དཀར་ཆག་མེད།
གཉིས་པ་བར་དུ་དགེ་བ་གཞུང་གི་དོན་ལ། འཇུག་པའི་སྤྱོད་པ་བྱང་ཆུབ་ཏུ་སེམས་བསྐྱེད་པ། སྒྲུབ་པའི་སྤྱོད་པ་ཕར་ཕྱིན་ལ་སྤྱོད་པ། འགྲུབ་པའི་སྤྱོད་པ་སངས་རྒྱས་པ་བཤད་པ་གསུམ་ལས། དང་པོ་༼འཇུག་པའི་སྤྱོད་པ་བྱང་ཆུབ་ཏུ་སེམས་བསྐྱེད་པ་༽ལ་སྐལ་བ་དང་ལྡན་པའི་གཞི་རིགས་དང་ལྡན་པའི་རྟེན། སྤྱོད་པ་ལ་སྦྱོར་བའི་གཞི་བྱང་ཆུབ་ཏུ་སེམས་བསྐྱེད་པ། བྱང་ཆུབ་ཆེན་པོ་འགྲུབ་པའི་གཞི་བསླབ་པ་རྗེས་སུ་བསྒྲུབ་པ་གསུམ་ལས། དང་པོ་༼སྐལ་བ་དང་ལྡན་པའི་གཞི་རིགས་དང་ལྡན་པའི་རྟེན་༽ནི།
གཉིས་པ་སྤྱོད་པ་ལ་སྦྱོར་བའི་གཞི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ༑ སྤྲོ་བ་བསྐྱེད་པའི་ཕྱིར་ཕན་ཡོན་བསྟན་པའི་ལེའུ། སྦྱོར་བ་གཙོ་ཆེ་བ་སྡིག་པ་བཤགས་པའི་ལེའུ། དངོས་གཞི་གཙོ་ཆེ་བ་ཡོངས་སུ་གཟུང་བའི་ལེའུ་གསུམ་ལས། དང་པོ་༼སྤྲོ་བ་བསྐྱེད་པའི་ཕྱིར་ཕན་ཡོན་བསྟན་པའི་ལེའུ༽ལ། བྱང་ཆུབ་ཀྱི་སེམས་ཐུན་མོང་གི་ཕན་ཡོན། བྱང་ཆུབ་སེམས་ཀྱི་རབ་དབྱེ། དེ་གཉིས་སོ་སོའི་ཕན་ཡོན་གསུམ་ལས། དང་པོ་༼བྱང་ཆུབ་ཀྱི་སེམས་ཐུན་མོང་གི་ཕན་ཡོན༽ནི།
གཉིས་པ་བྱང་ཆུབ་སེམས་དེའི་རབ་དབྱེ་ནི།
གསུམ་པ་བྱང་ཆུབ་སེམས་སོ་སོའི་ཕན་ཡོན་ནི།
གང་གི་མཆོད་པའི་རྫས་ནི། ཡོངས་སུ་གཟུང་བ་མེད་པའི་མཆོད་པ་དང༌། ལུས་འབུལ་བ་དང༌། བློས་སྤྲུལ་པ་དང༌། བསྟོད་དབྱངས་སྙན་པའི་དང༌། སྒྲུབ་པ་བླ་ན་མེད་པའི་མཆོད་པ་ལྔ་ལས།
གཉིས་པ་ལུས་འབུལ་བའི་མཆོད་པ་ནི།
གསུམ་པ་ཡིད་ཀྱིས་སྤྲུལ་པའི་མཆོད་པ་ནི།
བཞི་པ་བསྟོད་དབྱངས་སྙན་པའི་མཆོད་པ་ནི།
ལྔ་པ་སྒྲུབ་པ་བླ་ན་མེད་པའི་མཆོད་པ་ནི།
གཉིས་པ་རིགས་སད་པའི་གཞི་སྐྱབས་སུ་འགྲོ་བ་ལ། སྔོན་དུ་འགྲོ་བ་ཕྱག །གཞན་རྒྱུད་ལ་གྲུབ་ཟིན་གྱི་དཀོན་མཆོག་གསུམ་རྟེན་དུ་ཁས་ལེན་པ་རྒྱུའི་སྐྱབས་འགྲོ། རང་རྒྱུད་ལ་འབྱུང་འགྱུར་གྱི་དཀོན་མཆོག་གསུམ་འབྲས་བུར་ཁས་ལེན་པ་འབྲས་བུའི་སྐྱབས་འགྲོ་གསུམ་ལས། དང་པོ་༼སྔོན་དུ་འགྲོ་བ་ཕྱག་༽ནི།
གཉིས་པ་གཞན་རྒྱུད་ལ་གྲུབ་ཟིན་པའི་དཀོན་མཆོག་གསུམ་རྟེན་དུ་ཁས་ལེན་པ་རྒྱུའི་སྐྱབས་འགྲོ་ནི།
གསུམ་པ་རང་རྒྱུད་ལ་འབྱུང་འགྱུར་གྱི་དཀོན་མཆོག་གསུམ་འབྲས་བུར་ཁས་ལེན་པ་འབྲས་བུའི་སྐྱབས་འགྲོ་ནི།
གསུམ་པ་སྡིག་པ་སྦྱང་བའི་གཞི་བཤགས་པ་ལ། གང་ལ་བཤགས་པའི་ཡུལ། གང་གིས་བཤགས་པའི་སྤྱོད་ལམ། ཇི་ལྟར་བཤགས་པའི་ཚུལ་གསུམ་ལས། དང་པོ་༼གང་ལ་བཤགས་པའི་ཡུལ་༽ནི།
གཉིས་པ་གང་གིས་བཤགས་པའི་སྤྱོད་ལམ་ནི།
གསུམ་པ་ཇི་ལྟར་བཤགས་པ་ལ། མདོར་བསྟན། སྟོབས་སྔ་མ་གསུམ་རྒྱས་པར་བཤད། ཕྱི་མ་མདོ་ཙམ་གྱིས་བཤད་པ་གསུམ་ལས། དང་པོ་༼མདོར་བསྟན་༽ནི།
གཉིས་པ་སྟོབས་སྔ་མ་གསུམ་རྒྱས་པར་བཤད་པ་ལ། རྣམ་པར་སུན་འབྱིན་པའི་སྟོབས། རྟེན་གྱི་སྟོབས། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་གསུམ་ལས། དང་པོ་༼རྣམ་པར་སུན་འབྱིན་པའི་སྟོབས་༽ནི།
གཉིས་པ་རྟེན་གྱི་སྟོབས་ནི་རྣམ་པ་གཉིས་ཏེ། ཡུལ་གྱི་རྟེན་དང་བསམ་པའི་འོ། །དང་པོ་༼ཡུལ་གྱི་རྟེན་༽ནི།
གཉིས་པ་བསམ་པའི་རྟེན་ནི།
གསུམ་པ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ནི།
གསུམ་པ་ཕྱི་མ་མདོ་ཙམ་གྱིས་བསྟན་པ་ནི།
གསུམ་པ་མྱ་ངན་ལས་མི་འདའ་བར་གསོལ་བ་ནི།
བཞི་པ་བསྔོ་བ་ནི།
གཉིས་པ་དངོས་གཞི་ཡང་དག་པར་བླང་བའི་ཆོ་ག་ནི།
གསུམ་པ་ཐོབ་ནས་དགའ་བ་བསྐྱེད་པ་ལ་གཉིས་ལས། དང་པོ་ནི།
གཉིས་པ་གཞན་དགའ་བ་བསྐྱེད་པ་ནི།
གཉིས་པ་བསླབ་པ་བསྲུང་བ་ལ་ནན་ཏན་བྱེད་པ་བག་ཡོད་པ་ལ་གསུམ་སྟེ། སྒྲུབ་པ་ལ་བརྩོན་འགྲུས་རྩམ་པར་གདམས་པ། རྟེན་འབྱོར་དུས་མཐུན་ཕྱོགས་དགེ་བ་ལ་འབད་པར་གདམས་པ། མི་མཐུན་ཕྱོགས་ཉོན་མོངས་པའི་དགྲ་གཞོམ་པར་གདམས་པའོ། །དེ་ལས་དང་པོ་༼སྒྲུབ་པ་ལ་བརྩོན་འགྲུས་རྩམ་པར་གདམས་པ་༽ནི།
གཉིས་པ་རྟེན་འབྱོར་དུས་མཐུན་ཕྱོགས་དགེ་བ་ལ་འབད་པར་གདམས་པ་ནི།
གསུམ་པ་ཉོན་མོངས་པའི་དགྲ་གཞོམ་པར་གདམས་པ་ནི།
གཉིས་པ་སེམས་བསྲུང་བའི་ཐབས་དྲན་ཤེས་བཞིན་བསྟེན་པ་ལ། དྲན་ཤེས་བསྲུང་བར་གདམས་པ། དྲན་པ་བསྲུང་བ། ཤེས་བཞིན་བསྲུང་བ་གསུམ་ལས། དང་པོ་༼དྲན་ཤེས་བསྲུང་བར་གདམས་པ་༽ནི།
གཉིས་པ་དྲན་པ་བསྲུང་བ་ལ་རྣམ་པ་གསུམ་སྟེ། དྲན་པ་བསྲུང་བའི་ཚུལ། དྲན་པའི་རྒྱུ་ཕན་ཡོན་དང་བཅས་པ། དྲན་པས་དོན་མེད་པའི་སྤྱོད་པ་སྤང་བའོ། །དེ་ལས་དང་པོ་༼དྲན་པ་བསྲུང་བའི་ཚུལ་༽ནི།
གཉིས་པ་དྲན་པའི་རྒྱུ་ཕན་ཡོན་དང་བཅས་པ་ནི།
གསུམ་པ་དྲན་པས་དོན་མེད་པའི་སྤྱོད་པ་སྤོང་བ་ནི།
གསུམ་པ་ཤེས་བཞིན་བསྲུང་བ་ལ། ཤེས་བཞིན་བསྲུང་བའི་ཚུལ་གྱིས་མདོར་བསྟན། ཤེས་བཞིན་གྱིས་ལུས་བསྲུང་ཞིང་དག་པར་བྱེད་ཚུལ་གྱིས་རྒྱས་པར་བཤད། ཤེས་བཞིན་བསྲུང་བའི་མཚན་ཉིད་ཀྱི་དོན་བསྡུ་བ་གསུམ་ལས། དང་པོ་༼ཤེས་བཞིན་བསྲུང་བའི་ཚུལ་གྱིས་མདོར་བསྟན་༽ལ། ལུས་དང་སེམས་ལ་སོ་སོར་བརྟག་པའི་ཚུལ་གཉིས་ལས། དང་པོ་༼ལུས་༽ནི།
གཉིས་པ་༼སེམས་ལ་སོ་སོར་བརྟག་པའི་ཚུལ་༽ནི།
གཉིས་པ་ཤེས་བཞིན་གྱིས་ལུས་བསྲུང་ཞིང་དག་པའི་ཚུལ་གྱིས་རྒྱས་པར་བཤད་པ་ལ། ལུས་སེམས་ཀྱི་གནས་སྐབས་ལ་སོ་སོར་བརྟགས་པ༑ ཤེས་བཞིན་གྱིས་ཟིན་པའི་སྤྱོད་པ་ལ་སློབ་པ། ཉམས་ན་ཕྱིར་བཅོས་པ་བཤད་པ་གསུམ་ལས། དང་པོ་༼ལུས་སེམས་ཀྱི་གནས་སྐབས་ལ་སོ་སོར་བརྟགས་པ་༽ནི། སེམས་དང་ལུས་ཀྱི་གནས་སྐབས་ལ་སོ་སོར་བརྟག་པ་གཉིས་སུ་བཞག་པ་ལས། དང་པོ་༼སེམས་༽ནི།
གཉིས་པ་ལུས་ལ་སོ་སོར་བརྟག་པ་ནི།
གཉིས་པ་ཤེས་བཞིན་གྱི་ཟིན་པའི་སྤྱོད་པ་ལ་སློབ་པ་ནི།
གསུམ་པ་ཉམས་ན་ཕྱིར་བཅོས་པ་བཤད་པ་ནི།
གསུམ་པ་ཤེས་བཞིན་གྱི་མཚན་ཉིད་བསྟན་པས་དོན་བསྡུ་བ་ནི།
གསུམ་པ་གཉིས་པོ་ཉམས་ལེན་གྱི་གཙོ་བོར་གདམས་པ་ནི།
༈གཉིས་པ་སྒྲུབ་པའི་སྤྱོད་པ་ཕར་ཕྱིན་ལ་སྤྱོད་པ་ལ་གསུམ་སྟེ། སྤྱི་བཤད་ཀྱིས་རྒྱལ་བའི་གཞུང་ལམ་དབྱེ། མཐའ་དཔྱད་ཀྱིས་ས་མཁན་གྱི་གྲོགས་བཙལ། བསླབ་གསུམ་གྱིས་དེར་བགྲོད་པའི་ཚུལ་གསུམ་ལས། དང་པོ་༼སྤྱི་བཤད་ཀྱིས་རྒྱལ་བའི་གཞུང་ལམ་དབྱེ་༽ནི།
གཉིས་པ་མཐའ་དཔྱད་ཀྱིས་ས་མཁན་གྱི་གྲོགས་བཙལ་བ་ནི།
གསུམ་པ་བསླབ་གསུམ་གྱིས་དེར་བགྲོད་པའི་ཚུལ་ལ། ལྷག་པ་ཚུལ་ཁྲིམས་ཀྱི་དབང་དུ་བྱས་པ་བཟོད་པ། གསུམ་ཀའི་དབང་དུ་བྱས་པ་བརྩོན་འགྲུས། ཕྱི་མ་གཉིས་ཀྱི་དབང་དུ་བྱས་པ་བསམ་གཏན་ཤེས་རབ་བཤད་པ་གསུམ་ལས། དང་པོ་༼ལྷག་པ་ཚུལ་ཁྲིམས་ཀྱི་དབང་དུ་བྱས་པ་བཟོད་པ་༽ལ། དཀའ་ཐུབ་ཀྱི་གོ་བགོ། ཁོང་ཁྲོའི་གཡུལ་འཇོམས། བཟོད་པའི་རྒྱལ་ས་ལེན་པ་གསུམ་ལས། དང་པོ་༼དཀའ་ཐུབ་ཀྱི་གོ་བགོ་༽ནི།
འདི་ལ་ཁྱད་པར་གསུམ་ལས། དང་པོ་གཞོམ་བྱའི་ཁྱད་པར་ནི།
གཉིས་པ་གཞོམ་བྱེད་ཀྱི་ཁྱད་པར་ནི།
གསུམ་པ་འཇོམས་ཚུལ་གྱི་ཁྱད་པར་ནི།
གཉིས་པ་ཁོང་ཁྲོའི་གཡུལ་འཇོམས་པ་ནི།
གསུམ་པ་བཟོད་པའི་རྒྱལ་ས་ལེན་པ་ལ། སྡུག་བསྔལ་དང་དུ་ལེན་པའི་བཟོད་པ། ཆོས་ལ་ངེས་པར་སེམས་པའི་བཟོད་པ། གནོད་པ་ལ་ཇི་མི་སྙམ་པའི་བཟོད་པ་གསུམ་ལས། དང་པོ་༼སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་༽ནི།
གཉིས་པ་ཆོས་ལ་ངེས་པར་སེམས་པའི་བཟོད་པ་སྒོམ་པ་ལ། གནོད་བྱེད་རང་དབང་ཅན་མ་ཡིན་པར་བསྟན། བདག་དང་གཙོ་བོ་རང་དབང་ཅན་དུ་འདོད་པ་དགག །བཟོད་པ་དེའི་ཁྱེར་སོ་བཤད་པ་གསུམ་ལས། དང་པོ་༼གནོད་བྱེད་རང་དབང་ཅན་མ་ཡིན་པར་བསྟན་༽ནི།
གཉིས་པ་བདག་དང་གཙོ་བོ་རང་དབང་ཅན་དུ་འདོད་པ་དགག་པ་ནི།
གསུམ་པ་བཟོད་པ་དེའི་ཁྱེར་སོ་བཤད་པ་ནི།
གསུམ་པ་སྡུག་བསྔལ་ལ་ཇི་མི་སྙམ་པའི་བཟོད་པ་ལ། སྡུག་བསྔལ་ཆུང་ངུས་ཆེན་པོ་སེལ་བར་བསྟན་པ། གཞན་གྱི་ཡོན་ཏན་ལ་དགའ་བར་བྱ་བ། སྤང་བླང་མཉམ་པ་ཉིད་ཤེས་བྱར་བསྟན་པ་གསུམ་ལས། དང་པོ་༼སྡུག་བསྔལ་ཆུང་ངུས་ཆེན་པོ་སེལ་བར་བསྟན་པ་༽ནི།
གཉིས་པ་གཞན་གྱི་ཡོན་ཏན་ལ་དགའ་བ་བསྒོམ་པ་ནི།
གསུམ་པ་སྤང་བླང་མཉམ་པ་ཉིད་ཤེས་བྱར་བསྟན་པ་ནི།
༈གཉིས་པ་བསླབ་པ་གསུམ་ཀའི་དབང་དུ་བྱས་པ་བརྩོན་འགྲུས་ལ། བརྩོན་པ་ལ་བྱང་ཆུབ་ཡོད་ཚུལ། བརྩོན་འགྲུས་མི་མཐུན་ཕྱོགས་དང་བཅས་པ་མདོར་བསྟན། དེ་དག་རྒྱས་པར་བཤད་པ་གསུམ་ལས། དང་པོ་༼བརྩོན་པ་ལ་བྱང་ཆུབ་ཡོད་ཚུལ་༽ནི།
གཉིས་པ་བརྩོན་འགྲུས་མི་མཐུན་ཕྱོགས་དང་བཅས་པ་མདོར་བསྟན་པ་ནི།
གསུམ་པ་དེ་དག་རྒྱས་པར་བཤད་པ་ལ། མི་མཐུན་ཕྱོགས་སེལ་ཚུལ། གཉེན་པོའི་དཔུང་བསྐྱེད་ཚུལ། དོན་བསྡུ་བ་གསུམ་ལས། དང་པོ་༼མི་མཐུན་ཕྱོགས་སེལ་ཚུལ་༽ནི།
གཉིས་པ་གཉེན་པོའི་དཔུང་བསྐྱེད་ཚུལ་ལ། དཔུང་བཞིར་དབྱེ་བས་མདོར་བསྟན། དཔུང་དང་པོ་གསུམ་རྒྱས་པར་བཤད། ཕྱི་མ་ཆ་ཙམ་བསྟན་པ་གསུམ་ལས། དང་པོ་༼དཔུང་བཞིར་དབྱེ་བས་མདོར་བསྟན་༽ནི།
གཉིས་པ་དཔུང་དང་པོ་གསུམ་རྒྱས་པར་བཤད་པ་ལ། མོས་པའི་དཔུང༌། ང་རྒྱལ་གྱི་དཔུང༌། དགའ་བའི་དཔུང་གསུམ་ལས། དང་པོར་མོས་པའི་དཔུང་ནི།
གསུམ་པ་དགའ་བའི་དཔུང་ནི།
གསུམ་པ་ཕྱི་མ་ཆ་ཙམ་བསྟན་པ་ནི།
གསུམ་པ་དོན་བསྡུ་བ་ནི།
གཉིས་པ་ལྷག་པའི་སེམས་བསྟན་པ་བསམ་གཏན་གྱི་ལེའུ་ལ། ཡིད་མཉམ་པར་བཞག་དགོས་པ། གང་ལ་འཇོག་པའི་ཏིང་ངེ་འཛིན། དེའི་རྒྱུ་འཇིག་རྟེན་ལ་ཆགས་པ་མེད་པ་སྒྲུབ་པ་གསུམ་ལས། དང་པོ་༼ཡིད་མཉམ་པར་བཞག་དགོས་པ་༽ནི།
གཉིས་པ་གང་ལ་འཇོག་པའི་ཏིང་ངེ་འཛིན་ནི།
གསུམ་པ་དེའི་རྒྱུ་འཇིག་རྟེན་ལ་ཆགས་པ་མེད་པར་སྒྲུབ་པ་ལ། འདོད་པ་ལ་ཆགས་པ་སྤོང་ཚུལ། དབེན་པ་ལ་དགའ་བ་བྱ་ཚུལ། དེར་སྐས་གདང་འཛེག་པ་ལྟ་བུར་བྱང་ཆུབ་ཀྱི་སེམས་སྒོམ་ཚུལ་གསུམ་ལས། དང་པོ་ལ་ཆགས་པའི་རྒྱུ་གཉེན་བཤེས་སྤོང་བ། ཆོས་བརྒྱད་ལ་ཞེན་པ་སྤོང་བ། དེ་གཉིས་ཀྱི་དོན་བསྡུ་བ་གསུམ་ལས། དང་པོ་ནི།
གཉིས་པ་ཆོས་བརྒྱད་ལ་ཞེན་པ་སྤོང་བ་ནི།
གསུམ་པ་དེ་གཉིས་ཀྱི་དོན་བསྡུ་བ་ནི།
གཉིས་པ་དབེན་པ་ལ་དགའ་བར་བྱ་བ་ལ། དབེན་པ་ལ་སྨོན་པ། དེར་འདོད་པའི་ཉེས་དམིགས་བསམ་པ། དབེན་པའི་བསྔགས་པ་གསུམ་ལས། དང་པོ་༼དབེན་པ་ལ་སྨོན་པ་༽ནི།
གཉིས་པ་དེར་འདོད་པའི་ཉེས་དམིགས་བསམ་པ་ནི།
གསུམ་པ་དབེན་པའི་བསྔགས་པ་ནི།
གསུམ་པ་སྐས་གདང་འཛེག་པ་ལྟ་བུར་བྱང་ཆུབ་ཀྱི་སེམས་སྒོམ་པའི་ཚུལ་ལ། བདག་གཞན་མཉམ་པའི་བྱང་སེམས། བདག་གཞན་བརྗེ་བའི་བྱང་སེམས། བདག་གཞན་མི་དམིགས་པའི་བྱང་སེམས་སྒོམ་པའི་ཚུལ་གསུམ་ལས། དང་པོ་ ༼བདག་གཞན་མཉམ་པའི་བྱང་སེམས་༽ནི།
གཉིས་པ་བདག་གཞན་བརྗེ་བའི་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལ༑ བདག་གཞན་བརྗེ་ནུས་ཚུལ། མི་མཐུན་ཕྱོགས་བདག་འཛིན་འཇོམས་ཚུལ། དེ་ལ་ཡོན་པོ་བསྲང་བའི་མན་ངག་གི་ཚུལ་གསུམ་ལས། དང་པོ་༼བདག་གཞན་བརྗེ་ནུས་ཚུལ་༽ནི།
གཉིས་པ་མི་མཐུན་ཕྱོགས་བདག་འཛིན་འཇོམས་ཚུལ་ནི།
གསུམ་པ་དེ་ལ་ཡོན་པོ་བསྲང་བའི་མན་ངག་གི་ཚུལ་ལ། ཡོན་པོ་སྲོང་ཁྱེར། རང་སྐྱོན་གཡེང་བ། ཡོན་ཏན་སྦེད་པ་གསུམ་ལས། དང་པོ་༼ཡོན་པོ་སྲོང་ཁྱེར་༽ནི།
གཉིས་པ་རང་སྐྱོན་གཡེང་བ་ནི།
གསུམ་པ་བདག་གི་ཡོན་ཏན་སྦེད་པ་ནི།
གསུམ་པ་བདག་གཞན་མི་དམིགས་པའི་བྱང་སེམས་སྒོམ་པ་ནི།
གཉིས་པ་བསྐྱེད་བྱའི་ཤེས་རབ་བདེན་གཉིས་ཀྱིས་བསྟན་པ་ནི།
གསུམ་པ་དེ་གཏན་ལ་དབབ་པའི་བློ་གྲོས་ཀྱི་ཁྱད་པར་བཤད་པ་ལ༑ རྟོགས་པ་ལ་མཐོ་དམའི་གོ་རིམ་ཡོད་ཚུལ། སྤྱིར་སྒྱུ་མ་ལྟ་བུ་བཤད་པ་ལ་མདོ་སྡེ་པས་བརྒལ་ལན། ཁྱད་པར་སེམས་བདེན་མེད་དུ་བཤད་པ་ལ་སེམས་ཙམ་པའི་བརྒལ་ལན་བསྟན་པ་གསུམ་ལས། དང་པོ་༼རྟོགས་པ་ལ་མཐོ་དམའི་གོ་རིམ་ཡོད་ཚུལ་༽ནི།
གཉིས་པ་སྤྱིར་སྒྱུ་མ་ལྟ་བུར་བཤད་པ་ལ་མདོ་སྡེ་པས་བརྒལ་ལན་ནི།
གསུམ་པ་ཁྱད་པར་སེམས་བདེན་མེད་དུ་བཤད་པ་ལ། སེམས་ཙམ་པའི་བརྒལ་ལན་ལ་རྣམ་བདེན་པའི་བརྒལ་ལན། རྣམ་བརྫུན་པའི་བརྒལ་ལན། ཞར་ལ་དབུ་མ་སྒྱུ་མ་ལྟ་བུ་བའི་འདོད་པ་དགག་པ་གསུམ་ལས། དང་པོ་༼སེམས་ཙམ་པའི་བརྒལ་ལན་ལ་རྣམ་བདེན་པའི་བརྒལ་ལན༽ནི།
གཉིས་པ་རྣམ་བརྫུན་པའི་བརྒལ་ལན་ནི།
གསུམ་པ་ཞར་ལ་སྒྱུ་མ་ལྟ་བུ་བའི་འདོད་པ་དགག་པ་ནི།
གསུམ་པ་འགྲུབ་པའི་སྤྱོད་པ་སངས་རྒྱས་པ་བཤད་པ་ལ། གང་ནས་སངས་རྒྱ་བར་བྱེད་པ་དབུ་མའི་ལམ། གང་དུ་སངས་རྒྱས་པའི་ཐེག་ཆེན་གྱི་བྱ་བ། དེའི་རྒྱུ་སྟོང་ཉིད་སྒོམ་པ་ལ་རྩོད་པ་སྤོང་བ་གསུམ་ལས། དང་པོ་༼གང་ནས་སངས་རྒྱ་བར་བྱེད་པ་དབུ་མའི་ལམ་༽ནི།
གཉིས་པ་གང་དུ་སངས་རྒྱས་པའི་ཐེག་ཆེན་གྱི་བྱ་བ་ནི།
གསུམ་པ་དེའི་རྒྱུ་སྟོང་པ་ཉིད་ལ་རྩོད་པ་སྤོང་བ་ལ། རྩོད་པ་འགོད། བརྒལ་ལན་བཤད། སྟོང་ཉིད་རྟེན་འབྱུང་དབུ་མའི་ལམ་དུ་བསྟན་པ་གསུམ་ལས། དང་པོ་༼རྩོད་པ་འགོད་༽ནི།
གཉིས་པ་བརྒལ་ལན་བཤད་པ་ལ། ལུང་གིས་སྒྲུབ། ལུང་ཁུངས་ཀྱིས་ཐེག་ཆེན་བཀར་སྒྲུབ། རིགས་ལམ་རྒྱས་པར་བསྟན་པ་གསུམ་ལས། དང་པོ་༼ལུང་གིས་སྒྲུབ་༽ནི།
གཉིས་པ་ལུང་ཁུངས་ཀྱིས་ཐེག་ཆེན་བཀར་སྒྲུབ་པ་ནི།
གསུམ་པ་རིགས་ལམ་རྒྱས་པར་བསྟན་པ་ནི།
གསུམ་པ་སྟོང་ཉིད་རྟེན་འབྱུང་དབུ་མའི་ལམ་དུ་བསྟན་པ་ལ། སྟོང་ཉིད་ཀྱིས་འབྲས་བུ་ཐོབ་ཚུལ། དེ་ལ་འཇིགས་མི་རིགས་པ། འཇིགས་པའི་རྒྱུ་བདག་ཟློག་པ་གསུམ་ལས། དང་པོ་༼སྟོང་ཉིད་ཀྱིས་འབྲས་བུ་ཐོབ་ཚུལ་༽ནི།
གཉིས་པ་དེ་ལ་འཇིགས་མི་རིགས་པ་ནི།
གསུམ་པ་འཇིགས་པའི་རྒྱུ་བདག་བཟློག་པ་ལ། ཕུང་པོ་ལྔ་ལ་བདག་དགག་པ་སྤྱིར་བསྟན། གྲུབ་མཐས་བརྟགས་པའི་བདག་བྱེ་བྲག་ཏུ་དགག །ཆོས་ཀྱི་བདག་མེད་གཏན་ལ་ཕབ་པ་གསུམ་ལས། དང་པོ་༼ཕུང་པོ་ལྔ་ལ་བདག་དགག་པ་སྤྱིར་བསྟན་༽ནི།
གཉིས་པ་གྲུབ་མཐས་བརྟགས་པའི་བདག་བྱེ་བྲག་ཏུ་དགག་པ་ལ་གསུམ་སྟེ། གྲངས་ཅན་པ་དགག །རིག་པ་ཅན་པ་དགག །བདག་མེད་ན་འབྲས་བུ་མྱོང་བ་དང་སྙིང་རྗེ་མི་རིགས་པར་ཐལ་བའི་ལན་ནོ། །དེ་ལས་༼དང་པོ་གྲངས་ཅན་པ་དགག་༽ནི།
གཉིས་པ་རིག་པ་ཅན་པ་དགག་པ་ནི།
གསུམ་པ་བདག་མེད་ན་འབྲས་བུ་མྱོང་བར་སྙིང་རྗེ་མི་རིགས་པར་ཐལ་བའི་ལན་ནི།
གསུམ་པ་ཆོས་ཀྱི་བདག་མེད་གཏན་ལ་དབབ་པ་ལ། དྲན་པ་ཉེར་བཞག་དང་པོ་གསུམ་བསྟན། ཕྱི་མ་བརྒལ་ལན་དང་བཅས་ཏེ་བསྙད། རྟེན་འབྱུང་དབུ་མའི་ཤུལ་ལམ་བགྲོད་ཁྱེར་གསུམ་ལས། དང་པོ་༼དྲན་པ་ཉེར་བཞག་དང་པོ་གསུམ་བསྟན་༽ལ། ལུས་དྲན་པ་ཉེར་བཞག །ཚོར་བ་དྲན་པ་ཉེར་གཞག །སེམས་དྲན་པ་ཉེར་གཞག་གསུམ། དང་པོ་༼ལུས་དྲན་པ་ཉེར་བཞག་༽ལ། ཡན་ལག་སོ་སོ་བ་ལུས་མ་ཡིན་པར་བསྟན། ཡན་ལག་སོ་སོ་ལ་ཁྱབ་པའི་ལུས་གཅིག་མེད་པར་བསྟན། ཡན་ལག་ཚོགས་པ་ལུས་སོགས་སུ་འཁྲུལ་པ་དགག་པ་གསུམ་ལས། དང་པོ་༼ཡན་ལག་སོ་སོ་བ་ལུས་མ་ཡིན་པར་བསྟན་༽ནི།
གཉིས་པ་ཡན་ལག་སོ་སོ་ལ་ཁྱབ་པའི་ལུས་གཅིག་མེད་པར་བསྟན་པ་ནི།
གསུམ་པ་ཡན་ལག་ཚོགས་པ་ལུས་སོགས་སུ་འཁྲུལ་པ་དགག་པ་ནི།
གཉིས་པ་ཚོར་བ་དྲན་པ་ཉེར་བཞག་ལ། ཚོར་བ་བདེན་པ་དགག །དེའི་རྒྱུ་རེག་པ་དགག །ཚོར་བྱ་ཚོར་པོ་མེད་པས་རང་བཞིན་མེད་པར་གྲུབ་པ་གསུམ་ལས། དང་པོ་༼ཚོར་བ་བདེན་པ་དགག་༽ནི།
གཉིས་པ་དེའི་རྒྱུ་རེག་པ་དགག་པ་ནི།
གསུམ་པ་ཚོར་བྱ་ཚོར་པོ་མེད་པས་རང་བཞིན་མེད་པར་གྲུབ་པ་ནི།
གསུམ་པ་སེམས་དྲན་པ་ཉེ་བར་བཞག་པ་ནི།
གཉིས་པ་ཕྱི་མ་བརྒལ་ལན་དང་བཅས་ཏེ་བསྙད་པ་ལ། ངོ་བོ་དགོད། བརྒལ་བ་བསྙད། ལན་གདབ་པ་དང་གསུམ་ལས། དང་པོ་༼ངོ་བོ་དགོད་༽ནི།
གཉིས་པ་བརྒལ་བ་བསྙད་པ་ནི།
གསུམ་པ་ལན་གདབ་པ་ནི།
གསུམ་པ་རྟེན་འབྱུང་དབུ་མའི་ཤུལ་ལམ་བགྲོད་ཁྱེར་ལ། ལྟ་བས་དབུ་མ་བསྟན། སྒོམ་པས་དེར་འཇུག །སྤྱོད་པས་ཐབས་ཤེས་ཀྱིས་བགྲོད་པ་བཤད་པ་གསུམ་ལས། དང་པོ་༼ལྟ་བས་དབུ་མ་བསྟན་༽ལ། རྒྱུ་མེད་ལས་སྐྱེ་བར་འདོད་པ་དགག །རྒྱུ་ཕྱིན་ཅི་ལོག་ལས་བྱུང་བར་འདོད་པ་དགག །སྟོང་ཉིད་རྟེན་འབྱུང་མཛུབ་ཚུགས་སུ་བཤད་པ་གསུམ་ལས། དང་པོ་༼རྒྱུ་མེད་ལས་སྐྱེ་བར་འདོད་པ་དགག་༽ནི།
གཉིས་པ་རྒྱུ་ཕྱིན་ཅི་ལོག་ལས་བྱུང་བར་འདོད་པ་དགག་པ་ལ། དབང་ཕྱུག་རྟག་པ་ལས་དང༌། རྡུལ་ཕྲན་རྟག་པ་ལས་དང༌། གཙོ་བོ་རྟག་པ་ལས་སྐྱེ་བར་འདོད་པ་དགག་པ་གསུམ་ལས། དང་པོ་༼དབང་ཕྱུག་རྟག་པ་ལས་༽ནི།
གཉིས་པ་རྡུལ་ཕྲན་རྟག་པ་ལས་བྱུང་བར་འདོད་པ་དགག་པ་ནི།
གསུམ་པ་གཙོ་བོ་རྟག་པ་ལས་བྱུང་བར་འདོད་པ་དགག་པ་ནི།
གསུམ་པ་སྟོང་ཉིད་རྟེན་འབྱུང་དུ་མཛུབ་ཚུགས་སུ་བསྟན་པ་ནི།
གཉིས་པ་སྒོམ་པས་དེར་འཇུག་པ་ནི།
གསུམ་པ་སྤྱོད་པ་ཐབས་ཤེས་ཀྱི་བགྲོད་པ་བཤད་པ་ནི།
གཉིས་པ་སོ་སོ་ལ་སྨན་པར་བསྔོ་བ་ལ། ངན་སོང་ལ་སྨན་པ། མཐོ་རིས་ལ་སྨན་པ། ཐར་པར་ཞུགས་པ་ལ་སྨན་པར་སྨོན་པ་གསུམ་ལས། དང་པོ་༼ངན་སོང་ལ་སྨན་པ་༽ནི།
གཉིས་པ་མཐོ་རིས་ལ་སྨན་པར་སྨོན་པ་ནི།
གསུམ་པ་ཐར་པ་ཞུགས་པ་ལ་སྨན་པར་སྨོན་པ་ནི།
གསུམ་པ་བདག་གི་དོན་འགྲུབ་པར་བསྔོ་བ་ནི།