བསྐྱེད་རྫོགས་གནད་བསྡུས་ཀྱི་འགྲེལ་བ་ནོར་བུའི་སྣང་བ།

The Light of the Jewel: A Commentary on the Key Points of Jamgon Kongtrul Lodro Thaye's Stages of Creation and Completion

The Light of the Jewel: A Commentary on the Key Points of Jamgon Kongtrul Lodro Thaye's Stages of Creation and Completion
བོད་དུ་སྤྱིར་མདོ་སྔགས་གཉིས། སྒོས་སུ་གསང་སྔགས་རྡོ་རྗེ་ཐེག་པ། ཡང་སྒོས་རྣལ་འབྱོར་བླ་མེད་ཀྱི་རྒྱུད་ས་དར་རྡོ་དར་གྱིས་གྲུབ་ཐོབ་ཀྱི་ཚང་བརྡོལ། དེ་རྣམས་ལས་རྒྱུད་ཀྱི་དགོངས་དོན་རྟོགས་པ་མཐར་ཕྱིན་པའི་བླ་མ་རེ་རེ་བཞིན་གྱིས་མཆོག་དམན་གདུལ་བྱའི་སྐལ་འཚམས་རྒྱུད་དོན་དྲིལ་བའི་མན་ངག་རྩལ་འདོན་མཛདཔས་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཅེས་ངོ་མཚར་རྨད་དུ་བྱུང་བའི་བཀའ་སྲོལ་བྱུང་ཡང་བསྟན་པ་འཕེལ་འགྲིབ་དབང་གིས་གདམས་ངག་དེ་དག་གི་རྒྱུན་ཕལ་ཆེར་ནུབ་ཉེར་གྱར་སྐབས། སྙིགས་འགྲོའི་དཔལ་མགོན་དམ་པ་རིས་མེད་བསྟན་པའི་བདག་པོ་༧རྗེ་འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་པའི་སྡེ་མཆོག་གིས་དུས་རབས་བཅུ་དགུ་པར་སྒྲུབ་བརྒྱུད་ཆུ་བོ་གཅིག་འདུས་ཀྱི་ལམ་སྲོལ་སྔོན་མེད་གསར་དུ་གཏོད་པ་ལས་རིས་མེད་གདུལ་བྱར་རྗེས་བརྩེ་ཆུ་འཛིན་ཕུང་པོ་མཁར་འཁྲིགས་དམ་ཆོས་ཆར་རྒྱུན་མཐའ་ཡས་སུ་ཕབ་པའི་ཆོས་ཀྱི་ཡོ་ལང་ལས་བསྐྱེད་རྫོགས་གནད་བསྡུས་ཞེས་པའི་ཆོས་ཚན་འདི་ཉིད་ལའང་སྡོང་བུ་བ་པདྨ་རྣམ་རྒྱལ་གྱིས་འགྲེལ་བ་ནོར་བུའི་སྣང་བ་སྦྱར་བ་ནི་རང་རེ་ཚེ་ཐུང་དབང་རྟུལ་རྒྱུད་སྡེ་རྒྱ་མཚོའི་ལམ་རིམ་པ་གཉིས་ཀྱི་འཇུག་སྒོར་འཇུག་མོས་སྐོམ་པ་ཆུ་འདོད་ཡོད་པ་རྣམས་ལ་རྒྱུད་སྡེའི་སྒོ་བརྒྱ་བདེ་བླག་ཏུ་འབྱེད་པའི་འཕྲུལ་གྱི་ལྡེའུ་མིག་ཏུ་ངེས་སོ།།

ལམ་ཞུགས་ཀྱི་གང་ཟག་ལས་དང་པོ་བ་ལ་ཕན་པའི་བསྐྱེད་རྫོགས་གནད་བསྡུས།

བསྐྱེད་རྫོགས་གནད་བསྡུས་ཀྱི་འགྲེལ་བ་ནོར་བུའི་སྣང་བ།

དཔེ་སྐྲུན་གསལ་བཤད།

ལམ་ཞུགས་ཀྱི་གང་ཟག་ལས་དང་པོ་བ་ལ་ཕན་པའི་བསྐྱེད་རྫོགས་གནད་བསྡུས།

བསྐྱེད་རྫོགས་གནད་བསྡུས་ཀྱི་འགྲེལ་བ་ནོར་བུའི་སྣང་བ།

འདིར་མཁས་དང་གྲུབ་པ་ཡོངས་ཀྱི་གཙུག་རྒྱན་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱིས་མཛད་པའི་མདོ་རྒྱུད་མན་ངག་ཡོངས་ཀྱི་སྒོམ་རིམ་བསྐྱེད་རྫོགས་གནད་བསྡུས་འདི་ཉིད་གོ་བདེ་ཙམ་དུ་འགྲོལ་བ་ལ་བསྟན་བཅོས་ཀྱི་མཚན་བྱང༌། གཞུང་དོན། མཛད་བྱང་གསུམ་ལས། དང་པོ་༼བསྟན་བཅོས་ཀྱི་མཚན་བྱང་༽ནི།

གཉིས་པ་གཞུང་དོན་ལ། བརྩམ་པ་ལ་འཇུག་པའི་རྒྱུ་ཐོག་མར་དགེ་བ་ཀླད་ཀྱི་དོན། བརྩམ་བྱའི་བསྟན་བཅོས་ལུས་ཀྱི་རང་བཞིན་བར་དུ་དགེ་བ་གཞུང་གི་དོན། བརྩམས་པ་མཐར་ཕྱིན་པ་མཐའ་མར་དགེ་བ་མཇུག་གི་དོན་ཏེ་རྣམ་པ་གསུམ་ལས། དང་པོ་བརྩམ་པ་ལ་འཇུག་པའི་རྒྱུ་ཐོག་མར་དགེ་བ་ཀླད་ཀྱི་དོན་ནི།

གཉིས་པ་བརྩམ་བྱའི་བསྟན་བཅོས་ལུས་ཀྱི་རང་བཞིན་བར་དུ་དགེ་བ་གཞུང་གི་དོན་ལ། སྔོན་འགྲོའི་སྒོ་ནས་དུག་གི་ས་བོན་ལྟར་འཁྲི་བ་གཅོད་ཚུལ། དངོས་གཞིའི་སྒོ་ནས་སྨན་གྱི་ཞིང་ས་ལྟར་ཉམས་སུ་ལེན་ཚུལ། རྗེས་ཀྱི་སྒོ་ནས་མཁའ་ལྡིང་གི་ཕྲུ་གུ་ལྟར་ཉམས་རྩལ་སྦྱོང་ཚུལ་དང་གསུམ་ལས། དང་པོ་སྔོན་འགྲོའི་སྒོ་ནས་དུག་གི་ས་བོན་ལྟར་འཁྲི་བ་གཅོད་ཚུལ་ནི།

གཉིས་པ་དངོས་གཞིའི་སྒོ་ནས་སྨན་ཤིང་ལྗོན་པའི་ཞིང་ས་ལྟར་ཉམས་སུ་ལེན་ཚུལ་ལ། ཉམས་ལེན་གྱི་ཆིངས་དགུ་སྤྱིར་བསྟན་པ། མདོ་སྔགས་ཀྱི་ཉམས་ལེན་རྒྱས་པར་བཤད་པ་གཉིས་ལས། དང་པོ་ཉམས་ལེན་གྱི་ཆིངས་དགུ་སྤྱིར་བསྟན་པ་ནི།

གཉིས་པ་མདོ་སྔགས་ཀྱི་ཉམས་ལེན་རྒྱས་པར་བཤད་པ་ལ། ལྟ་བས་ཤེས་བྱའི་གནས་ལ་ཕུ་ཐག་བཅད་པ། ཕྱི་ལྟར་རྒྱ་ཆེན་མདོ་སྡེའི་སྒོམ་རིམ་བསྟན་པ། ནང་ལྟར་ཟབ་མོ་རྒྱུད་ཀྱི་སྒོམ་རིམ་བསྟན་པ། གསང་བ་ལྟར་སྙིང་པོ་མན་ངག་གི་སྒོམ་རིམ་བསྟན་པ་སྟེ་བཞི་ལས། དང་པོ་ལྟ་བས་ཤེས་བྱའི་གནས་ལ་ཕུ་ཐག་བཅད་པ་ལ།

དེ་ལ་མདོ་སྔགས་ཐུན་མོང་གི་བདེན་གཉིས་འཇོག་ཚུལ་དང༌། ཐུན་མོང་མ་ཡིན་པའི་བདེན་གཉིས་འཇོག་ཚུལ་གཉིས་ལས། དང་པོ་ལ་ཀུན་རྫོབ་ཀྱི་བདེན་པ་ནི།

གཉིས་པ་ཐུན་མོང་མ་ཡིན་པའི་བདེན་གཉིས་འཇོག་ཚུལ་ལ།

གཉིས་པ་ཕྱི་ལྟར་རྒྱ་ཆེན་མདོ་སྡེའི་སྒོམ་རིམ་བསྟན་པ་ལ།

ད་ནི་རྩ་བའི་གསུམ་པ་ནང་ལྟར་ཟབ་མོ་རྒྱུད་ཀྱི་སྒོམ་རིམ་བསྟན་པ་ལ། འཁྲུལ་སྣང་སྦྱོང་བྱེད་བསྐྱེད་རིམ་གྱི་ཉམས་ལེན་བསྟན་པ། ལྷར་སྣང་སྦྱོང་བྱེད་རྫོགས་རིམ་གྱི་ཉམས་ལེན་བསྟན་པ་གཉིས་ལས། དང་པོ་འཁྲུལ་སྣང་སྦྱོང་བྱེད་བསྐྱེད་རིམ་གྱི་ཉམས་ལེན་བསྟན་པ་ནི།

སྔ་མ་ལས་ཕྱི་མ་རིམ་གྱིས་སྐྱེ་སླ་བས་མངལ་སྐྱེས་དང༌། སྒོང་སྐྱེས། དྲོད་གཤེར་སྐྱེས་པ་གསུམ་ལས། དང་པོ་སྦྱོང་བྱེད་རྒྱས་པ་མངོན་བྱང་ལྔ་བསྐྱེད་ནི།

གཉིས་པ་སྒོང་སྐྱེས་སྦྱོང་བྱེད་འབྲིང་པོ་རྡོ་རྗེ་བཞི་བསྐྱེད་ནི།

གསུམ་པ་དྲོད་སྐྱེས་སྦྱོང་བྱེད་བསྡུས་པ་ཆོ་ག་གསུམ་གྱིས་བསྐྱེད་པ་ནི།

ལྔ་པ་སྒོམ་པས་ཀུན་གཞིའི་ཡེ་ཤེས་ཀྱི་ཡོན་ཏན་རྫོགས་ཚུལ་ནི།

དྲུག་པ་མ་སྒོམ་ཀུན་གཞིའི་རྣམ་ཤེས་ཀྱིས་འཁོར་བར་འཁྱམས་ཚུལ་ནི།

བདུན་པ་སྤྱོད་པས་འཁྲུལ་རྟོག་གྲོལ་བའི་ཕན་ཡོན་བསྟན་པ་ནི།

བརྒྱད་པ་སྤྱོད་པས་འཁྲུལ་རྟོག་མ་གྲོལ་བའི་ཉེས་དམིགས་བསྟན་པ་ལ།

དགུ་པ་ལྟ་སྒོམ་སྤྱོད་པའི་འབྲས་བུ་འགྲུབ་ཚུལ་ལ། མཉམ་གཞག་རྐྱེན་གྱིས་མི་གཡོ་བའི་འབྲས་བུ་བསྟན་པ། རྟོགས་པ་འོད་གསལ་ལྷུན་གྲུབ་ཀྱི་འབྲས་བུ་བསྟན་པ། སྤང་བ་ཆོས་ཟད་བློ་འདས་ཀྱི་འབྲས་བུ་བསྟན་པ་དང་གསུམ་ལས། དང་པོ་མཉམ་གཞག་རྐྱེན་གྱིས་མི་གཡོ་བའི་འབྲས་བུ་བསྟན་པ་ནི།

གཉིས་པ་རྟོགས་པ་འོད་གསལ་ལྷུན་གྲུབ་འབྲས་བུ་ནི།

གསུམ་པ་སྤོང་བ་བློ་འདས་ཆོས་ཟད་ཀྱི་འབྲས་བུ་བསྟན་པ་ལ།

རྩ་བའི་བཞི་པ་གསང་བ་ལྟར་སྙིང་པོ་མན་ངག་གི་ཉམས་ལེན་བསྟན་པ་ལ། ལྟ་བ་སྣང་སེམས་དབྱེར་མེད་དུ་ཐག་བཅད་ཚུལ། སྒོམ་པ་ཞི་ལྷག་ཟུང་འཇུག་གི་ངང་སྐྱོང་ཚུལ། སྤྱོད་པ་གང་ཤར་རང་གྲོལ་གྱི་རྩལ་རྫོགས་ཚུལ་དང་གསུམ་ལས། དང་པོ་ལྟ་བ་སྣང་སེམས་དབྱེར་མེད་དུ་ཐག་བཅད་ཚུལ་ནི།

གཉིས་པ་སྒོམ་པ་ཞི་ལྷག་ཟུང་འཇུག་གི་ངང་སྐྱོང་ཚུལ་ནི།

ཡང་སྒོམ་ཐོག་ནས་ལྟ་བའི་ལྷག་མཐོང་འཚོལ་བ་ནི།

ད་ནི་སྒོམ་གྱི་དངོས་གཞི་སྐྱོང་བྱེད་དྲན་ཤེས་ནི།

ལྷག་མཐོང་ནས་འཇུག་ཚུལ་ནི།

གསུམ་པ་སྤྱོད་པ་གང་ཤར་རང་གྲོལ་གྱི་རྩལ་སྦྱོང་ཚུལ་ལ། ཞི་གཅོད་ཕྱག་རྫོགས་དབུ་མའི་འགག་བསྡུ་བ། ཞི་བྱེད་སངས་རྒྱས་ལག་བཅང་གི་ཆིངས་ཀྱིས་བཅིང་པ། ཕྱག་རྫོགས་སྙིང་པོའི་མིག་གིས་ཤན་འབྱེད་པ། བསྲེ་བ་མ་རིག་མུན་སེལ་གྱིས་བོགས་འདོན་པ། མི་འགྱུར་རིག་པའི་རྩལ་གྱིས་གེགས་སེལ་བ། རང་བྱུང་ཡེ་ཤེས་ཆེན་པོར་ལ་བཟླ་བ། ཟུང་འཇུག་རྣམ་པར་དག་པའི་དམ་ཚིག་བསྲུང་བ། ཉིན་མཚན་རྒྱུན་གྱི་བྱ་སྤྱོད་ལམ་དུ་འཁྱེར་བ་སྟེ་སྤྱོད་པའི་རྩལ་སྦྱོང་ཆེན་པོ་རྣམ་པ་བརྒྱད་ལས། དང་པོ་ཞི་གཅོད་ཕྱག་རྫོགས་དབུ་མའི་འགག་བསྡུ་བ་ལ།

བྱེ་བྲག་རྫོགས་ཆེན་གྱི་གྲོལ་ཚུལ་ནི།

གཉིས་པ་ཞི་བྱེད་སངས་རྒྱས་ལག་བཅང་གི་ཆིངས་ཀྱིས་བཅིང་བ་ནི།

གསུམ་པ་ཕྱག་རྫོགས་སྙིང་པོའི་མིག་གིས་ཤན་འབྱེད་པ་ནི།

བཞི་པ་བསྲེ་བ་མ་རིག་མུན་སེལ་གྱིས་བོགས་འདོན་པ་ནི།

ལྔ་པ་མི་འགྱུར་རིག་པའི་རྩལ་གྱིས་གེགས་སེལ་བ་ནི།

དྲུག་པ་རང་བྱུང་ཡེ་ཤེས་ཆེན་པོར་ལ་བཟླ་བ་ནི།

བདུན་པ་ཟུང་འཇུག་རྣམ་པར་དག་པའི་དམ་ཚིག་སྲུང་ཚུལ་ནི།

བརྒྱད་པ་ཉིན་མཚན་རྒྱུན་གྱི་བྱ་སྤྱོད་ལམ་དུ་འཁྱེར་བས་རྩལ་སྦྱོང་བ་ལ། ལྟ་བ་གསལ་འདེབས་ཀྱི་ལམ་ཁྱེར། ཉོན་མོངས་ཡེ་ཤེས་ཀྱི་ལམ་ཁྱེར། འདོད་ཡོན་ཚོགས་འཁོར་གྱི་ལམ་ཁྱེར། མོས་གུས་བྱིན་རླབས་ཀྱི་ལམ་ཁྱེར། ལྟ་སྤྱོད་སྙིང་རྗེའི་ལམ་ཁྱེར། གསོལ་འདེབས་དག་སྣང་གི་ལམ་ཁྱེར། རླུང་ལམ་རྡོར་བཟླས་ཀྱི་ལམ་ཁྱེར། མཚན་སྣང་འོད་གསལ་གྱི་ལམ་ཁྱེར། ཉིན་སྣང་སྒྱུ་ལུས་ཀྱི་ལམ་ཁྱེར་བཅས་ལམ་ཁྱེར་སྤྱོད་པའི་རྩལ་སྦྱོང་རྣམ་པ་དགུའི་སྒོ་ནས་ལྟ་སྒོམ་གྱི་རྩལ་རྫོགས་པར་བྱེད་པ་ལ། དང་པོ་ལྟ་བ་གསལ་འདེབས་དྲན་པའི་ལམ་ཁྱེར་ནི།

གཉིས་པ་ཉོན་མོངས་ཡེ་ཤེས་ཀྱི་ལམ་ཁྱེར་ནི།

གསུམ་པ་འདོད་ཡོན་ཚོགས་འཁོར་གྱི་ལམ་ཁྱེར་ནི།

བཞི་པ་གཙོ་བོ་མོས་གུས་བྱིན་རླབས་ཀྱི་ལམ་ཁྱེར་ནི།

ལྔ་པ་ལྟ་སྤྱོད་སྙིང་རྗེའི་ལམ་ཁྱེར་ནི།

བདུན་པ་རླུང་ལམ་རྡོར་བཟླས་ཀྱི་ལམ་ཁྱེར་ནི།

བྱེ་བྲག་རླུང་སེམས་དབྱེར་མེད་ཀྱི་ལམ་ཁྱེར་ནི།

བརྒྱད་པ་མཚན་སྣང་འོད་གསལ་གྱི་ལམ་ཁྱེར་ནི།

དགུ་པ་ཉིན་སྣང་སྒྱུ་ལུས་ཀྱི་ལམ་ཁྱེར་ནི།

གསུམ་པ་རྗེས་ཀྱི་སྒོ་ནས་མཁའ་ལྡིང་གི་ཕྲུ་གུ་ཉམས་རྩལ་སྤྱོད་ཚུལ་ནི།

གསུམ་པ་བརྩམས་པ་མཐར་ཕྱིན་པ་མཐའ་མར་དགེ་བ་མཇུག་གི་དོན་ནི།

གསུམ་པ་བསྟན་བཅོས་ཀྱི་མཛད་བྱང་ནི།

དེབ་ཕྲེང་འདི་ཡི་ཁོངས་གཏོགས་འཕྲུལ་དེབ་གཞན།