ཀྱི་རྒྱལ་བློན་རིག་འཛིན་ཇོ་མོ་དང་བཅས་པ་རྣམས་ལ་བདག་གིས་སྙིང་གཏམ་ཞིག་བཤད་ཀྱིས་ཉོན་ཅིག དེ་ལ་བསྐལ་པ་འདི་ཡང་ལོ་རེ་བཞིན་གྱི་ཇེ་ལོད་ལ་འགྲོ མི་རྣམས་ཀྱི་སྙིང་དུ་འགོང་པོ་ཞུགས་པ་ལས་ལོག་པའི་སྤྱོད་པ་སྣ་ཚོགས་བྱེད། དེ་ལྟར་བྱས་པ་དང་འཇིག་རྟེན་སྲུང་མ་རྣམས་ཐུགས་ཁྲོས་པའི་དབང་གིས་འགྲོ་བ་རྣམས་ཚེ་ཐུང་ཞིང་ཐན་ཞོད་ཁོད་མི་མཉམ་གཡུལ་འཁྲུག་མང་དུ་འབྱུང་ཞིང་། མཐར་ཆོས་བྱེད་ཀྱང་ནམ་ལངས་ཀྱི་སྐར་མ་ལྟར་འགྲོ་བས་དེའི་དུས་སུ་ངའི་ཟབ་གཏེར་རྣམས་ཉམས་སུ་འདི་ལྟར་ལེན་པར་གྱིས་ཤིག་ཅེས་གདམས་པའོ།།

དཀར་ཆག་མེད།

ས་བཅད་མེད།

དེབ་ཕྲེང་འདི་ཡི་ཁོངས་གཏོགས་འཕྲུལ་དེབ་གཞན།