དམ་ཆོས་སྙིང་པོ་སྐོར་ལྔ་ལས༔ ཞལ་གདམས་སྙིང་པོ་འདུས་པ་བཞུགས་སོ།།

A Collection of Advice from Guru Rinpoche's Five Quintessential Dharmas

ལྷ་སྲས་ཡེ་ཤེས་རོལ་པ་རྩལ་གྱིས་ཨོ་རྒྱན་རིན་པོ་ཆེ་འཁོར་དང་བཅས་པ་སྤྱན་དྲངས་ཤིང་མཆོད་འབུལ་སྣ་ཚོགས་བགྱིས་ཏེ་ཡང་ཟབ་བླ་མའི་སྒྲུབ་སྐོར་གསུམ་དང་དོན་འདྲིལ་གཅིག་སྟེ་ཆོས་ཚན་རྣམ་པ་བཞི་དང་། ཡོངས་རྫོགས་བཀའ་འདུས་སྒྲུབ་ཆེན་དང་མཁའ་འགྲོ་ཐུགས་ཀྱི་སྙིང་པོ་སོགས་ཁ་ཚང་དོན་འདྲིལ་གྱི་མན་ངག་རྣམས་སྦས་དང་བཏོན་ཚུལ་སྤེལ་བའི་ཐབས་དང་། དགོས་པའི་དོན་འབྲས་ཇི་ལྟ་བུ་ཡིན་པ་སོགས་ཐུགས་རྗེས་དགོངས་ཏེ་བསྩལ་དུ་གསོལ་ཞེས་གསོལ་བ་བཏབ་པས། ཨོ་རྒྱན་ཆེན་པོས་ལན་དུ་བསྩལ་བའི་ཕྱི་ནང་གསང་བའི་གདམས་ངག་ཟབ་པའི་ཞལ་ཆེམས། འདི་ལས་ཟབ་པ་གཞག་རྒྱུ་མེད་པར་དབུ་སྙུང་བཞེས་ཏེ་ཟབ་རྒྱས་སྐུ་གསུང་ཐུགས་ཀྱི་གནས་སུ་སྦས་པ། སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་པས་བོད་ཁམས་བཀྲ་ཤིས་འབྱུང་བའི་གནས་ཀྱི་བྱེ་བྲག་རོང་རྨེ་དཀར་མོ་སྟག་ཚང་གི་གུ་རུའི་གསང་ཕུག་གོང་མའི་གཡས་གདོང་ནས་སྤྱན་དྲངས་པའོ།།

དཀར་ཆག་མེད།

ས་བཅད་མེད།

དེབ་ཕྲེང་འདི་ཡི་ཁོངས་གཏོགས་འཕྲུལ་དེབ་གཞན།