གྲུབ་ཆེན་ས་ར་ཧའི་དོ་ཧ་སྐོར་གསུམ་གྱི་བོད་འགྲེལ་གྲགས་ཆེ་བ་གསུམ་ཕྱོགས་སྒྲིག

Three Highly Regarded Commentaries on the Three Cycles of Saraha’s Spiritual Songs

བོད་གངས་ཅན་གྱི་ལྗོངས་འདིར་བལ་པོ་ཨ་སུ་ལས་མཆེད་པའི་དོ་ཧ་བལ་ལུགས་དང་། རྗེ་རས་ཆུང་པས་བལ་བོ་ཨ་སུ་དང་ཏི་ཕུ་པ་ལས་གསན་ནས་རིམ་པར་བརྒྱུད་པའི་དོ་ཧ་རས་ཆུང་ལུགས་དང་། མངའ་རིས་ཇོ་སྟན་གྱིས་གསན་ནས་གྲུ་ཤུལ་བ་ལས་བརྒྱུད་དེ་རྗེ་སྤར་ཕུ་བ་བློ་གྲོས་སེང་གེ་ལས་འབྱུང་བའི་དོ་ཧ་སྤར་ལུགས་དང་བཅས་བརྒྱུད་པ་དྲི་མ་མེད་པ་གསུམ་བཞུགས་ཤིང་། བརྒྱུད་པ་དེ་དག་དང་འབྲེལ་བའི་བོད་ཀྱི་རྣལ་འབྱོར་གྱི་དབང་ཕྱུག་རྣམས་ཀྱིས་རྒྱལ་བཙུན་དམངས་དོ་གསུམ་གྱི་འགྲེལ་པ་དང་ས་བཅད་རྒྱས་བསྡུས་དུ་མ་ཞིག་མཛད་པ་ལས། འདིར་རྗེ་ཀརྨ་འཕྲིན་ལས་པས་ཀརྨ་པ་ཆོས་གྲགས་རྒྱ་མཚོ་ལས་གསན་ནས་དོ་ཧ་སྐོར་གསུམ་གྱི་འགྲེལ་པ་རྒྱས་འབྲིང་བསྡུས་གསུམ་མཛད་པ་ལས། འདི་ནི་ཚིག་དོན་རྒྱས་བསྡུས་རན་པ་འབྲིང་པོའི་ཚུལ་དུ་མཛད་པའོ།།

ས་བཅད་མེད།

དེབ་ཕྲེང་འདི་ཡི་ཁོངས་གཏོགས་འཕྲུལ་དེབ་གཞན།