དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་བ་འཐད་པའི་རྒྱན། སྟོད་ཆ།

Ornament of Reason: The Great Commentary to Nagarjuna's Root of the Middle Way, Vol. 1

བོད་གངས་ཅན་གྱི་ལྗོངས་འདིར་བསྟན་པ་ཕྱི་དར་གྱི་དུས་སུ་པ་ཚབ་ལོ་ཙཱ་བ་ཉི་མ་གྲགས་ཀྱིས་དབུ་མ་རྩ་བའི་བསྟན་བཅོས་བསྒྱུར་ཟིན་ལ་དག་ཐེར་དང་། དབུ་མ་འཇུག་པ་དང་བཞི་བརྒྱ་པ་སོགས་གསར་དུ་བསྒྱུར་ནས་དབུ་མའི་བསྟན་བཅོས་ཀྱི་འཆད་ཉན་སྒོམ་སྒྲུབ་ཀྱི་སྲོལ་རྒྱུན་དར་ཁྱབ་མཛད་ནས་བརྒྱུད་འཛིན་པ་ཚབ་བུ་བཞི་བྱུང་བ་ལས། ཀུན་གྱི་གཙོ་བོ་རྨ་བྱ་བྱང་ཆུབ་བརྩོན་འགྲུས་ཀྱིས་མཛད་པའི་དབུ་མ་རྩ་ཤེས་ཀྱི་འགྲེལ་པ་འདི་ཉིད་ལ་མཁས་པ་རྣམས་ཀྱིས་བསྔགས་བརྗོད་ཀྱི་མེ་ཏོག་དོར་ཞིང་། སྐྱེ་འགོག འགྲོ་འོང་། རྟག་ཆད། གཅིག་ཐ་དད་དེ། སྤྲོས་པའི་མཐའ་བརྒྱད་ཀྱིས་བསྡུས་པའི་ལོག་རྟོག་གི་དྲྭ་བ་ཐ་དག རྒྱུ་ལ་དཔྱོད་པ་རྡོ་རྗེ་གཟེགས་མ། འབྲས་བུ་ལ་དཔྱོད་པ་ཡོད་མེད་སྐྱེ་འགོག གཉིས་ཀ་ལ་དཔྱོད་པ་མུ་བཞི་སྐྱེ་འགོག ཐམས་ཅད་ལ་དཔྱོད་པ་རྟེན་འབྲེལ་ཆེན་མོ་སོགས་དབུ་མའི་གཏན་ཚིགས་རིགས་པའི་རལ་གྲི་རྣོན་པོས་རབ་ཏུ་གཏུབ་ནས། སྤྲོས་བྲལ་ཟབ་མོ་སྟོང་པ་ཉིད་ཀྱི་དོན་གསལ་བར་བྱེད་པའི་གཞུང་བཟང་རྨད་དུ་འབྱུང་བའོ།།

དཔེ་སྐྲུན་གསལ་བཤད།

རབ་ཏུ་བྱེད་པ་དང་པོ། རྐྱེན་བརྟག་པ།

རབ་ཏུ་བྱེད་པ་གཉིས་པ། འགྲོ་འོང་བརྟག་པ།

རབ་ཏུ་བྱེད་པ་གསུམ་པ། དབང་པོ་བརྟག་པ།

རབ་ཏུ་བྱེད་པ་བཞི་པ། ཕུང་པོ་བརྟག་པ།

རབ་ཏུ་བྱེད་པ་ལྔ་པ། ཁམས་བརྟག་པ།

རབ་ཏུ་བྱེད་པ་དྲུག་པ། འདོད་ཆགས་དང་ཆགས་པ་བརྟག་པ།

རབ་བྱེད་བདུན་པ། འདུས་བྱས་བརྟག་པ།

རབ་བྱེད་བརྒྱད་པ། ལས་དང་བྱེད་པོ་བརྟག་པ།

རབ་ཏུ་བྱེད་པ་དགུ་པ། སྔ་རོལ་ན་གནས་པ་བརྟག་པ།

རབ་བྱེད་བཅུ་པ། མེ་དང་བུད་ཤིང་བརྟག་པ།

རབ་བྱེད་བཅུ་གཅིག་པ། སྔོན་དང་ཕྱི་མའི་མཐའ་བརྟག་པ།

རབ་བྱེད་བཅུ་གཉིས་པ། སྡུག་བསྔལ་བརྟག་པ།

རབ་བྱེད་བཅུ་གསུམ་པ། འདུ་བྱེད་བརྟག་པ།

རབ་བྱེད་བཅུ་བཞི་པ། ཕྲད་པ་བརྟག་པ།

དཔེ་སྐྲུན་གསལ་བཤད།

སྤྱིར་མདོའམ་བསྟན་བཅོས་འཆད་པ་རྣམས་ཀྱིས་བཤད་པ་ལ་འཇུག་པའི་སྔོན་དུ་སྤྱི་དོན་གསུམ་བསམ་པར་བྱ་སྟེ། གང་བཤད་བྱ་དང་མཉན་བྱའི་ཆོས་ཉིད་ངོས་གཟུང་བ་དང༌། དེ་ཇི་ལྟར་བཤད་ཅིང་མཉན་པའི་ཚུལ་དང༌། ཚུལ་དེས་ཉན་བཤད་བྱས་པའི་འབྲས་བུའོ། །དང་པོ་༼གང་བཤད་བྱ་དང་མཉན་བྱའི་ཆོས་ཉིད་ངོས་གཟུང་བ་༽ལ་ཡང་ཆོས་ཀྱི་སྒྲ་འཇུག་པའི་ཡུལ་གྱི་དབྱེ་བ་དང༌། སྒྲ་བཤད་པའི་དོན་དང༌། སྐབས་ཀྱི་ཆོས་ངོས་གཟུང་བ་གསུམ་གྱིས་ཤེས་པར་བྱ་བ་ལས། དང་པོ་༼ཆོས་ཀྱི་སྒྲ་འཇུག་པའི་ཡུལ་གྱི་དབྱེ་བ་༽ནི།

གཉིས་པ་༼སྒྲ་བཤད་པའི་དོན་༽ནི། དྷརྨ་ཞེས་པའི་སྒྲ་དྷ་ར་ཎ་འཛིན་པ་ཡིན་པས། རང་གི་མཚན་ཉིད་འཛིན་པ་དང༌། ལྟུང་བ་ལས་འཛིན་པ་ལས། དང་པོ་༼རང་གི་མཚན་ཉིད་འཛིན་པ་༽ནི།

གཉིས་པ་༼ལྟུང་བ་ལས་འཛིན་པ་༽ལ་ཡང༌། བྱེ་བྲག་འགྲོ་བ་ངན་པར་ལྟུང་བ་ལས་འཛིན་པ་དང༌། སྤྱིར་འགྲོ་བ་ལྔའི་འཁོར་བར་ལྟུང་བ་ལས་འཛིན་པ་གཉིས་ལས། དང་པོ་༼བྱེ་བྲག་འགྲོ་བ་ངན་པར་ལྟུང་བ་ལས་འཛིན་པ་༽ནི།

གཉིས་པ་༼སྤྱིར་འགྲོ་བ་ལྔའི་འཁོར་བར་ལྟུང་བ་ལས་འཛིན་པ་༽ནི།

གསུམ་པ་འདིར་སྐབས་སུ་བབ་པ་ནི།

དེའི་དོན་ངེས་པར་འགྲེལ་པའི་བསྟན་བཅོས་གཉིས་ལས། དང་པོ་ལ་བཀའི་མཚན་ཉིད་དང༌། མཚོན་བྱའི་སྒྲའི་དོན་དང༌། མཚན་གཞིའི་རབ་ཏུ་དབྱེ་བ་གསུམ་གྱིས་ཤེས་པར་བྱ་བ་ལས། དང་པོ་༼བཀའི་མཚན་ཉིད་༽ནི།

གཉིས་པ་༼མཚོན་བྱའི་སྒྲའི་དོན་༽ནི།

གསུམ་པ་༼མཚན་གཞིའི་རབ་ཏུ་དབྱེ་བ་༽ལ་དབྱེ་སྒོ་དུ་མ་ཡོད་པ་ལས།

གཉིས་པ་བསྟན་བཅོས་ཀྱི་སྤྱིའི་དོན་ངེས་པར་བྱ་བ་ལའང་གསུམ་སྟེ། བསྟན་བཅོས་ཀྱི་མཚན་ཉིད་དང༌། མཚོན་བྱའི་སྒྲའི་དོན་དང༌། མཚན་གཞིའི་དབྱེ་བའོ། །དང་པོ་༼བསྟན་བཅོས་ཀྱི་མཚན་ཉིད་༽ནི།

གཉིས་པ་༼མཚོན་བྱའི་སྒྲའི་དོན་༽ནི།

གསུམ་པ་༼མཚན་གཞིའི་དབྱེ་བ་༽ལ་དབྱེ་སྒོ་དུ་མ་ཡོད་པ་ལས། རེ་ཞིག་བྱེད་པ་ཆེ་བའི་སྒོ་ནས་དབྱེ་བ་ལ་བཤད་བྱ་བཀའི་དབང་གིས་དབྱེ་ན། བཀའ་ཙམ་གྱི་ཐུན་མོང་གི་དོན་འགྲེལ་པ་དང༌། བྱེ་བྲག་སོ་སོའི་དགོངས་འགྲེལ་གཉིས་ལས། དང་པོ་༼བཀའ་ཙམ་གྱི་ཐུན་མོང་གི་དོན་འགྲེལ་པ་༽ནི།

གཉིས་པ་༼བྱེ་བྲག་སོ་སོའི་དགོངས་འགྲེལ་༽ལ།

དེ་ལྟར་ལུང་གི་ཆོས་ལ་བཀའ་དང་བསྟན་བཅོས་གཉིས་ལས། འདིར་བཤད་པར་བྱ་བ་སྐབས་སུ་བབ་པ་ནི་བསྟན་བཅོས་ཡིན་པས་དེའི་དོན་ངེས་པར་བྱ་བ་ལ་གསུམ་སྟེ། དེ་མཛད་པ་པོའི་ཁྱད་པར་དང༌། ཇི་ལྟར་མཛད་པའི་ཚུལ་དང༌། མཛད་པ་བསྟན་བཅོས་ཀྱི་རང་བཞིན་ནོ། །དང་པོ་༼དེ་མཛད་པ་པོའི་ཁྱད་པར་༽ནི།

ཡང་མཁས་པ་ཁ་ཅིག་བརྙེས་པ་ཡོན་ཏན་གྱི་དང༌། མཛད་པ་ཕྲིན་ལས་ཀྱི་དང༌། རྗེས་སུ་བསྔགས་པའི་ཁྱད་པར་གསུམ་དང་ལྡན་པའོ། །དང་པོ་༼མཁས་པ་ཁ་ཅིག་བརྙེས་པ་ཡོན་ཏན་༽ལ་གཉིས་ཏེ། སློབ་དཔོན་འདི་ནི་བྲམ་ཟེའི་རིགས་ཡིན་ལ།

གཉིས་པ་༼མཛད་པ་ཕྲིན་༽ལ།

ས་དང་པོ་ལ་གཙོ་བོར་སྤྱོད་པ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཁྱད་པར་དུ་སློབ་པ་དང༌། རང་གཞན་གྱི་དོན་ཕུན་སུམ་ཚོགས་པ་འཐོབ་པའི་རྒྱུ་དཀོན་མཆོག་གསུམ་གྱི་རྟེན་འཛུགས་པར་མཛད་པའོ། །དང་པོ་༼ས་དང་པོ་ལ་གཙོ་བོར་སྤྱོད་པ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་༽ལ།

གཉིས་པ་༼རང་གཞན་གྱི་དོན་ཕུན་སུམ་ཚོགས་པ་འཐོབ་པའི་རྒྱུ་དཀོན་མཆོག་གསུམ་༽ནི།

༼གསུམ་པ་༽རྗེས་སུ་བསྔགས་པའི་ཁྱད་པར་ལ་གསུམ་སྟེ། སྐྱེས་ཐོབ་ཀྱི་མཚན་གྱི་སྒོ་ནས་དང༌། འཇིག་རྟེན་ལ་གྲགས་པའི་སྒོ་ནས་དང༌། སངས་རྒྱས་ཀྱིས་མདོ་རྒྱུད་དུ་མ་ལས་བསྔགས་པའོ། །དང་པོ་༼སྐྱེས་ཐོབ་ཀྱི་མཚན་གྱི་སྒོ་ནས་བསྔགས་པ་༽ནི།

གཉིས་པ་༼འཇིག་རྟེན་ལ་གྲགས་པའི་སྒོ་ནས་བསྔགས་པ་༽ནི།

གསུམ་པ་༼སངས་རྒྱས་ཀྱིས་མདོ་རྒྱུད་དུ་མ་ལས་བསྔགས་པ་༽ནི།

གཉིས་པ་དེ་ཇི་ལྟར་མཛད་པའི་ཚུལ་ནི།

གཉིས་པ་རྡོ་རྗེའི་ཐེག་པ་གསལ་བར་བྱེད་པ་ནི།

གསུམ་པ་མཛད་པ་བསྟན་བཅོས་ཀྱི་རང་བཞིན་ལ་གསུམ་སྟེ། མཚན་གྱི་དོན་དང༌། ཕྱོགས་གང་དུ་གཏོགས་པ་དང༌། བསྟན་བཅོས་ཀྱི་ལུས་ངོས་གཟུང་བའོ། །དང་པོ་༼མཚན་གྱི་དོན་༽ལ་མཚན་གྱི་སྒྲ་བཤད་པ་དང༌། འདོགས་པའི་རྒྱུ་མཚན་དང༌། བཏགས་པའི་དགོས་པ་གསུམ་ལས། དང་པོ་༼མཚན་གྱི་སྒྲ་བཤད་པ་༽ནི།

གཉིས་པ་༼འདོགས་པའི་རྒྱུ་མཚན་༽ནི།

གསུམ་པ་༼བཏགས་པའི་དགོས་པ་༽ལ་བཞི་ལས།

གཉིས་པ་༼ཕྱོགས་གང་དུ་གཏོགས་པ་༽ནི།

གསུམ་པ་༼བསྟན་བཅོས་ཀྱི་ལུས་ངོས་གཟུང་བ་༽ནི།

གཉིས་པ་ཆོས་དེ་ཇི་ལྟར་བཤད་ཅིང་མཉན་པའི་ཚུལ་ལ། འཆད་པ་པོས་ཇི་ལྟར་བཤད་པའི་ཚུལ་དང༌། ཉན་པ་པོས་ཇི་ལྟར་མཉན་པའི་ཚུལ་གཉིས་ལས། དང་པོ་༼འཆད་པ་པོས་ཇི་ལྟར་བཤད་པའི་ཚུལ་༽ལ་གསུམ་སྟེ། ཆོས་འཆད་པ་པོ་རྟེན་གྱི་གང་ཟག་གི་ཁྱད་པར་དང༌། གང་གིས་བཤད་ཐབས་ཀྱི་ཡན་ལག་དང༌། ཡན་ལག་དེས་ཇི་ལྟར་བཤད་པའི་ཚུལ་ལོ། །དང་པོ་༼ཆོས་འཆད་པ་པོ་རྟེན་གྱི་གང་ཟག་གི་ཁྱད་པར་༽ནི། བཤད་པ་དོན་དུ་འགྱུར་བ་ལ།

༼གཉིས་པ་༽བཤད་ཐབས་ཀྱི་ཡན་ལག་ལ་གསུམ་སྟེ།

༼གསུམ་པ་༽བཤད་ཐབས་དེས་བཤད་པའི་ཚུལ་ལའང་གསུམ་སྟེ།

གཉིས་པ་༼ཉན་པ་པོས་ཇི་ལྟར་མཉན་པའི་ཚུལ་༽ལ། ཆོས་ཉན་པ་པོའི་རྟེན་གྱི་གང་ཟག་གི་ཁྱད་པར་དང༌། དེས་ཇི་ལྟར་མཉན་པའི་ཚུལ་གཉིས་ལས། དང་པོ་༼ཆོས་ཉན་པ་པོའི་རྟེན་གྱི་གང་ཟག་གི་ཁྱད་པར་༽ནི།

གཉིས་པ་༼དེས་ཇི་ལྟར་མཉན་པའི་ཚུལ་༽ནི།

གསུམ་པ་ཚུལ་དེས་ཉན་བཤད་བྱས་པའི་འབྲས་བུ་ནི།

སྤྱི་དོན་དེས་རྣམ་པར་བཤད་པར་བྱ་བ་གཞུང་གི་དོན་ལ་གསུམ་སྟེ། བསྟན་བཅོས་རྩོམ་པ་ལ་འཇུག་པ་ཀླད་ཀྱི་དོན་དང༌། བརྩམ་པར་བྱ་བ་སྐབས་ཀྱི་དོན་དང༌། ཡོངས་སུ་རྫོགས་པ་མཇུག་གི་དོན་ཏོ། །དང་པོ་༼བསྟན་བཅོས་རྩོམ་པ་ལ་འཇུག་པ་ཀླད་ཀྱི་དོན་༽ནི།

༼གཉིས་པ་༽བསྡུས་པའི་དོན་ནི།

གསུམ་པ་ཚིག་གི་དོན་ནི།

གསུམ་པ་༼དེའི་རྒྱུ་མཚན་༽ནི།

དེའི་དོན་ངེས་པར་བྱ་བ་ལ༌། བསྟན་བྱ་རྟེན་འབྲེལ་གྱི་རང་བཞིན་དང༌། དེ་བསྟན་པས་སྨྲ་རྣམས་ཀྱི་དམ་པར་འགྱུར་བའི་ཚུལ་དང༌། དེ་བསྟན་པའི་དགོས་པ་གསུམ་ལས། དང་པོ་༼བསྟན་བྱ་རྟེན་འབྲེལ་གྱི་རང་བཞིན་༽ལ་གསུམ་སྟེ། ཁྱད་པར་གྱི་གཞི་དང༌། ཁྱད་པར་གྱི་ཆོས་དང༌། གཞི་དང་ཆོས་ཀྱི་ཐ་དད་བསམ་པའོ། །དང་པོ་༼ཁྱད་པར་གྱི་གཞི་༽ནི། རྟེན་ཅིང་འབྲེལ་བར་འབྱུང་ཞེས་པ་སྟེ། འདིར་རྟེན་འབྲེལ་གྱི་སྒྲ་བཤད་པའི་དོན་དང༌། འཇུག་པའི་ཡུལ་གཉིས་ཀྱིས་ངེས་པར་བྱ་བ་ལས། དང་པོ་༼རྟེན་ཅིང་འབྲེལ་བར་འབྱུང་ཞེས་པ་༽ནི།

གཉིས་པ་སྒྲ་འཇུག་པའི་ཡུལ་ལ།

གཉིས་པ་དེའི་ཁྱད་པར་གྱི་ཆོས་ནི།

གཉིས་པ་འདིར་བཀག་ཆོས་ཀྱི་ཁྱད་པར་བརྒྱད་ཁོ་ན་སྨོས་པ་ནི།

གསུམ་པ་༼གོ་རིམ་མི་འཐད་པ་སྤང་བ་༽ནི།

གསུམ་པ་གཞི་དང་ཆོས་ཀྱི་ཐ་དད་བསམ་པ་ལ།

གཉིས་པ་དེ་བསྟན་པས་སྨྲ་རྣམས་ཀྱི་དམ་པར་འགྱུར་བའི་ཚུལ་ནི།

གསུམ་པ་དེ་བསྟན་པའི་དགོས་པ་ནི།

གསུམ་པ་དེ་ལ་ཇི་ལྟར་ཕྱག་འཚལ་བའི་ཚུལ་ནི།

༼གཉིས་པ་༽བསྡུས་པའི་དོན་ནི། ངག་འདིའི་བརྗོད་བྱ་བསྟན་བཅོས་ཀྱི་དགོས་འབྲེལ་བཞི་ཉིད་ངོས་གཟུང་བ་དང༌། དེ་ངག་འདིས་ཇི་ལྟར་བསྟན་པའི་ཚུལ་དང༌། བསྟན་པའི་དགོས་འབྲེལ་བཞི་ཉིད་དུ་གྲངས་ངེས་པའི་རྒྱུ་མཚན་བསམ་པ་གསུམ་གྱིས་ངེས་པར་བྱ་བ་ལས། དང་པོ་༼ངག་འདིའི་བརྗོད་བྱ་བསྟན་བཅོས་ཀྱི་དགོས་འབྲེལ་བཞི་ཉིད་ངོས་གཟུང་བ་༽ནི།

གཉིས་པ་༼དེ་ངག་འདིས་ཇི་ལྟར་བསྟན་པའི་ཚུལ་༽ནི།

གསུམ་པ་༼བསྟན་པའི་དགོས་འབྲེལ་བཞི་ཉིད་དུ་གྲངས་ངེས་པའི་རྒྱུ་མཚན་བསམ་པ་༽ནི།

༼གསུམ་པ་༽ཚིག་གི་དོན་ནི་སྔར་བཤད་པ་ལྟར་ཤེས་པར་བྱའོ། །

༼གཉིས་པ་༽བརྩམ་པར་བྱ་བ་སྐབས་ཀྱི་དོན་བསྟན་པ་ཟབ་མོའི་དོན་དགྲོལ་བ་ལ། རབ་ཏུ་བྱེད་པ་རྣམས་ཀྱི་དོན་གྱི་ཆ་ངེས་པར་བྱ་བ་དང༌། གཞུང་གི་ཆ་བཤད་པ་གཉིས་ལས། དང་པོ་༼རབ་ཏུ་བྱེད་པ་རྣམས་ཀྱི་དོན་གྱི་ཆ་ངེས་པར་བྱ་བ་༽ལའང་གཉིས་ཏེ། རབ་ཏུ་བྱེད་པ་རྣམས་ཀྱི་འབྲེལ་རྣམ་པར་གཞག་པ་དང༌། སྐབས་ཀྱི་བརྗོད་བྱ་བདེན་པ་གཉིས་ཀྱི་རང་བཞིན་ངེས་པར་བྱ་བའོ། །དང་པོ་༼རབ་ཏུ་བྱེད་པ་རྣམས་ཀྱི་འབྲེལ་རྣམ་པར་གཞག་པ་༽ལ་རབ་ཏུ་བྱེད་པའི་སྤྱི་དང༌། བྱེ་བྲག་གི་འབྲེལ་གཉིས་ལས། དང་པོ་༼རབ་ཏུ་བྱེད་པའི་སྤྱི་༽ནི།

༼གཉིས་པ་༽བྱེ་བྲག་གི་འབྲེལ་ནི་གཞན་དུ་བཤད་པ་ལྟར་ཤེས་པར་བྱའོ། །གཉིས་པ་སྐབས་ཀྱི་བརྗོད་བྱ་བདེན་པ་གཉིས་ཀྱི་རང་བཞིན་ངེས་པར་བྱ་བ་ལ་གསུམ་སྟེ། བདེན་པ་གཉིས་སོ་སོའི་མཚན་ཉིད་གཞག་པ་དང༌། མཚན་ཉིད་གནས་པའི་རྟེན་མཚན་གཞི་ངོས་གཟུང་བ་དང༌། མཚན་གཞི་ལ་མཚན་ཉིད་ངེས་པར་བྱེད་པའི་ཚད་མའོ། །དང་པོ་༼བདེན་པ་གཉིས་སོ་སོའི་མཚན་ཉིད་གཞག་པ་༽ནི།

གཉིས་པ་༼མཚན་ཉིད་གནས་པའི་རྟེན་མཚན་གཞི་ངོས་གཟུང་བ་༽ནི།

གཉིས་པ་དོན་དམ་པའི་བདེན་པའི་མཚན་གཞི་ནི།

གསུམ་པ་བདེན་པ་གཉིས་ཀྱི་མཚན་ཉིད་ངེས་པར་བྱེད་པའི་ཚད་མ་བསམ་པ་ལ།

རབ་ཏུ་བྱེད་པ་དང་པོ། རྐྱེན་བརྟག་པ།

ཟབ་མོའི་མདོའི་འབྲེལ་དང༌། རབ་ཏུ་བྱེད་པའི་འབྲེལ་དགོད་པ་གཉིས་ལས། དང་པོ་༼ཟབ་མོའི་མདོའི་འབྲེལ་༽ནི།

གཉིས་པ་༼རབ་ཏུ་བྱེད་པའི་འབྲེལ་དགོད་པ་༽ནི།

༼གཉིས་པ་༽གཞུང་གི་དོན་བཤད་པ་ལ་གཉིས་ཏེ། མཐའ་བཞིའི་སྐྱེ་བ་སྤྱིར་དགག་པ་དང༌། གཞན་ལས་སྐྱེ་བ་བྱེ་བྲག་ཏུ་དགག་པའོ། །དང་པོ་༼མཐའ་བཞིའི་སྐྱེ་བ་སྤྱིར་དགག་པ་༽ལ་གསུམ་སྟེ། དམ་བཅའ་བ་བསྟན་པ་དང༌། དེ་རིགས་པས་བསྒྲུབ་པ་དང༌། བཀག་པ་ལ་སྐྱོན་སྤང་བའོ། །དང་པོ་༼དམ་བཅའ་བ་བསྟན་པ་༽ནི།

འདི་ལ་དམ་བཅའ་བ་བཞི་པོའི་ཚིག་བཤད་པ་དང༌། སྐྱེ་བ་འགོག་པའི་དམ་བཅའ་བཞིར་གྲངས་ངེས་པ་བསམ་པ་དང༌། དབུ་མ་པ་ལ་དམ་བཅའ་མེད་པ་དང་འགལ་བ་སྤང་བ་གསུམ་གྱིས་ངེས་པར་བྱ་བའོ། །དང་པོ་༼དམ་བཅའ་བ་བཞི་པོའི་ཚིག་བཤད་པ་༽ལ།

གཉིས་པ་༼སྐྱེ་བ་འགོག་པའི་དམ་བཅའ་བཞིར་གྲངས་ངེས་པ་བསམ་པ་༽ནི།

གསུམ་པ་༼དབུ་མ་པ་ལ་དམ་བཅའ་མེད་པ་དང་འགལ་བ་སྤང་བ་༽ནི།

གཉིས་པ་དེ་དག་རིགས་པས་བསྒྲུབ་པ་ལ་བཞི་ལས། དང་པོ་གྲངས་ཅན་དག་སྒྲ་ལ་སོགས་པའི་རྣམ་འགྱུར་རྣམས་དེའི་བདག་ཉིད་དུ་གྱུར་པའི་གཙོ་བོ་ལས་སྐྱེ་བར་སྨྲ་བས་དེ་དགག་པ་ལ་གཉིས་ཏེ། བརྟགས་ཤིང་དཔྱད་པ་རིགས་པའི་ངོར་དང༌། མ་དཔྱད་པ་འཇིག་རྟེན་གྱི་ངོར་དགག་པའོ། །དང་པོ་༼བརྟགས་ཤིང་དཔྱད་པ་རིགས་པའི་ངོར་༽ལའང་རང་ལས་སྐྱེ་བ་དོན་མེད་པ་དང༌། སྐྱེ་ན་ཧ་ཅང་ཐལ་བ་གཉིས་ལས། དང་པོ་༼རང་ལས་སྐྱེ་བ་དོན་མེད་པ་༽ནི།

གཉིས་པ་༼སྐྱེ་ན་ཧ་ཅང་ཐལ་བ་༽ལ་བཞི་ལས། མ་གྲགས་པའི་དོན་ཐོབ་པ་ནི།

གཉིས་པ་གྲགས་པའི་དོན་མ་ཐོབ་པ་ནི།

གསུམ་པ་རྒྱུ་འབྲས་ངོ་བོ་འཆོལ་བར་འགྱུར་བ་ནི།

བཞི་པ་བློ་ལ་སྣང་བ་མཚུངས་པར་འགྱུར་བ་ནི།

གཉིས་པ་༼མ་དཔྱད་པ་འཇིག་རྟེན་གྱི་ངོར་དགག་པ་༽ནི།

གཉིས་པ་གཞན་ལས་སྐྱེ་བ་དགག་པ་ལ།

འདི་དགག་པ་ལའང༌། རིགས་ངོ་དང༌། འཇིག་རྟེན་པའི་ངོར་དགག་པ་གཉིས་ལས། དང་པོ་༼རིགས་ངོ་༽ལ་གཉིས་ཏེ། རྒྱུ་འབྲས་ལ་རྫས་གཞན་དུ་གྲུབ་པ་དགག་པ་དང༌། རྫས་གཞན་ལ་སྐྱེ་བ་དགག་པའོ། །དང་པོ་༼རྒྱུ་འབྲས་ལ་རྫས་གཞན་དུ་གྲུབ་པ་དགག་པ་༽ནི།

གཉིས་པ་༼རྫས་གཞན་ལ་སྐྱེ་བ་དགག་པ་༽ལ། ཧ་ཅང་ཐལ་བས་དང༌། རྣམ་པར་བརྟགས་པས་དགག་པ་གཉིས་ལས། དང་པོ་༼ཧ་ཅང་ཐལ་བས་༽ལའང་ཐལ་བ་བརྗོད་པ་དང༌། དེའི་ལན་དགག་པ་གཉིས་ཀྱིས་ངེས་པར་བྱའོ། །དང་པོ་༼ཐལ་བ་བརྗོད་པ་༽ནི།

གཉིས་པ་༼ལན་དགག་པ་གཉིས་ཀྱིས་ངེས་པར་བྱའོ༽ལ།

གཉིས་པ་༼རྣམ་པར་བརྟགས་པས་དགག་པ་༽ལའང་སྣང་བ་དང༌། ནུས་པ་དང༌། ཆོས་ཉིད་ལན་དུ་མི་རུང་བ་གསུམ་ལས། དང་པོ་༼སྣང་བ་༽ནི།

གཉིས་པ་༼ནུས་པ་༽ནི།

གསུམ་པ་༼ཆོས་ཉིད་ལན་དུ་མི་རུང་བ་༽ནི།

གསུམ་པ་རང་གི་ཀུན་རྫོབ་ལ་མཚུངས་པ་སྤང་བ་ནི།

གཉིས་པ་ལྡོག་པ་གཅིག་པའི་ཁྱབ་པ་གཞན་དང་མཚུངས་པ་ནི།

གཉིས་པ་རྣམ་པར་བརྟགས་པས་གཞན་ལས་སྐྱེ་བ་དགག་པ་ནི།

གཉིས་པ་༼འཇིག་རྟེན་པའི་ངོར་དགག་པ་༽ནི།

༼གསུམ་པ་༽གཉི་ག་ལས་སྐྱེ་བ་དགག་པ་ལ།

དེ་དགག་པ་ལ་སྔར་བཤད་པའི་དང༌། མ་བཤད་པའི་རིགས་པས་དགག་པ་གཉིས་ལས། དང་པོ་༼དགག་པ་ལ་སྔར་བཤད་པ་༽ནི།

གཉིས་པ་༼མ་བཤད་པའི་རིགས་པས་དགག་པ་༽ནི།

༼བཞི་པ་༽རྒྱུ་མེད་ལས་སྐྱེ་བ་དགག་པ་ལ།

འདི་དགག་པ་ལ། རེས་འགའ་བ་མ་ཡིན་པར་ཐལ་བ་དང༌། འབྲས་བུའི་ཆེད་དུ་རྒྱུ་ལ་འབད་པ་དོན་མེད་པར་ཐལ་བ་དང༌། ཤེས་པའི་གཟུང་ཡུལ་དུ་མི་སྣང་བར་ཐལ་བ་གསུམ་ལས། དང་པོ་༼རེས་འགའ་བ་མ་ཡིན་པར་ཐལ་བ་༽ནི།

གཉིས་པ་༼འབྲས་བུའི་ཆེད་དུ་རྒྱུ་ལ་འབད་པ་དོན་མེད་པར་ཐལ་བ་༽ནི།

གསུམ་པ་༼ཤེས་པའི་གཟུང་ཡུལ་དུ་མི་སྣང་བར་ཐལ་བ་༽ནི།

གསུམ་པ་ཚུལ་དེ་ལ་རྩོད་པ་སྤང་བ་ལ། ལུང་དང་འགལ་བ་སྤང་བ་དང༌། མཐའ་བཞིའི་སྐྱེ་བ་བཀག་པས་ཀུན་རྫོབ་ཏུ་སྐྱེ་བ་མི་འཐད་པའི་རྩོད་པ་སྤང་བ་གཉིས་ལས། དང་པོ་༼ལུང་དང་འགལ་བ་སྤང་བ་༽ནི།

གཉིས་པ་༼མཐའ་བཞིའི་སྐྱེ་བ་བཀག་པས་ཀུན་རྫོབ་ཏུ་སྐྱེ་བ་མི་འཐད་པའི་རྩོད་པ་སྤང་བ་༽ནི།

དེ་ལ་གཉིས་ཏེ། བསྟན་བཅོས་ལས་གྲགས་པའི་དང༌། འཇིག་རྟེན་ལས་གྲགས་པའི་གཞན་ལས་སྐྱེ་བ་དགག་པའོ། །དང་པོ་༼བསྟན་བཅོས་ལས་གྲགས་༽ལ་རེ་ཞིག་དེའི་ཕྱོགས་སྔ་མ་དགོད་པ་ནི།

༼གཉིས་པ་༽དེའི་ལན་དེ་ལྟར་གསུངས་མོད་ཀྱི་དེའི་དོན་རིགས་པས་དཔྱད་ན་མི་རུང་བས་ངེས་དོན་མ་ཡིན་པར་དྲང་དོན་ཡིན་ནོ་ཞེས་འཆད་པ་ཡིན་ལ། དེ་ལ་བཞི་སྟེ། སྤྱིར་རྐྱེན་གཞན་དུ་གྱུར་པ་ལས་སྐྱེ་བ་དགག་པ་དང༌། བྱ་བ་གཞན་དུ་གྱུར་པ་ལས་སྐྱེ་བ་དགག་པ་དང༌། རྐྱེན་གྱི་རྒྱུ་མཚན་སྤྱིར་དགག་པ་དང༌། རྐྱེན་བཞི་སོ་སོའི་མཚན་ཉིད་བྱེ་བྲག་ཏུ་དགག་པའོ། །དང་པོ་༼སྤྱིར་རྐྱེན་གཞན་དུ་གྱུར་པ་ལས་སྐྱེ་བ་དགག་པ་༽ནི།

གཉིས་པ་༼བྱ་བ་གཞན་དུ་གྱུར་པ་ལས་སྐྱེ་བ་དགག་པ་༽ནི།

གསུམ་པ་༼རྐྱེན་གྱི་རྒྱུ་མཚན་སྤྱིར་དགག་པ་༽ནི།

བཞི་པ་༼རྐྱེན་བཞི་སོ་སོའི་མཚན་ཉིད་བྱེ་བྲག་ཏུ་དགག་པ་༽ནི།

དང་པོ་རྒྱུའི་རྐྱེན་གྱི་མཚན་ཉིད་མི་འཐད་པ་ནི།

གཉིས་པ་དམིགས་པའི་རྐྱེན་གྱི་མཚན་ཉིད་དགག་པ་ལ།

དང་པོ་འགོག་པ་ནི།

༼གཉིས་པ་༽མེད་པའི་དམིགས་རྐྱེན་འགོག་པ་ནི།

གསུམ་པ་དེ་མ་ཐག་པའི་རྐྱེན་གྱི་མཚན་ཉིད་དགག་པ་ལ།

བཞི་པ་བདག་པོའི་རྐྱེན་གྱི་མཚན་ཉིད་དགག་པ་ནི།

༼གསུམ་པ་༽འཇིག་རྟེན་ལ་གྲགས་པའི་གཞན་སྐྱེ་དགག་པ་ལ།

དང་པོ་༼འབྲས་བུ་རྐྱེན་ལ་ཡོད་མེད་སྐྱེ་བ་མི་འཐད་པ་༽ནི།

གཉིས་པ་༼རྐྱེན་གྱི་རང་བཞིན་ཡིན་མིན་སྐྱེ་བ་མི་འཐད་པ་༽ནི།

གསུམ་པ་༼དེས་གྲུབ་པའི་དོན་༽ནི།

གསུམ་པ་དེ་དག་གི་དོན་བསྡུ་བ་ནི།

རབ་ཏུ་བྱེད་པ་གཉིས་པ། འགྲོ་འོང་བརྟག་པ།

འགྲོ་འོང་བརྟག་པ་ལའང་སྔ་མ་ལྟར་གསུམ་ལས། དང་པོ་འབྲེལ་དགོད་པ་ལ་ཟབ་མོ་མདོའི་འབྲེལ་ནི།

གཉིས་པ་གཞུང་བཤད་པ་ལ། འགྲོ་བའི་བྱ་བ་འགོག་པའི་རིགས་པ་རྒྱས་པར་བརྗོད་པ་དང༌། བཀག་པའི་དོན་བསྡུ་བ་གཉིས་ལས། དང་པོ་༼འགྲོ་བའི་བྱ་བ་འགོག་པའི་རིགས་པ་རྒྱས་པར་བརྗོད་པ་༽ལ་ལྔ་སྟེ། ལས་ལ་དུས་གསུམ་དུ་དཔྱད་པས་དགག་པ་དང༌། བྱེད་པ་པོ་ལ་རྣམ་གྲངས་གསུམ་དུ་བརྟགས་ཏེ་དགག་པ་དང༌། འགྲོ་བའི་བྱ་བའི་སྒྲུབ་བྱེད་དགག་པ་དང༌། རྟེན་འགྲོ་བ་པོ་དང་དེ་ཉིད་དང་གཞན་དུ་དཔྱད་པས་དགག་པ་དང༌། བྱ་བ་གཅིག་དང་དུ་མར་དཔྱད་པས་དགག་པའོ། །དང་པོ་༼ལས་ལ་དུས་གསུམ་དུ་དཔྱད་པས་དགག་པ་༽ལའང་དུས་གསུམ་གྱི་ལམ་ལ་འགྲོ་བའི་བྱ་བ་སྤྱིར་དགག་པ་དང༌། བྱེ་བྲག་ཏུ་འགྲོ་བཞིན་པ་ལ་འགྲོ་བ་དགག་པ་གཉིས་ལས། དང་པོ་༼དུས་གསུམ་གྱི་ལམ་ལ་འགྲོ་བའི་བྱ་བ་སྤྱིར་དགག་པ་༽ནི།

གཉིས་པ་༼བྱེ་བྲག་ཏུ་འགྲོ་བཞིན་པ་ལ་འགྲོ་བ་དགག་པ་༽ལ། རེ་ཞིག་ཕྱོགས་སྔ་མ་དགོད་པ་ནི།

དེ་ལ་གསུམ་སྟེ། འགྲོ་བའི་བྱ་བ་ལས་ཀྱི་ཚིག་དང་འབྲེལ་ན་བྱ་བའི་ཚིག་དོན་གྱིས་སྟོང་པ་དང༌། བྱ་བའི་ཚིག་དང་འབྲེལ་ན་ལས་ཀྱི་ཚིག་དོན་གྱིས་སྟོང་པ་དང༌། གཉི་ག་དང་འབྲེལ་ན་ཧ་ཅང་ཐལ་བའོ། །དང་པོ་༼འགྲོ་བའི་བྱ་བ་ལས་ཀྱི་ཚིག་དང་འབྲེལ་ན་བྱ་བའི་ཚིག་དོན་༽ནི།

གཉིས་པ་༼བྱ་བའི་ཚིག་དང་འབྲེལ་ན་ལས་ཀྱི་ཚིག་དོན་གྱིས་སྟོང་པ་༽ནི།

གསུམ་པ་༼གཉི་ག་དང་འབྲེལ་ན་ཧ་ཅང་ཐལ་བ་༽ནི།

གཉིས་པ་བྱེད་པ་པོ་ལ་རྣམ་གྲངས་གསུམ་དུ་བརྟགས་ནས་དགག་པ་ལ་གསུམ་སྟེ། འགྲོ་བ་དང་འགྲོ་བ་པོ་ཕན་ཚུན་ཁྱབ་པར་བརྗོད་པ་དང༌། རྣམ་གྲངས་གསུམ་པའི་གང་ཟག་འགྲོ་བའི་བྱ་བ་སྤྱིར་དགག་པ་དང༌། བྱེ་བྲག་ཏུ་འགྲོ་བ་པོ་འགྲོ་བ་དགག་པའོ། །དང་པོ་༼འགྲོ་བ་དང་འགྲོ་བ་པོ་ཕན་ཚུན་ཁྱབ་པར་བརྗོད་པ་༽ནི།

གཉིས་པ་༼རྣམ་གྲངས་གསུམ་པའི་གང་ཟག་འགྲོ་བའི་བྱ་བ་སྤྱིར་དགག་པ་༽ནི།

གསུམ་པ་༼བྱེ་བྲག་ཏུ་འགྲོ་བ་པོ་འགྲོ་བ་དགག་པ་༽ནི།

དང་པོ་༼དེ་བྱ་བའི་ཚིག་དང་འབྲེལ་ན་བྱེད་པ་པོའི་ཚིག་དོན་གྱིས་སྟོང་པ་༽ནི།

གཉིས་པ་༼བྱེད་པ་པོའི་ཚིག་དང་འབྲེལ་ན་བྱ་བའི་ཚིག་དོན་གྱིས་སྟོང་པ་༽ནི།

གསུམ་པ་༼གཉི་ག་དང་འབྲེལ་ན་ཧ་ཅང་ཐལ་བ་༽ནི།

གསུམ་པ་འགྲོ་བའི་བྱ་བའི་སྒྲུབ་བྱེད་དགག་པ་ལ་ལྔ་ལས། དང་པོ་དེའི་རྒྱུའི་རྩོམ་པ་དགག་པ་ནི།

དང་པོ་༼ལས་ཁས་བླངས་ཀྱང་རྩོམ་པ་མ་གྲུབ་པ་༽ནི།

གཉིས་པ་༼བརྩམ་བྱའི་ལས་ཉིད་མ་གྲུབ་པས་རྩོམ་པ་མ་གྲུབ་པ་༽ནི།

གཉིས་པ་ལས་དགག་པ་ནི།

གསུམ་པ་འབྲས་བུ་ལྡོག་པ་དགག་པ་ནི།

བཞི་པ་གཉེན་པོ་དགག་པ་ནི།

ལྔ་པ་གཉེན་པོའི་སྒྲུབ་བྱེད་དགག་པ་ལ་གསུམ་ལས།

བཞི་པ་བྱེད་པ་པོ་དང་བྱ་བ་དེ་ཉིད་དང་གཞན་དུ་དཔྱད་ནས་དགག་པ་ལ། ༼དང་པོ་༽དམ་བཅའ་བ་ནི།

༼གཉིས་པ་༽དེའི་འཐད་པ་གསུངས་པ་ནི།

ལྔ་པ་འགྲོ་བའི་བྱ་བ་གཅིག་དང་དུ་མར་དཔྱད་པས་དགག་པ་ལ།

གཉིས་པ་དོན་བསྡུ་བ་ནི།

གསུམ་པ་དེ་དག་གི་དོན་བསྡུ་བ་ནི།

རབ་ཏུ་བྱེད་པ་གསུམ་པ། དབང་པོ་བརྟག་པ།

དང་པོ་འབྲེལ་དགོད་པ་ལ་ཟབ་མོ་མདོའི་འབྲེལ་ནི།

༼གཉིས་པ་༽འདིའི་གཞུང་བཤད་པ་ལ་གཉིས་ཏེ། ཕྱོགས་སྔ་མ་དགོད་པ་དང༌། དེ་སུན་དབྱུང་བའོ། །དང་པོ་༼ཕྱོགས་སྔ་མ་དགོད་པ་༽ནི།

གཉིས་པ་ལྟ་བ་ལ་སོགས་པ་ཕྱི་ནང་གི་སྐྱེ་མཆེད་རང་བཞིན་དུ་མ་གྲུབ་པས་ལུང་དེ་དྲང་དོན་དུ་བསྒྲུབ་པ་ལ་གཉིས་ཏེ། ལྟ་བ་རང་བཞིན་དུ་གྲུབ་པ་དགག་པ་དང༌། དེ་གཞན་ལ་བསྒྲེ་བའོ། །དང་པོ་༼ལྟ་བ་རང་བཞིན་དུ་གྲུབ་པ་དགག་པ་༽ལ་གཉིས་ཏེ། མིག་ལྟ་བའི་བྱེད་པ་པོར་འདོད་པ་དང༌། ལྟ་བའི་བྱེད་པར་འདོད་པ་དགག་པའོ། །དང་པོ་༼མིག་ལྟ་བའི་བྱེད་པ་པོར་འདོད་པ་༽ལ་རང་ལ་མི་ལྟ་བའི་རྟགས་ཀྱིས་དང༌། ལྟ་བའི་རང་བཞིན་ཡིན་མ་ཡིན་ལ་དཔྱད་པས་དགག་པ་གཉིས་ལས། དང་པོ་༼རང་ལ་མི་ལྟ་བའི་རྟགས་༽ལའང་ཕྱོགས་ཆོས་བསྒྲུབ་པའི་ཚུལ་གྱིས་རྟགས་དགོད་པ་དང༌། མ་ངེས་པ་སྤང་བ་དང༌། དོན་བསྡུ་བ་གསུམ་ལས། བྱེ་བྲག་ཏུ་སྨྲ་བ་དག

གཉིས་པ་༼མ་ངེས་པ་སྤང་བ་༽ནི།

གསུམ་པ་དོན་བསྡུ་བ་ནི།

གཉིས་པ་༼ལྟ་བའི་རང་བཞིན་ཡིན་མ་ཡིན་ལ་དཔྱད་པས་དགག་པ་༽ནི།

གཉིས་པ་མིག་ལྟ་བའི་བྱེད་པར་འདོད་པ་དགག་པ་ལ།

འདིར་ལྟ་བ་པོ་མེད་པས་མིག་ལྟ་བའི་བྱེད་པར་མི་འཐད་ཅེས་སྟོན་པ་ལ། ལྟ་བ་པོ་དེ་དག་ཉིད་སྔར་བཤད་ཀྱི་རིགས་པས་དགག་པ་དང༌། སྔར་མ་བཤད་པའི་རིགས་པས་དགག་པ་དང༌། ལྟ་བ་པོ་བཀག་པས་གྲུབ་པའི་དོན་གསུམ་ལས། དང་པོ་༼ལྟ་བ་པོ་དེ་དག་ཉིད་སྔར་བཤད་ཀྱི་རིགས་པས་དགག་པ་༽ནི།

གཉིས་པ་༼སྔར་མ་བཤད་པའི་རིགས་པས་དགག་པ་༽ནི།

གསུམ་པ་༼ལྟ་བ་པོ་བཀག་པས་གྲུབ་པའི་དོན་ནི།༽

༼གསུམ་པ་༽རིགས་པ་དེ་ཆོས་གཞན་ལ་བསྒྲེ་བ་ནི།

གསུམ་པ་དོན་བསྡུ་བ་ནི།

རབ་ཏུ་བྱེད་པ་བཞི་པ། ཕུང་པོ་བརྟག་པ།

ཕུང་པོ་བརྟག་པ་ལ་གསུམ་ལས། དང་པོ་འབྲེལ་དགོད་པ་ལ་ཟབ་མོའི་མདོའི་འབྲེལ་ནི།

གཉིས་པ་དེའི་གཞུང་བཤད་པ་ལ་གསུམ་སྟེ། གཟུགས་ཀྱི་ཕུང་པོ་རང་བཞིན་དུ་དགག་པ་དང༌། དེ་ཆོས་གཞན་ལ་བསྒྲེ་བ་དང༌། ཞར་ལ་རྩོད་པའི་ཐབས་ཁྱད་པར་ཅན་ལ་གདམས་པའོ། །དང་པོ་༼གཟུགས་ཀྱི་ཕུང་པོ་རང་བཞིན་དུ་དགག་པ་༽ལ་སྤྱིར་ཕུང་པོ་འདུས་བྱས་ཀྱིས་བསྡུས་ཤིང༌། དེ་ལ་རྒྱུ་འབྲས་ཀྱིས་ཁྱབ་པས་རྒྱུ་འབྲས་ཀྱི་གཟུགས་ཕན་ཚུན་གཞན་ཉིད་དགག་པ་དང༌། ཕན་ཚུན་ཡོད་མེད་ཀྱི་དང༌། འདྲ་མི་འདྲའི་རྒྱུ་འབྲས་དགག་པ་གསུམ་ལས། དང་པོ་༼རྒྱུ་འབྲས་ཀྱིས་ཁྱབ་པས་རྒྱུ་འབྲས་ཀྱི་གཟུགས་ཕན་ཚུན་གཞན་ཉིད་དགག་པ་༽ལའང་གཉིས་ལས། ༼དང་པོ་༽འབྲས་བུའི་གཟུགས་གཞན་དུ་གྲུབ་པ་དགག་པ་ལ།

གཉིས་པ་རྒྱུའི་གཟུགས་གཞན་དུ་མ་གྲུབ་པ་ནི།

གཉིས་པ་༼ཕན་ཚུན་ཡོད་མེད་ཀྱི་རྒྱུ་འབྲས་དགག་པ་༽ལ། འབྲས་བུ་ཡོད་མེད་ཀྱི་རྒྱུ་དང༌། རྒྱུ་མེད་ཀྱི་འབྲས་བུ་དགག་པ་དང༌། དོན་བསྡུ་བ་གསུམ་ལས། དང་པོ་༼འབྲས་བུ་ཡོད་མེད་ཀྱི་རྒྱུ་དགག་པ་༽ནི།

གཉིས་པ་༼རྒྱུ་མེད་ཀྱི་འབྲས་བུ་དགག་པ་༽ནི།

གསུམ་པ་༼དོན་བསྡུ་བ་༽ནི།

གསུམ་པ་༼འདྲ་མི་འདྲའི་རྒྱུ་འབྲས་དགག་པ་༽ནི།

གཉིས་པ་རིགས་པ་དེ་ཆོས་གཞན་ལ་བསྒྲེ་བ་ནི།

གསུམ་པ་རྩོད་པའི་ཐབས་ཁྱད་པར་ཅན་ལ་གདམས་པ་ལ།

གསུམ་པ་དོན་བསྡུ་བ་ནི།

རབ་ཏུ་བྱེད་པ་ལྔ་པ། ཁམས་བརྟག་པ།

ཁམས་བརྟག་པ་ལའང་གསུམ་ལས། དང་པོ་འབྲེལ་དགོད་པ་ལ་ཟབ་མོའི་མདོའི་འབྲེལ་ནི།

གཉིས་པ་དེའི་གཞུང་བཤད་པ་ལ་གསུམ་སྟེ། ནམ་མཁའི་ཁམས་དགག་པ་དང༌། དེ་ཁམས་གཞན་ལ་བསྒྲེ་བ་དང༌། བཀག་པའི་དོན་དུ་ལྟ་བ་སྨད་པའོ། །དང་པོ་༼ནམ་མཁའི་ཁམས་དགག་པ་༽ལ་ནམ་མཁའི་ཁམས་ཀྱི་མཚན་ཉིད་མཚན་གཞི་དགག་པ་དང༌། དངོས་པོ་དངོས་མེད་དུ་གྲུབ་པ་དགག་པ་དང༌། མཇུག་བསྡུ་བ་གསུམ་ལས། དང་པོ་༼ནམ་མཁའི་ཁམས་ཀྱི་མཚན་ཉིད་མཚན་གཞི་དགག་པ་༽ལ་གསུམ་སྟེ། མཚན་གཞི་དགག་པ་དང༌། མཚན་ཉིད་དགག་པ་དང༌། དོན་བསྡུ་བའོ། །དང་པོ་༼མཚན་གཞི་དགག་པ་༽ལའང་མཚན་ཉིད་འཇུག་པ་མི་འཐད་པ་དང༌། འཇུག་པ་མེད་པ་མཚན་གཞིར་མི་རུང་བ་གཉིས་ལས། དང་པོ་༼མཚན་ཉིད་འཇུག་པ་མི་འཐད་པ་༽ལའང་མཚན་ཉིད་ཀྱི་སྔར་མཚན་གཞི་མེད་པས་དང༌། མཚན་བཅས་མཚན་མེད་དང་དེ་ལས་གཞན་ལ་མི་འཇུག་པས་མཚན་ཉིད་འཇུག་པར་མི་འཐད་པ་ལས། དང་པོ་༼མཚན་ཉིད་ཀྱི་སྔར་མཚན་གཞི་མེད་པས་མཚན་ཉིད་འཇུག་པར་མི་འཐད་པ་༽ནི།

གཉིས་པ་༼མཚན་བཅས་མཚན་མེད་དང་དེ་ལས་གཞན་ལ་མི་འཇུག་པས་མཚན་ཉིད་འཇུག་པར་མི་འཐད་པ་༽ནི།

གཉིས་པ་༼འཇུག་པ་མེད་པ་མཚན་གཞིར་མི་རུང་བ་༽ནི།

༼གཉིས་པ་༽དེའི་མཚན་ཉིད་དགག་པ་ནི།

༼གསུམ་པ་༽དེ་གཉིས་ཀྱི་དོན་བསྡུ་བ་ནི།

གཉིས་པ་ནམ་མཁའ་དངོས་པོ་དངོས་མེད་དུ་གྲུབ་པ་དགག་པ་ལ། དངོས་པོར་མ་གྲུབ་པ་དང༌། དངོས་མེད་དུ་མ་གྲུབ་པ་དང༌། དེའི་འཛིན་པ་མ་གྲུབ་པ་གསུམ་ལས། དང་པོ་༼དངོས་པོར་མ་གྲུབ་པ་༽ནི།

གཉིས་པ་༼དངོས་མེད་དུ་མ་གྲུབ་པ་༽ནི།

གསུམ་པ་༼དེའི་འཛིན་པ་མ་གྲུབ་པ་༽ནི།

༼གསུམ་པ་༽མཇུག་བསྡུ་བ་ནི།

༼གཉིས་པ་༽དེ་གཞན་ལ་བསྒྲེ་བ་ནི།

གསུམ་པ་བཀག་པའི་དོན་དུ་ལྟ་བ་སྨད་པ་ནི།

༼གསུམ་པ་༽རབ་ཏུ་བྱེད་པའི་དོན་བསྡུ་བ་ནི།

རབ་ཏུ་བྱེད་པ་དྲུག་པ། འདོད་ཆགས་དང་ཆགས་པ་བརྟག་པ།

༼དང་པོ་༽འབྲེལ་དགོད་པ་ལ་ཟབ་མོ་མདོའི་འབྲེལ་ནི།

༼གཉིས་པ་༽གཞུང་བཤད་པ་ལ། འདོད་ཆགས་དང་ཆགས་པ་དགག་པ་དང༌། དེ་ཆོས་གཞན་ལ་བསྒྲེ་བ་གཉིས་ལས། དང་པོ་༼འདོད་ཆགས་དང་ཆགས་པ་དགག་པ་༽ལའང་གཉིས་ཏེ། དེ་གཉིས་སྔ་ཕྱིར་འབྱུང་བ་དང༌། ལྷན་ཅིག་འབྱུང་བ་དགག་པའོ། །དང་པོ་༼དེ་གཉིས་སྔ་ཕྱིར་འབྱུང་བ་དགག་པ་༽ནི།

གཉིས་པ་༼ལྷན་ཅིག་འབྱུང་བ་དགག་པ་༽ལ་།

འདི་དགག་པ་ལ་ལྟོས་མེད་དུ་འགྱུར་བ་དང༌། གཅིག་དང་ཐ་དད་ལ་ལྷན་ཅིག་མི་འཐད་པ་གཉིས་ལས། དང་པོ་༼ལྟོས་མེད་དུ་འགྱུར་བ་༽ནི།

གཉིས་པ་༼གཅིག་དང་ཐ་དད་ལ་ལྷན་ཅིག་མི་འཐད་པ་༽ལའང༌། གཅིག་དང་ཐ་དད་ལ་ལྷན་ཅིག་སྤྱིར་དགག་པ་དང༌། ཐ་དད་པ་ལ་ལྷན་ཅིག་བྱེ་བྲག་ཏུ་དགག་པ་གཉིས་ལས། དང་པོ་༼གཅིག་དང་ཐ་དད་ལ་ལྷན་ཅིག་སྤྱིར་དགག་པ་༽ནི།

གཉིས་པ་༼ཐ་དད་པ་ལ་ལྷན་ཅིག་བྱེ་བྲག་ཏུ་དགག་པ་༽ལ་གསུམ་སྟེ། དེ་གཉིས་ཐ་དད་པར་མ་གྲུབ་པས་ལྷན་ཅིག་ཏུ་མི་འགྲུབ་པ་དང༌། ཐ་དད་པར་གྲུབ་ན་རང་བཞིན་དུ་བསྒྲུབ་པ་ལ་ལྷན་ཅིག་དོན་མེད་པ་དང༌། ཐ་དད་ལྷན་ཅིག་ལ་ལྟོས་ན་ཕན་ཚུན་བརྟེན་པའོ། །དང་པོ་༼དེ་གཉིས་ཐ་དད་པར་མ་གྲུབ་པས་ལྷན་ཅིག་ཏུ་མི་འགྲུབ་པ་༽ནི།

གཉིས་པ་༼ཐ་དད་གྲུབ་ན་རང་བཞིན་དུ་བསྒྲུབ་པ་ལ་ལྷན་ཅིག་དོན་མེད་པ་༽ནི།

གསུམ་པ་༼ཐ་དད་ལྷན་ཅིག་ལ་ལྟོས་ན་ཕན་ཚུན་བརྟེན་པ་༽ནི།

གཉིས་པ་དེ་ཆོས་གཞན་ལ་བསྒྲེ་བ་ནི།

གསུམ་པ་དོན་བསྡུ་བ་ནི།

རབ་བྱེད་བདུན་པ། འདུས་བྱས་བརྟག་པ།

འདུས་བྱས་ཀྱི་མཚན་ཉིད་བརྟག་པ་ལའང་གསུམ་ལས་འབྲེལ་དགོད་པ་ལ། ཟབ་མོ་མདོའི་འབྲེལ་ནི།

༼གཉིས་པ་༽འདིའི་གཞུང་བཤད་པ་ལ་གསུམ་སྟེ། འདུས་བྱས་ཀྱི་མཚན་ཉིད་ཡང་དག་པར་དགག་པ་དང༌། དེས་གྲུབ་པའི་དོན་དང༌། བཀག་པ་ལ་ལུང་དང་འགལ་བ་སྤང་བའོ། །དང་པོ་༼འདུས་བྱས་ཀྱི་མཚན་ཉིད་ཡང་དག་པར་དགག་པ་༽ལ་ཡང་སྐྱེ་གནས་འཇིག་པ་ཐུན་མོང་དུ་དགག་པ་དང༌། སོ་སོར་དགག་པ་གཉིས་ལས། དང་པོ་༼ཡང་སྐྱེ་གནས་འཇིག་པ་ཐུན་མོང་དུ་དགག་པ་༽ལ་གསུམ་སྟེ། འདུས་བྱས་ཡིན་མ་ཡིན་དང༌། རེ་རེ་བ་དང་འདུས་པ་དང༌། དེ་ལ་མཚན་ཉིད་གཞན་ཡོད་མེད་དུ་དཔྱད་པས་དགག་པའོ། །དང་པོ་༼འདུས་བྱས་ཡིན་མ་ཡིན་དཔྱད་པས་དགག་པ་༽ནི།

གཉིས་པ་༼རེ་རེ་བ་དང་འདུས་པ་དཔྱད་པས་དགག་པ་༽ནི།

གསུམ་པ་༼དེ་ལ་མཚན་ཉིད་གཞན་ཡོད་མེད་དུ་དཔྱད་པས་དགག་པ་༽ལ་གཉིས་ལས། རེ་ཞིག་ཧ་ཅང་ཐལ་བ་དགོད་པ་ནི།

གཉིས་པ་ཉེས་སྤོང་གི་ལན་དགག་པ་ལ། ཐལ་བ་དང་པོ་དང༌། གཉིས་པའི་ལན་དགག་པ་གཉིས་ལས། ༼དང་པོ་ལ་ལན་དང་དགག་པ་གཉིས་ལས།༽ དང་པོ་༼ཐལ་བ་དང་པོའི་ལན་༽ནི།

༼གཉིས་པ་༽ཕན་ཚུན་བརྟེན་པའི་ཉེས་པས་དེ་སུན་དབྱུང་བ་ལ།

དང་པོ་༼སྐྱེ་བའི་སྐྱེ་བས་རྩ་བའི་སྐྱེ་བ་སྐྱེད་པར་མི་འཐད་པ་༽ནི།

གཉིས་པ་༼རྩ་བའི་སྐྱེ་བས་སྐྱེ་བའི་སྐྱེ་བ་སྐྱེད་པར་མི་འཐད་པ་༽ནི།

གསུམ་པ་༼དེ་གཉི་གའི་ལན་དགག་པ་༽ནི།

༼གཉིས་པ་༽ཐལ་བ་གཉིས་པའི་ལན་དགག་པ་ལ་གཉིས་ལས།

དང་པོ་༼ལན་༽ནི།

༼གཉིས་པ་༽འདི་སུན་དབྱུང་བ་ལ་གཉིས་ཏེ། དཔེ་མ་གྲུབ་པ་དང༌། དོན་མི་འཐད་པའོ། །དང་པོ་༼དཔེ་མ་གྲུབ་པ་༽ལ་ཁྱབ་བྱེད་མི་དམིགས་པའི་རྟགས་དང༌། ཧ་ཅང་ཐལ་བས་དགག་པ་གཉིས་ལས། དང་པོ་༼ཁྱབ་བྱེད་མི་དམིགས་པའི་རྟགས་༽ནི།

གཉིས་པ་ཧ་ཅང་ཐལ་བ་ནི།

༼གཉིས་པ་༽དོན་མི་འཐད་པ་ལ། སྐྱེ་བས་རང་དང་གཞན་སྐྱེད་པ་དགག་པ་གཉིས་ལས། དང་པོ་༼སྐྱེ་བས་རང་སྐྱེད་དགག་པ་༽ནི།

གཉིས་པ་༼གཞན་སྐྱེད་པ་དགག་པ་༽ལ། ལས་ལ་དུས་གསུམ་དུ་དཔྱད་པས་དང༌། སྐྱེ་བ་ལ་སྐྱེ་བ་གཞན་ཡོད་མེད་དུ་དཔྱད་པས་དགག་པ་གཉིས་ལས། དང་པོ་༼ལས་ལ་དུས་གསུམ་དུ་དཔྱད་པས་༽ལ་གསུམ་སྟེ། དུས་གསུམ་གྱི་ལས་ལ་སྐྱེ་བ་སྤྱིར་དགག་པ་དང༌། བྱེ་བྲག་ཏུ་སྐྱེ་བཞིན་པ་སྐྱེ་བ་དགག་པ་དང༌། དེ་ལ་རྟེན་འབྱུང་མི་རུང་བ་སྤང་བའོ། །དང་པོ་༼དུས་གསུམ་གྱི་ལས་ལ་སྐྱེ་བ་སྤྱིར་དགག་པ་༽ནི།

གཉིས་པ་༼བྱེ་བྲག་ཏུ་སྐྱེ་བཞིན་པ་སྐྱེ་བ་དགག་པ་༽ལ།

དང་པོ་༼རྟེན་མེད་པའི་སྐྱེ་བའི་བྱ་བ་མེད་པས་སྐྱེ་བཞིན་པ་མེད་པ་༽ནི།

གཉིས་པ་༼དེའི་ལན་དགག་པ་༽ནི།

གསུམ་པ་༼དེ་ལ་རྟེན་འབྱུང་མི་རུང་བ་སྤང་བ་༽ནི།

གཉིས་པ་སྐྱེ་བ་ལ་སྐྱེ་བ་གཞན་ཡོད་མེད་དུ་དཔྱད་པས་དགག་པ་ནི།

༼གཉིས་པ་༽སོ་སོར་དགག་པ་ལ་གསུམ་ལས། དང་པོ་སྐྱེ་བ་དགག་པ་ལ། སྔར་བཤད་པ་དྲན་པར་བྱ་བ་དང༌། མ་བཤད་པའི་རིགས་པ་གཉིས་ལས། དང་པོ་༼སྔར་བཤད་པ་དྲན་པར་བྱ་བ་༽ནི།

གཉིས་པ་༼མ་བཤད་པའི་རིགས་པ་༽ནི།

གཉིས་པ་གནས་པ་དགག་པ་ལ་བཞི་ལས། དང་པོ་སྐྱེ་བ་བཀག་པས་དགག་པ་ནི།

གཉིས་པ་ལས་ལ་དུས་གསུམ་དུ་དཔྱད་པས་དགག་པ་ནི།

གསུམ་པ་འགག་བཞིན་ཡིན་མིན་ལ་དཔྱད་པས་དགག་པ་ནི།

བཞི་པ་གནས་པ་ལ་གནས་པ་གཞན་ཡོད་མེད་དུ་དཔྱད་པས་དགག་པ་ནི།

གསུམ་པ་མི་རྟག་པ་དགག་པ་ལ་དྲུག་ལས། ༼དང་པོ་༽རྒྱུ་སྐྱེ་བ་བཀག་པས་དགག་པ་ནི།

༼གཉིས་པ་༽ལས་ལ་དུས་གསུམ་དུ་དཔྱད་པས་དགག་པ་ནི།

གསུམ་པ་གནས་བཞིན་ཡིན་མ་ཡིན་ལ་དཔྱད་པས་དགག་པ་ནི།

བཞི་པ་གནས་སྐབས་དེ་ཉིད་དམ་གཞན་གྱིས་འགག་པར་མི་འཐད་པ་ནི།

ལྔ་པ་དངོས་པོ་དངོས་མེད་ལ་དཔྱད་པས་དགག་པ་ནི།

དྲུག་པ་འགག་པ་ལ་འགག་པ་གཞན་ཡོད་མེད་དཔྱད་པས་དགག་པ་ནི།

གཉིས་པ་དེས་གྲུབ་པའི་དོན་ནི།

གསུམ་པ་བཀག་པ་ལ་ལུང་དང་འགལ་བ་སྤང་བ་ནི།

༼གསུམ་པ་དོན་བསྡུ་བ་ནི།༽

རབ་བྱེད་བརྒྱད་པ། ལས་དང་བྱེད་པོ་བརྟག་པ།

ལས་དང་བྱེད་པོ་བརྟག་པའི་རབ་ཏུ་བྱེད་པ་ལའང་གསུམ་ལས། འབྲེལ་དགོད་པ་ལ་ཟབ་མོ་མདོའི་འབྲེལ་ནི།

༼གཉིས་པ་༽གཞུང་བཤད་པ་ལ་གསུམ་སྟེ། ལས་དང་བྱེད་པ་པོ་རང་བཞིན་དུ་གྲུབ་པ་དགག་པ་དང༌། ཐ་སྙད་ཙམ་དུ་ཕན་ཚུན་ལྟོས་ནས་གྲུབ་པར་བསྟན་པ་དང༌། དེ་ཆོས་གཞན་ལ་བསྒྲེ་བའོ། །

དང་པོ་༼བྱེད་པོ་ཡིན་པས་ལས་ཡིན་པ་དགག་པ་༽ནི།

གཉིས་པ་༼བྱེད་པོ་མ་ཡིན་པས་ལས་མ་ཡིན་པ་དགག་པ་༽ལའང༌། དམ་བཅའ་དང༌། འཐད་པ་གཉིས་ལས། དང་པོ་༼དམ་བཅའ་༽ནི།

༼གཉིས་པ་༽དེའི་འཐད་པ་ལ། ལས་དང་བྱེད་པོ་རྒྱུ་མེད་དུ་འགྱུར་བའི་ཐལ་བ་དགོད་པ་དང༌། འདོད་པ་ལ་གནོད་པ་བརྗོད་པ་གཉིས་ལས། དང་པོ་༼ལས་དང་བྱེད་པོ་རྒྱུ་མེད་དུ་འགྱུར་བའི་ཐལ་བ་དགོད་པ་༽ནི།

གཉིས་པ་༼འདོད་པ་ལ་གནོད་པ་བརྗོད་པ་༽ལ་གཉིས་ལས། དང་པོ་རྒྱུ་འབྲས་མེད་པར་ཐལ་བ་ནི།

༼གཉིས་པ་༽འཇིག་རྟེན་ལ་གྲགས་པའི་ཐ་སྙད་ཐམས་ཅད་མེད་པར་ཐལ་བ་ནི།

གསུམ་པ་༼བྱེད་པོ་གཉི་གར་གྱུར་པས་ལས་གཉི་གར་གྱུར་པ་བྱེད་པ་དགག་པ་༽ ལའང༌། དམ་བཅའ་དང༌། འཐད་པ་གཉིས་ལས། དང་པོ་༼དམ་བཅའ་༽ནི།

༼གཉིས་པ་འཐད་པ་ནི།༽

༼གཉིས་པ་༽ཕྱོགས་མི་མཐུན་དགག་པ་ལ་གཉིས་ཏེ། བྱེད་པ་པོ་རེ་རེས་ལས་ཕྱོགས་མི་མཐུན་རེ་རེ་བྱེད་པ་དང༌། གཉིས་གཉིས་བྱེད་པ་དགག་པའོ། །དང་པོ་༼བྱེད་པ་པོ་རེ་རེས་ལས་ཕྱོགས་མི་མཐུན་རེ་རེ་བྱེད་པ་དགག་པ་༽ནི།

གཉིས་པ་༼གཉིས་གཉིས་བྱེད་པ་དགག་པ་༽ལ་གསུམ་ལས། ༼དང་པོ་༽བྱེད་པོ་ཡིན་པས་ལས་མ་ཡིན་པ་དང་དེ་གཉི་ག་བྱེད་པ་དགག་པ་ནི།

གཉིས་པ་བྱེད་པོ་མ་ཡིན་པས་ལས་ཡིན་པ་དང་ལས་ཡིན་མིན་གཉི་ག་བྱེད་པ་དགག་པ་ནི།

གསུམ་པ་བྱེད་པོ་ཡིན་མ་ཡིན་གཉི་ག་ལས་ཡིན་པ་དང་མ་ཡིན་པ་སོ་སོར་བྱེད་པ་དགག་པ་ནི།

གཉིས་པ་༼ཐ་སྙད་ཙམ་དུ་ཕན་ཚུན་ལྟོས་ནས་གྲུབ་པར་བསྟན་པ་༽ནི།

གསུམ་པ་དེ་ཆོས་གཞན་ལ་བསྒྲེ་བ་ནི།

གསུམ་པ་དོན་བསྡུ་བ་ནི།

རབ་ཏུ་བྱེད་པ་དགུ་པ། སྔ་རོལ་ན་གནས་པ་བརྟག་པ།

དང་པོ་འབྲེལ་དགོད་པ་ལ་ཟབ་མོ་མདོའི་འབྲེལ་ནི།

གཉིས་པ་གཞུང་བཤད་པ་ལ་གསུམ་སྟེ། ཉེ་བར་ལེན་པ་པོའི་བདག་དགག་པ་དང༌། དེས་བླང་བྱ་ཡང་དགག་པ་དང༌། འབྲས་བུ་བསྡུ་བའོ། །དང་པོ་༼ཉེ་བར་ལེན་པ་པོའི་བདག་དགག་པ་༽ལ་གཉིས་ལས། ༼དང་པོ་༽ཕྱོགས་སྔ་མ་དགོད་པ་ནི།

༼གཉིས་པ་༽དེ་སུན་དབྱུང་བ་ལ་གསུམ་སྟེ། ལེན་པ་པོ་བླང་བྱ་ཐམས་ཅད་ཀྱི་སྔ་རོལ་ནས་ཡོད་པ་དགག་པ་དང༌། རེ་རེའི་སྔར་ཡོད་པ་དགག་པ་དང༌། ལྟ་སོགས་ཀྱི་རྒྱུའི་ཉེ་བར་ལེན་པ་པོར་རྟོག་པ་དགག་པའོ། །དང་པོ་༼ལེན་པ་པོ་བླང་བྱ་ཐམས་ཅད་ཀྱི་སྔ་རོལ་ནས་ཡོད་པ་དགག་པ་༽ལ་གཉིས་ལས། བདག་ཏུ་གདགས་པའི་རྒྱུ་མེད་པས་དགག་པ་ནི།

གཉིས་པ་བདག་ཏུ་གདགས་པ་རྒྱུ་ལ་མི་ལྟོས་པ་དགག་པ་ལ། ཧ་ཅང་ཐལ་བ་དགོད་པ་དང༌། འདོད་པ་ལ་གནོད་པ་བརྗོད་པ་གཉིས་ལས། ༼དང་པོ་ཧ་ཅང་ཐལ་བ་དགོད་པ་ནི།༽

གཉིས་པ་༼འདོད་པ་ལ་གནོད་པ་བརྗོད་པ་༽ནི།

གཉིས་པ་༼རེ་རེའི་སྔར་ཡོད་པ་དགག་པ་༽ནི།

གཉིས་པ་ལེན་པ་པོ་གཅིག་དང་ཐ་དད་དུ་མི་འཐད་པས་བླང་བྱ་རེ་རེའི་སྔ་རོལ་དུ་ཡོད་པ་དགག་པ་ནི།

གསུམ་པ་༼ལྟ་སོགས་ཀྱི་རྒྱུའི་ཉེ་བར་ལེན་པ་པོར་རྟོག་པ་དགག་པ་༽ནི།

གཉིས་པ་དེས་བླང་བྱ་ཡང་དགག་པར་གྲུབ་པ་ནི།

གསུམ་པ་འབྲས་བུ་བསྡུ་བ་ནི།

གསུམ་པ་དོན་བསྡུ་བ་ནི།

རབ་བྱེད་བཅུ་པ། མེ་དང་བུད་ཤིང་བརྟག་པ།

མེ་དང་བུད་ཤིང་བརྟག་པ་ལ་གསུམ་ལས། དང་པོ་འབྲེལ་དགོད་པ་ལ་ཟབ་མོ་མདོའི་འབྲེལ་ནི།

གཉིས་པ་གཞུང་གི་དོན་ལ་གསུམ་སྟེ། མེ་དང་བུད་ཤིང་རང་བཞིན་དུ་གྲུབ་པ་དགག་པ་དང༌། དེ་ཆོས་གཞན་ལ་བསྒྲེ་བ་དང༌། བཀག་པའི་དོན་དུ་ལྟ་བ་སྨད་པའོ། །དང་པོ་༼མེ་དང་བུད་ཤིང་རང་བཞིན་དུ་གྲུབ་པ་དགག་པ་༽ལ་གསུམ་སྟེ། དེ་ཉིད་དང་གཞན་དུ་དཔྱད་པས་མེ་དང་བུད་ཤིང་གི་ངོ་བོ་དགག་པ་དང༌། སྒྲུབ་བྱེད་དགག་པ་དང༌། བཀག་པའི་དོན་བསྡུ་བའོ། །དང་པོ་༼དེ་ཉིད་དང་གཞན་དུ་དཔྱད་པས་མེ་དང་བུད་ཤིང་གི་ངོ་བོ་དགག་པ་༽ནི།

གཉིས་པ་གཞན་ཡིན་པ་དགག་པ་ལ་གཉིས་ཏེ། མེ་བུད་ཤིང་ལ་མི་ལྟོས་པར་ཐལ་བས་དང༌། མི་ཕྲད་པར་ཐལ་བས་དགག་པའོ། །དང་༼མེ་བུད་ཤིང་ལ་མི་ལྟོས་པར་ཐལ་བས་༽པོ་ལའང་བུད་ཤིང་ལ་མ་ལྟོས་པའི་མེ་དམིགས་པར་ཐལ་བ་དང༌། རྒྱུ་མེད་ལ་སོགས་པར་ཐལ་བ་དང༌། དེ་གཉི་ག་མ་ངེས་པ་སྤང་བའོ། །དང་པོ་༼བུད་ཤིང་ལ་མ་ལྟོས་པའི་མེ་དམིགས་པར་ཐལ་བ་༽ནི།

གཉིས་པ་༼རྒྱུ་མེད་ལ་སོགས་པར་ཐལ་བ་༽ནི།

གསུམ་པ་ཐལ་བ་དེ་གཉི་ག་མ་ངེས་པ་སྤང་བ་ནི།

༼གཉིས་པ་མི་ཕྲད་པར་ཐལ་བས་དགག་པ་༽དེ་ལ་གཉིས་ལས།༼དང་པོ་༽ཐལ་བ་དགོད་པ་ནི།

གཉིས་པ་མ་ངེས་པ་སྤང་བ་ནི།

དེ་ཉིད་རྒྱས་པར་བཤད་པ་ནི།

གཉིས་པ་སྒྲུབ་བྱེད་དགག་པ་ལ་གཉིས་ལས། རེ་ཞིག་ལྟོས་པ་དགག་པ་ནི།

དེ་ལ་གསུམ་སྟེ། སྔ་ཕྱི་དང་དུས་མཉམ་པ་ལྟོས་པར་མི་འཐད་པ་དང༌། གྲུབ་པ་དང་མ་གྲུབ་པ་ལྟོས་པར་མི་འཐད་པ་དང༌། དོན་བསྡུ་བའོ། །དང་པོ་༼སྔ་ཕྱི་དང་དུས་མཉམ་པ་ལྟོས་པར་མི་འཐད་པ་༽ལ་གཉིས་ལས། རེ་ཞིག་སྔ་ཕྱི་བ་ལྟོས་པ་དགག་པ་ནི།

༼གཉིས་པ་༽དུས་མཉམ་པ་ལྟོས་པར་མི་འཐད་པ་ནི།

གཉིས་པ་༼གྲུབ་པ་དང་མ་གྲུབ་པ་ལྟོས་པར་མི་འཐད་པ་༽ནི།

གསུམ་པ་དོན་བསྡུ་བ་ནི།

གཉིས་པ་སྒྲུབ་བྱེད་མངོན་སུམ་དགག་པ་ནི།

གསུམ་པ་དོན་བསྡུ་བ་ནི།

གཉིས་པ་རིགས་པ་དེ་ཆོས་གཞན་ལ་བསྒྲེ་བ་ནི།

གསུམ་པ་བཀག་པའི་དོན་དུ་ལྟ་བ་སྨད་པ་ནི།

༼གསུམ་པ་དོན་བསྡུ་བ་ནི།༽

རབ་བྱེད་བཅུ་གཅིག་པ། སྔོན་དང་ཕྱི་མའི་མཐའ་བརྟག་པ།

སྔོན་དང་ཕྱི་མའི་མཐའ་བརྟག་པ་ལ་གསུམ་ལས། དང་པོ་འབྲེལ་དགོད་པ་ལ་ཟབ་མོ་མདོའི་འབྲེལ་ནི།

གཉིས་པ་གཞུང་བཤད་པ་ལ་གཉིས་ཏེ། འཁོར་བ་རང་བཞིན་དུ་ཡོད་པ་དགག་པ་དང༌། དེ་གཞན་ལ་སྦྱར་བའོ། །དང་པོ་ལ་འཁོར་བའི་ཐོག་མཐའ་དབུས་གསུམ་མེད་པས་དང༌། སྐྱེ་བ་དང་རྒ་ཤི་སྔ་ཕྱི་ལྷན་ཅིག་ཏུ་མ་གྲུབ་པས་དགག་པ་གཉིས་ལས། དང་པོ་༼འཁོར་བའི་ཐོག་མཐའ་དབུས་གསུམ་མེད་པས་དགག་པ་༽ནི།

གཉིས་པ་༼སྐྱེ་བ་དང་རྒ་ཤི་སྔ་ཕྱི་ལྷན་ཅིག་ཏུ་མ་གྲུབ་པས་དགག་པ་༽ལ། བསྟན་བཤད་བསྡུ་བ་གསུམ་ལས། དང་པོ་༼བསྟན་པ་༽ནི།

གཉིས་པ་༼བཤད་པ་༽ལ། རེ་ཞིག་སྔ་ཕྱིར་འབྱུང་བ་དགག་པ་ལ། ༼དང་པོ་༽སྐྱེ་བ་སྔ་བ་དགག་པ་ནི།

༼གཉིས་པ་༽རྒ་ཤི་སྔ་བ་དགག་པ་ནི།

༼གཉིས་པ་༽ལྷན་ཅིག་ཏུ་འབྱུང་བ་དགག་པ་ནི།

གསུམ་པ་དོན་བསྡུ་བ་ནི།

༼གཉིས་པ་༽དེ་ཆོས་གཞན་ལ་སྦྱར་བ་ནི།

༼གསུམ་པ་དོན་བསྡུ་བ་ནི།༽

རབ་བྱེད་བཅུ་གཉིས་པ། སྡུག་བསྔལ་བརྟག་པ།

སྡུག་བསྔལ་བརྟག་པ་ལའང་གསུམ་ལས། དང་པོ་འབྲེལ་དགོད་པ་ལ་ཟབ་མོ་མདོའི་འབྲེལ་ནི།

གཉིས་པ་གཞུང་བཤད་པ་ལ་གསུམ་སྟེ། རྟོག་གེ་པའི་འདོད་པ་དགོད་པ་དང༌། དེ་དགག་པ་དང༌། རིགས་པ་ཆོས་གཞན་ལ་སྦྱར་བའོ། །དང་པོ་༼རྟོག་གེ་པའི་འདོད་པ་དགོད་པ་༽ནི།

དེ་དགག་པ་ལ་གཉིས་ལས། ༼དང་པོ་༽དམ་བཅའ་མདོར་བསྟན་པ་ནི།

༼གཉིས་པ་༽དགག་པའི་རིགས་པ་བཤད་པ་ལ་གསུམ་སྟེ། རང་གཞན་སོ་སོ་ལས་སྐྱེ་བ་དགག་པ་དང༌། གཉི་གས་བྱས་པ་དགག་པ་དང༌། རྒྱུ་མེད་པ་དགག་པའོ། །དང་པོ་༼རང་གཞན་སོ་སོ་ལས་སྐྱེ་བ་དགག་པ་༽ལ་གསུམ་སྟེ། སྡུག་བསྔལ་ལ་ལྟོས་ཏེ་རང་དང་གཞན་གྱིས་བྱས་པ་དགག་པ་དང༌། གང་ཟག་ལ་ལྟོས་ཏེ་རང་དང་གཞན་གྱིས་བྱས་པ་དགག་པ་དང༌། རང་བྱས་མ་གྲུབ་པས་གཞན་བྱས་དགག་པའོ། །དང་པོ་ལ་གཉིས་ལས། ༼དང་པོ་༽སྡུག་བསྔལ་ལ་ལྟོས་ཏེ་རང་བྱས་དགག་པ་ནི།

༼གཉིས་པ་༽ཉེར་ལེན་ལ་ལྟོས་ཏེ་གཞན་བྱས་དགག་པ་ནི།

༼གཉིས་པ་༽གང་ཟག་ལ་ལྟོས་ཏེ་རང་གཞན་གྱིས་བྱས་པ་དགག་པ་ལ་གཉིས་ལས། ༼དང་པོ་༽གང་ཟག་རང་གིས་བྱས་པ་དགག་པ་ནི།

༼གཉིས་པ་༽དེ་དགག་པ་ལ་གཉིས་ལས། དང་པོ་ལེན་པ་པོ་མེད་པ་ནི།

གཉིས་པ་སྦྱིན་པ་པོ་མེད་པ་ནི།

གསུམ་པ་རང་བྱས་མ་གྲུབ་པས་གཞན་བྱས་དགག་པ་ལ་གཉིས་ལས། གང་ཟག་ལ་ལྟོས་ཏེ་རང་བྱས་མ་གྲུབ་པས་གཞན་བྱས་དགག་པ་ནི།

གཉིས་པ་ཉེར་ལེན་ལ་ལྟོས་ཏེ་རང་བྱས་མ་གྲུབ་པས་གཞན་བྱས་དགག་པ་ནི།

༼གཉིས་པ་༽གཉི་གས་བྱས་པ་དགག་པ་ནི།

གསུམ་པ་སྡུག་བསྔལ་རྒྱུ་མེད་དགག་པ་ནི།

༼གསུམ་པ་༽ཆོས་གཞན་ལ་བསྒྲེ་བ་ནི།

གསུམ་པ་དོན་བསྡུ་བ་ནི།

རབ་བྱེད་བཅུ་གསུམ་པ། འདུ་བྱེད་བརྟག་པ།

རེ་ཞིག་དངོས་པོའི་རང་བཞིན་གྱི་འགོག་པ་འདུ་བྱེད་བརྟག་པ་ལའང་གསུམ་ལས། དང་པོ་འབྲེལ་དགོད་པ་ལ་ཟབ་མོ་མདོའི་འབྲེལ་ནི།

གཉིས་པ་གཞུང་བཤད་པ་ལ་གཉིས་ཏེ། ལུང་ལས་རང་བཞིན་མེད་པར་གྲུབ་པ་དང༌། ལུང་གི་དོན་གཞན་དུ་རྟོག་པ་དགག་པའོ། །དང་པོ་༼ལུང་ལས་རང་བཞིན་མེད་པར་གྲུབ་པ་༽ནི།

གཉིས་པ་༼ལུང་གི་དོན་གཞན་དུ་རྟོག་པ་དགག་པ་ལ་༽གཉིས་ལས། ༼དང་པོ་༽ རེ་ཞིག་དངོས་མེད་ལུང་གི་དོན་མ་ཡིན་པ་ནི།

གཉིས་པ་མི་རྟག་པ་ལུང་གི་དོན་མ་ཡིན་པ་གཉིས་ལས། །༼དང་པོ་༽ཕྱོགས་སྔ་མ་དགོད་པ་ནི།

༼གཉིས་པ་༽དེ་སུན་དབྱུང་བ་ལ་གཉིས་ཏེ། ཆོས་ཙམ་རང་བཞིན་དུ་ཡོད་པའི་སྒྲུབ་བྱེད་གཞན་འགྱུར་མི་འཐད་པ་དང༌། སྟོང་ཉིད་མ་གྲུབ་པའོ། །དང་པོ་༼ཆོས་ཙམ་རང་བཞིན་དུ་ཡོད་པའི་སྒྲུབ་བྱེད་གཞན་འགྱུར་མི་འཐད་པ་༽ལའང་རང་བཞིན་གཞན་དུ་འགྱུར་བར་འགལ་བ་དང༌། ཡང་དག་པར་གཞན་འགྱུར་ཉིད་མ་གྲུབ་པ་གཉིས་ལས། དང་པོ༼རང་བཞིན་གཞན་དུ་འགྱུར་བར་འགལ་བ་༽ནི།

གཉིས་པ་༼ཡང་དག་པར་གཞན་འགྱུར་ཉིད་མ་གྲུབ་པ་༽ནི།

གཉིས་པ་སྟོང་ཉིད་མ་གྲུབ་པ་ལ། སྟོང་ཉིད་དཔྱད་བཟོད་དགག་པ་དང༌། བཀག་པ་ལ་ལུང་དང་འགལ་བ་སྤང་བ་གཉིས་ལས། དང་པོ་༼སྟོང་ཉིད་དཔྱད་བཟོད་དགག་པ་༽ནི།

གཉིས་པ་༼བཀག་པ་ལ་ལུང་དང་འགལ་བ་སྤང་བ་༽ནི།

༼གསུམ་པ་དོན་བསྡུ་བ་ནི།༽

རབ་བྱེད་བཅུ་བཞི་པ། ཕྲད་པ་བརྟག་པ།

ཕྲད་པ་བརྟག་པ་ལའང་གསུམ་ལས། དང་པོ་འབྲེལ་དགོད་པ་ལ་ཟབ་མོ་མདོའི་འབྲེལ་ནི།

༼གཉིས་པ་༽གཞུང་བཤད་པ་ལ་གསུམ་སྟེ། འདུ་བྱེད་རྣམས་ལ་ཕྲད་པ་མེད་པའི་དམ་བཅའ་བསྟན་པ་དང༌། འཐད་པས་བཤད་པ་དང༌། སྐབས་དོན་བསྡུ་བའོ། །དང་པོ་༼འདུ་བྱེད་རྣམས་ལ་ཕྲད་པ་མེད་པའི་དམ་བཅའ་བསྟན་པ་༽ནི།

གཉིས་པ་༼འཐད་པས་བཤད་པ་༽ལ། གཞན་དུ་མ་གྲུབ་པས་ཕྲད་པ་མེད་པ་དང༌། དེ་ཉིད་དང་གཞན་ལ་ཕྲད་པ་མི་འཐད་པ་གཉིས་ལས། དང་པོ་༼གཞན་དུ་མ་གྲུབ་པས་ཕྲད་པ་མེད་པ་༽ལ་གསུམ་སྟེ། ལྡོག་ཁྱབ་བསྟན་པས་རྟགས་དགོད་པ་དང༌། དེ་ཆོས་ཐམས་ཅད་ལ་སྦྱར་བ་དང༌། རྟགས་བསྒྲུབ་པའོ། །དང་པོ་༼ལྡོག་ཁྱབ་བསྟན་པས་རྟགས་དགོད་པ་༽ནི།

གཉིས་པ་༼དེ་ཆོས་ཐམས་ཅད་ལ་སྦྱར་བ་༽ནི།

གསུམ་པ་༼རྟགས་བསྒྲུབ་པ་༽ལ། ལྟོས་པས་གཞན་དུ་མི་འཐད་པ་དང༌། གཞན་ཉིད་ཀྱི་སྤྱི་མ་གྲུབ་པ་དང༌། ཞེས་གྲུབ་པའི་དོན་བསྡུ་བ་གསུམ་ལས། དང་པོ་༼ལྟོས་པས་གཞན་དུ་མི་འཐད་པ་༽ནི།

གཉིས་པ་༼གཞན་ཉིད་ཀྱི་སྤྱི་མ་གྲུབ་པ་༽ནི།

གསུམ་པ་༼གྲུབ་པའི་དོན་བསྡུ་བ་༽ནི།

གཉིས་པ་དེ་ཉིད་དང་གཞན་ལ་ཕྲད་པ་མི་འཐད་པས་དགག་པ་ནི།

གསུམ་པ་སྐབས་དོན་བསྡུ་བ་ནི།

༼གསུམ་པ་དོན་བསྡུ་བ་ནི།་༽

དེབ་ཕྲེང་འདི་ཡི་ཁོངས་གཏོགས་འཕྲུལ་དེབ་གཞན།