བློ་སྦྱོང་དོན་བདུན་མའི་འགྲེལ་པ་བཞུགས་སོ།།

A Commentary on the Seven Points of Mind Training

སྟོན་པ་ཐུབ་པའི་དབང་པོས་ཆོས་ཀྱི་ཕུང་པོ་ཇི་སྙེད་གསུངས་པ་ཐམས་ཅད་ཕ་རོལ་ཏུ་ཕྱིན་པ་དང་། རྡོ་རྗེ་ཐེག་པ་གཉིས་སུ་འདུས་པ་ལས། དང་པོ་ལ་གཞུང་ལས་བཤད་པ་གཙོ་ཆེ་བའི་ཉམས་ལེན་དང་། མན་ངག་གི་གནད་ཀྱི་ཉམས་ལེན་གཉིས་ལས། འདིར་ཕྱི་མའི་དབང་དུ་བྱས་ན་སྤྱིར་བོད་གངས་ཅན་ལྗོངས་སུ་བློ་སྦྱོང་གི་མན་ངག་མང་པོ་ཞིག་སྣང་ཡང་། ཤིན་ཏུ་གྲགས་ཆེ་བ་ནི་བླ་མ་གསེར་གླིང་པས་ཇོ་བོ་རྗེ་ལ་གནང་བའི་བློ་སྦྱོང་དོན་བདུན་མ་ཞེས་ཕ་རོལ་ཏུ་ཕྱིན་པའི་ཉམས་ལེན་མཐའ་དག་འདུས་པའི་མན་ངག་ཁྱད་པར་ཅན་བཞུགས་པ་ལ། འདིར་ས་སྐྱའི་མཁན་ཆེན་ཨ་པད་རིན་པོ་ཆེས་འགྲེལ་པ་མཛད་པ་འདི་ནི་ཁ་གསལ་ལ་གོ་བདེ་ཞིང་། དོན་ཟབ་ལ་རྒྱས་བསྡུས་འཚམས་པ་སོགས་ཀྱི་ཁྱད་ཆོས་དང་ལྡན་པར་མཆིས་སོ།།

དཀར་ཆག་མེད།

ས་བཅད་མེད།

དེབ་ཕྲེང་འདི་ཡི་ཁོངས་གཏོགས་འཕྲུལ་དེབ་གཞན།