ངེས་ཤེས་རིན་པོ་ཆེའི་སྒྲོན་མེའི་ཚིག་གི་དོན་གསལ་བའི་འགྲེལ་ཆུང་བློ་གྲོས་སྣང་བའི་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ།།

Unlocking the Light of Intellegence: A Short Commentary on Mipham's Beacon of Certainty

ཀུན་མཁྱེན་མི་ཕམ་རྒྱ་མཚོས་ཟབ་མོའི་དོན་དང་འབྲེལ་བའི་དཀའ་གནད་ཀྱི་དྲི་བ་བདུན་ལ་ལུང་རིག་རྣམ་དག་གི་དགག་ལན་ཚིགས་སུ་བཅད་པ་ངེས་ཤེས་སྒྲོན་མེ་ཞེས་བྱ་བའི་བསྟན་བཅོས་མཛད་པ་ལ། འདིར་མཁན་པོ་ཀུན་བཟང་དཔལ་ལྡན་ཞབས་ཀྱིས་རྒྱས་སྤྲོས་དང་ཚིག་གི་སྡེབས་སྦྱོར་བསྐྱུངས་ནས་ལས་དང་པོ་པ་ཤེས་བརྩོན་ཞན་པའི་རིགས་ལ་བློ་གྲོས་ཀྱི་སྣང་བའི་སྒོ་འབྱེད་པའི་ཕྱིར་ཚིག་དོན་གསལ་བའི་འབྲུ་འགྲེལ་གོ་ཅི་བདེར་མཛད་པའོ།།

དཀར་ཆག་མེད།

ཐོག་མར་དགེ་བ་ཀླད་ཀྱི་དོན། བར་དུ་དགེ་བ་གཞུང་གི་དོན། ཐ་མར་དགེ་བ་མཇུག་གི་དོན་ནོ། །དང་པོ་༼ཐོག་མར་དགེ་བ་ཀླད་ཀྱི་དོན༽ལ་གཉིས༑ མཚན་བསྟན་པ་དང༌། མཆོད་པར་བརྗོད་པའོ། །དང་པོ།

གཉིས་པ་བར་དུ་དགེ་བ་གཞུང་དོན་ལ་བཞི། གླེང་གཞིའི་སྒོ་ནས་མདོར་བསྟན་པ། སོ་སོར་ཕྱེ་སྟེ་རྒྱས་པར་བཤད་པ། ཡི་རངས་ཀྱིས་བསྔགས་པ་བརྗོད་ཅིང་དོན་བསྡུས་ཏེ་གདམས་པ། ཇི་ལྟར་བསྟན་པའི་དོན་བསྡུ་བའོ༑ །དང་པོ་༼གླེང་གཞིའི་སྒོ་ནས་མདོར་བསྟན་པ༽ལ་བཞི། ཚད་མ་གཉིས་དང་བྲལ་བའི་སྐྱོན། ལམ་ཡང་དག་དང་དེའི་གཟུགས་བརྙན་གྱི་ཁྱད་པར༑ ལམ་ཡང་དག་དང་དེར་ཞུགས་པ་ལ་བསྔགས་པ། དྲི་ལན་ཚུལ་གྱིས་ཇི་ལྟར་བསྟན་ཚུལ་བཤད་པའོ། །དང་པོ།

༈ གཉིས་པ་སོ་སོར་ཕྱེ་སྟེ་རྒྱས་པར་བཤད་པ་ལ་དྲི་ལན་མདོར་བསྟན་པ་ལྟར་བདུན་ལས། དྲི་ལན་དང་པོ་ལྟ་བ་མཐར་ཐུག་མེད་དགག་དང་མ་ཡིན་དགག་ཏུ་འདོད་པ་གང་འཐད་བསྟན་པ་ལ་་་་་གཉིས། གཞན་ལུགས་བརྗོད་ཅིང་རང་ལུགས་བཞག་པ་མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། དང་པོ།

གཉིས་པ་ལ་གཉིས། མི་འཐད་པ་གཞན་ལུགས་དགག་པ། འཐད་ལྡན་རང་ལུགས་༼༩བ༽བཞག་པའོ། །དང་པོ་ལ་གཉིས། གཞན་གྱི་མེད་དགག་ཀྱང་མ་ཡིན་དགག་ཏུ་འགྱུར་ཞིང་ཚིག་དང་དོན་གྱི་གཞན་སྟོང་ལ་ཟུང་འཇུག་མི་རུང་བར་མདོར་བསྟན་པ་དང༌། དེ་རྒྱས་པར་བཤད་པའོ། །དང་པོ།

གཉིས་པ་ལ་གཉིས། ལུང་༼༡༡ན༽རིགས་ཁས་བླང་དང་འགལ་པ། ཟུང་འཇུག་སོགས་མི་རུང་བར་བསྟན་པའོ༑ །དང་པོ།

གཉིས་པ་འཐད་ལྡན་རང་ལུགས་བཞག་པ་ནི།

༈ དྲི་ལན་གཉིས་པ་ཉན་རང་དགྲ་བཅོམ་པས་༼༡༧བ༽ཆོས་ཀྱི་བདག་མེད་རྟོགས་པའམ་མ་རྟོགས་པ་གང་འཐད་ལ་གསུམ། མི་འཐད་པ་དགག་པ། འཐད་ལྡན་རང་ལུགས་བཞག་པ། དེས་ན་བྱམས་ཀླུ་དགོངས་པ་གཅིག་ཏུ་བསྟན་པའོ། །དང་པོ།

གཉིས་པ་ལ་གསུམ། དཔལ་ལྡན་ཟླ་བས་ཇི་ལྟར་བསྟན་ཚུལ། རང་ལུགས་ཀློང་ཆེན་ཞབས་ཀྱིས་དེ་ལྟར་བཞེད་ཚུལ༑ དེ་ལ་དོགས་པ་བསལ་ཏེ་མཐར་ཐུག་ཆོས་ཀྱི་བདག་མེད་ངེས་པར་རྟོགས་དགོས་ཚུལ་བསྟན་པའོ། །དང་པོ༑

གསུམ་པ་ལ་གསུམ། སྤྱིར་བསྟན་པ་དང༌། བྱེ་བྲག་ལུང་དོན་ལེགས་པར་བཀྲལ་ཏེ་འཁྲུལ་པ་བསལ་བ། དེ་ཁོ་ན་ཉིད་མཐོང་བས་ཐེག་གཅིག་འགྲུབ་ཚུལ་གསུངས་པ་གཞན་ལ་མི་འཐད་ཅིང་རང་ལ་འཐད་ཚུལ་བསྟན་པའོ། །དང་པོ།

༈ དྲི་ལན་གསུམ་པ་མཉམ་བཞག་འཛིན་སྟངས་ཡོད་མེད་གང་འཐད་ལ་གཉིས་ཀའང་ལེགས་པར་ཕྱེ་སྟེ་བསྟན་པ་ལ་བཞི། ཅིར་ཡང་མི་འཛིན་པ་དང༌། བདག་མེད་དུ་འཛིན་པ་དང༌། ལོག་རྟོག་བླུན་སྒོམ་དང་ཡང་དག་པའི་སྒོམ་གྱི་ཁྱད་པར་དང༌། བསྒོམ་པའི་སྟོབས་ཀྱིས་འཛིན་སྟངས་ཀུན་གཞིག་དགོས་ཚུལ་ལོ། །དང་པོ་༼ཅིར་ཡང་མི་འཛིན་པ་༽ལ་གཉིས། ལེགས་པར་རྟོགས་པ་དང་ལོག་པར་རྟོག་པ་གཉིས་ཡོད་པ་མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ༑

གཉིས་པ་ལ་གཉིས། དང་པོའི་ལས་ཅན་རིམ་གྱིས་པའི་བསྒོམ་ཚུལ་སྤྱིར་བསྟན་པ་དང༌། ཐོས་བསམ་ལྟ་བའི་ལུགས་ཀྱི་བསྒོམ་ཚུལ་བྱེ་བྲག་ཏུ་བསྟན་པའོ། །དང་པོ་ལ་གསུམ། བདག་མེད་གཉིས་ཡང་དག་པར་ཤེས་པའི་འཛིན་སྟངས་དགོས་ཚུལ། མེད་འཛིན་དེ་ཡང་ཕྱི་ནས་སྤང་དགོས་ཚུལ། དངོས་གཞི་འཛིན་སྟངས་ཀུན་བྲལ་དུ་བསྟན་པའོ། །དང་པོ།

༈ དྲི་ལན་བཞི་པ་བསྒོམ་པ་དཔྱད་འཇོག་གང་འཐད་ལ་གསུམ། གཞན་ལུགས་བརྗོད་པ་དང༌། རང་ལུགས་སོ་སོར་ཕྱེ་སྟེ་བསྟན་པ། དོན་བསྡུ་བའོ། །དང་པོ།

གཉིས་པ་༼རང་ལུགས་སོ་སོར་ཕྱེ་སྟེ་བསྟན་པ༽ལ་གསུམ། སྤྱིར་བསྟན་པ་དང༌། རིམ་པས་བྱེ་བྲག་ཏུ་བསྟན་པ། དེ་ལ་ལོག་རྟོག་བསལ་ཏེ་ལམ་མཆོག་ཏུ་བསྒྲུབ་པའོ། །དང་པོ།

གསུམ་པ་ལ་ལྔ། ལོག་རྟོག་བསལ་ཏེ་དཔྱོད་ཤེས་ཀྱི་འཛིན་སྟངས་ཀུན་དང་བྲལ་བའི་མཉམ་བཞག་ཡེ་ཤེས་ཉིད་ཐེག་ཆེན་ལམ་གྱི་དངོས་གཞི་ཐེག་པ་དང་ཆེན་པོའང་ཡིན་པར་བསྟན་པ། ཚུལ་དེས་ཨ་ཏི་ཡོ་ག་རྒྱུད་ཀྱི་མཐར་ཐུག་དང་ཐེག་པའི་རྩེ་མོར་བསྟན་པ། དེ་ཉིད་གཏན་ལ་འབབ་པར་བྱེད་པ་གང་ཞིག་གཞན་ལས་མཆོག་ཏུ་བསྟན་པ། མདོ་རྒྱུད་མན་ངག་གི་བསྟན་དོན་མཐར་ཐུག་ཐམས་ཅད་འོད་གསལ་རྫོགས་པ་ཆེན་པོར་དབྱེ་བ་མེད་ཅིང་དེ་ཉིད་ཀུན་གྱི་འབྱུང་གནས་སུ་བསྟན་པ། ཡེ་ཤེས་དེ་ཉིད་སོ་སོའི་སྐྱེ་བོས་རྗེས་མཐུན་པ་བསྒོམ་དུ་ཡོད་ཚུལ་བསྟན་པའོ། །དང་པོ།

༈ དྲི་ལན་ལྔ་པ་བདེན་པ་གཉིས་ལས་གང་གཙོ་ལ་གཉིས། །གཞན་ལུགས་དགག །རང་ལུགས་བཞག་པའོ༑ །དང་པོ།

གཉིས་པ་རང་ལུགས་བཞག་པ་ལ་བཞི། བདེན་གཉིས་ཟུང་འཇུག་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བ་མདོ་རྒྱུད་མན་ངག་ཟབ་མོའི་ལམ་ཀུན་གྱི་དགོངས་པ་འཁྲུལ་མེད་ཡིན་པར་བསྟན་པ། ཚུལ་དེ་ཉིད་རྟོགས་པའི་གནད་ལས་རྒྱུད་སྡེའི་དབྱེ་བ་བསྟན་པ། དེ་ལ་ལོག་རྟོག་བསལ་བ། དོན་བསྡུ་བའོ། །དང་པོ།

གསུམ་པ་དེ་ལ་ལོག་རྟོག་བསལ་བ་ལ་གསུམ། འཁོར་བའི་རང་བཞིན་མ་དག་པར་འདོད་པའི་ལོག་རྟོག་བསལ་བ༑ རྒྱུད་སྡེ་ལ་ལྟ་བའི་མཐོ་དམན་མེད་པར་འདོད་པའི་ལོག་རྟོགས་བསལ་བ། ལྟ་བའི་དབང་གིས་ཐེག་དགུར་འཇོག་པའི་རྒྱུ་མཚན་བསྟན་པའོ། །དང་པོ།

གཉིས་པ།

གསུམ་པ།༼༥༣བ༽

བཞི་པ་དོན་བསྡུ་བ་ནི།

༈ དྲི་ལན་དྲུག་པ་སྣང་བ་གཅིག་ཉིད་མི་གཅིག་པར་མཐོང་བའི་ཐུན་མོང་གི་བལྟ་བྱ་གང་འཐད་ལ་གཉིས། མི་འཐད་པ་གཞན་ལུགས་སོ་སོར་དགག །འཐད་ལྡན་རང་ལུགས་བཞག་པའོ། །དང་པོ།

གཉིས་པ་ལ་གསུམ། ཐུན་མོང་དུ་སྤྱིར་བསྟན་པ། དག་མཉམ་དབྱེར་མེད་ཆེན་པོར་བྱེ་བྲག་ཏུ་བསྟན་པ། བསམ་གྱིས་མི་ཁྱབ་པའི་སྒོ་ནས་དོན་བསྡུ་བའོ། །དང་པོ་ལ་གཉིས། སྣང་སྟོང་ཟུང་འཇུག་མཉམ་པ་ཉིད་དུ་བསྟན་པ་དང༌། དེ་ལ་ཚད་མ་དང་ཚད་མིན་མི་འཐད་པའི་རྩོད་པ་སྤང་བའོ། །དང་པོ།

གཉིས་པ་ལ་གསུམ། རང་ལུགས་ལ་མངོན་རྗེས་ཀྱི་ཚད་མ་གྲུབ་ཅིང་དོན་མེད་མ་ཡིན་པར་བསྟན་པ། གཞན་ལ་ཚད་མའི་རྣམ་བཞག་མི་འཐད་པར་བསྟན་པ། དེ་ཕྱིར་ཚད་མར་བསྒྲུབ་པའོ། །དང་པོ།

གསུམ་པ་ལ་གསུམ། གནས་སྐབས་གཉིས་སུ་བཞག་པ། མཐར་ཐུག་གཅིག་ཏུ་བསྒྲུབ་པ། དེ་ཕྱིར་དག་པ་ཆེན་པོར་༼༥༨བ༽བསྒྲུབ་པ་ཐུན་མོང་མིན་པའོ། །དང་པོ་ལ་གཉིས། མ་དག་ཚུར་རོལ་མཐོང་བའི་ཐ་སྙད་ཚད་མ དག་པའི་གཟིགས་པ་ལ་བརྟེན་པའི་ཐ་སྙད

གཉིས་པ་མཐར་ཐུག་གཅིག་ཏུ་བསྒྲུབ་པ་ནི།

གསུམ་པ་དེ་ཕྱིར་དག་པ་ཆེན་པོར་བསྒྲུབ་པ་ཐུན་མོང་མ་ཡིན་པ་ནི།

གཉིས་པ་དག་མཉམ་དབྱེར་མེད་ཆེན་པོར་བྱེ་བྲག་ཏུ་བསྟན་པ་ལ་གསུམ། ཐུན་མོང་གི་བལྟ་བྱ་སྣང་སྟོང་རེ་རེས་མི་རུང་བར་བསྟན་པ། ཟུང་འཇུག་དག་མཉམ་བདེན་པ་དབྱེར་མེད་དུ་བསྟན་པ། དག་མཉམ་ཆེན་པོར་གྲུབ་པའི་ཚུལ་དང་ངེས་པའི་ཡོན་ཏན་ནོ། །དང་པོ།

གཉིས་པ་ལ་གསུམ། གཞི་གནས་ཚུལ་སྣང་ཚུལ་སྣང་སྟོང་ཟུང་འཇུག་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བ་མཐར་ཐུག་པ་གནས་སྣང་རྣམ་ཀུན་མཐུན་པའི་དག་མཉམ་བདེན་པ་དབྱེར་མེད་དུ་བསྟན་པ། ལམ་སྣང་ཚུལ་དག་དང་མ་དག་པར་གནས་སྣང་མི་མཐུན་པར་སྣ་ཚོགས་སུ་སྣང་ཚུལ། དེ་ལྟར་མ་རྟོགས་པ་དང་རྟོགས་པའི་སྐྱོན་ཡོན་འབྲས་བུ་བསྟན་པའོ། །དང་པོ་ལ་གསུམ། དོན་དམ་དུ་མཉམ་པ་ཆེན་པོར་བསྟན་པ་དང༌། ཀུན་རྫོབ་ཏུ་དག་པ་ཆེན་པོར་བསྒྲུབ་པ་དང༌། མཐར་ཐུག་དབྱིངས་ཡེ་བདེན་པ་དབྱེར་མེད་ཟུང་འཇུག་ཏུ་བསྟན་པའོ། །དང་པོ།

གཉིས་པ་ས་ལམ་སྣང་ཚུལ་དག་དང་མ་དག་པར་གནས་སྣང་མི་མཐུན་པར་སྣ་ཚོགས་སུ་སྣང་ཚུལ་ནི།

གསུམ་པ་དེ་ལྟར་མ་རྟོགས་པ་དང་རྟོགས་པའི་སྐྱོན་ཡོན་འབྲས་བུ་བསྟན་པ་ནི།

གསུམ་པ་དག་མཉམ་༼༦༥བ༽ཆེན་པོར་གྲུབ་པའི་ཚུལ་དང་ངེས་པའི་ཡོན་ཏན་ནི།

གསུམ་པ་བསམ་གྱིས་མི་ཁྱབ་པར་བསྟན་ཅིང་དོན་བསྡུ་བ་ནི།

༈ དྲི་ལན་བདུན་པ་སྤྲོས་བྲལ་དབུ་མ་ཆེན་པོ་ལ་ཁས་ལེན་ཡོད་མེད་གང་འཐད་ལ་བཞི། ཁས་ལེན་མེད་པའི་ལུགས་དགག་པ། ཁས་ལེན་ཡོད་མེད་སོ་སོར་ཕྱེ་བའི་ཀློང་ཆེན་ཞབས་ཀྱིས་བཞེད་པ་དགོད་པ། དེར་བརྟེན་ཁས་ལེན་ཡོད་པའི་ཕྱོགས་ཆེས་ཆེར་བསྒྲུབ་པའི་གཞན་ལུགས་དགག་པ། ཀློང་ཆེན་ཞབས་ཀྱི་རྗེས་སུ་འབྲང་སྟེ་རང་ལུགས་རྒྱས་པར་བསྟན་པའོ། །དང་པོ།

བཞི་པ་ལ་གསུམ། རང་ལུགས་ལ་སོ་སོར་ཕྱེ་སྟེ་བཞག་པ། དེ་ལ་རྩོད་པ་སྤོང་བ། ཚུལ་དེས་མདོ་སྔགས་ཀྱི་ལམ་གནད་བསྟན་པའོ། །དང་པོ་ལ་གསུམ། མཉམ་རྗེས་སམ་རྒྱུ་འབྲས་ཀྱི་དབུ་མ་གཉིས་སུ་བསྟན་པ། དེས་ན་གནས་ལུགས་དབུ་མ་ཆེན་པོའི་ངོར་ཁས་ལེན་མེད་པར་བསྟན་པ། སྣང་ཚུལ་ལ་ཐ་སྙད་བདེན་གཉིས་སོ་སོར་ཁས་ལེན་ཡོད་པར་བསྟན་པའོ། །དང་པོ།

གཉིས་པ་ལ་བཞི། རང་ལ་མཚུངས་པའི་རྩོད་སྤང༌། གཉིས་ཀ་སྟོབས་མཚུངས་ལྡན་པའི་རྩོད་སྤང༌། བདེན་པ་གཉིས་སུ་ཕྱེ་སྟེ་ཁས་ལེན་དང་བཅས་པ་བསྟན་པའི་དགོས་འབྲས་བསྟན་པ། རྒྱུའམ་ལམ་གྱི་དབུ་མའི་ཁས་ལེན་དེ་ཡང་དོན་དམ་རང་ལུགས་སུ་བྱས་ནས་ཀུན་རྫོབ་གཞན་ངོར་སྐྱེལ་ན་ལུང་རིགས་ཀྱིས་གནོད་ཚུལ་བསྟན་པའོ། །དང་པོ་ལ་གསུམ། རྩོད་པ་དགོད་པ། དེ་སྤང་བ། ལུང་ནས་དགག་སྒྲུབ་ཇི་སྙེད་པ་བསྟན་ཚུལ་གྱི་སྒོ་ནས་མི་འགལ་བར་དོན་བསྡུ་བའོ། །དང་པོ།

གཉིས་པ་རྩོད་པ་དེ་སྤང་བ་ལ་གསུམ། རྣམ་༼༧༣ན༽ཤེས་དང་ཡེ་ཤེས་སམ་མཉམ་རྗེས་སམ་གནས་སྣང་གི་སྐབས་ཀྱི་ཁྱད་པར་ཕྱེས་ཏེ་བསྟན་པས་གཤིས་ལ་ཁས་ལེན་མེད་པའི་ཕྱིར་ན་སྣང་་་་ཚུལ་ལ་ཡོད་མེད་ཀྱི་ཁས་ལེན་གཉིས་ཡོད་ཀྱང་དཔྱད་བཟོད་ལ་སོགས་པའི་སྐྱོན་རང་ལ་མེད་པར་་་བསྟན་པ་དང༌། ཚུལ་དེས་ལོག་རྟོག་གཞན་ཡང་ཁེགས་པར་བསྟན་པ། རང་ལ་བདེན་གཉིས་ཁས་ལེན་ནང་འགལ་གྱི་སྐྱོན་མེད་པར་བསྟན་པའོ། །དང་པོ།

གཉིས་པ་ཚུལ་དེས་ལོག་རྟོག་གཞན་ཁེགས་པར་བསྟན་པ།

གསུམ་པ་རང་ལ་༼༧༦ན༽བདེན་གཉིས་ཁས་ལེན་ནང་འགལ་གྱི་སྐྱོན་མེད་པར་བསྟན་པ།

གསུམ་པ་ལུང་ལས་དགག་སྒྲུབ་ཇི་སྙེད་བསྟན་ཚུལ་གྱི་སྒོ་ནས་མི་འགལ་བར་དོན་བསྡུ་བ་ནི།

གཉིས་པ་གཉིས་ཀ་སྟོབས་མཚུངས་བདེན་པའི་རྩོད་སྤང་ནི།

གསུམ་པ་བདེན་པ་གཉིས་སུ་ཕྱེ་སྟེ་ཁས་ལེན་དང་བཅས་པ་བསྟན་པའི་དགོས་འབྲས་བསྟན་པ་ནི།

བཞི་པ་རྒྱུའམ་ལམ་གྱི་དབུ་མའི་ཁས་ལེན་དེ་ཡང་དོན་དམ་རང་ལུགས་སུ་བྱས་ནས་ཀུན་རྫོབ་གཞན་ངོར་སྐྱེལ་ནས་ལུང་རིགས་༼༨༡ན༽ཀྱིས་གནོད་ཚུལ་བསྟན་པ་ནི།

གསུམ་པ་དེས་མདོ་སྔགས་ཀྱི་ལམ་གནད་བསྟན་པ་ལ་གསུམ། མདོ་སྔགས་ཀྱི་ལམ་གནད་ཐུན་མོང་དུ་སྤྱིར་བསྟན་པ། མདོ་སྔགས་ཀྱི་ལམ་གནད་དང་ལྟ་བའི་ཁྱད་པར་བྱེ་བྲག་ཏུ་བསྟན་པ། ཚུལ་དེས་གཞན་ཡང་མཚོན་ཚུལ་བསྟན་པའོ། །དང་པོ་ལ་གསུམ། མདོར་བསྟན་པ། རྒྱས་པར་བཤད་པ། དོན་བསྡུ་བའོ། དང་པོ།

གསུམ་པ་ཚུལ་དེས་གཞན་ཡང་མཚོན་པའི་ཚུལ་བསྟན་པ་ནི།

གསུམ་པ་ཡི་རངས་ཤིང་བསྡུས་ཏེ་གདམས་པ་ལ་གསུམ། ཡི་རངས་ཤིང་གུས་པས་བསྟོད་ཅིང་ངོ་མཚར་ཆོས་ཀྱི་སྒྲོན་མེ་གཞན་ལ་གསལ་བར་མཛད་པར་བསྐུལ་ཞིང་གསོལ་བ་གདབ་པ། ཆོས་ཕྱོགས་འཛིན་ཅིང་ཤོང་བའི་སྣོད་བསྟན་པ། བསྡུས་ཏེ་སྙིང་པོའི་གདམས་པ་དངོས་སོ། །དང་པོ།

གསུམ་པ་བསྡུས་ཏེ་སྙིང་པོའི་གདམས་པ་དངོས་ནི།

བཞི་པ་ཇི་ལྟར་བསྟན་པའི་དོན་བསྡུ་བ་ནི།

གསུམ་པ་ཐ་མར་དགེ་བ་མཇུག་གི་དོན་ལ་གསུམ། ལྷག་བསམ་ཤེས་རབ་ཀྱིས་གོ་ཕྱེས་པ་དང༌། གཞན་ཕན་སྙིང་རྗེས་ཇི་ལྟར་བརྩམ་པའི་མཛད་བྱང་དང༌། ཚུལ་འདིར་བརྟེན་ན་ཐེག་པ་མཆོག་གི་ལམ་བཟང་རྙེད་པས་བརྟེན་པར་གདམས་པའོ། །དང་པོ།

དེབ་ཕྲེང་འདི་ཡི་ཁོངས་གཏོགས་འཕྲུལ་དེབ་གཞན།