མངོན་རྟོགས་རྒྱན་གྱི་འགྲེལ་བ་ལུང་དོན་རྒྱ་མཚོ།

An Ocean of Scriptural Intent: A Commentary on "The Ornament of Clear Realization" of the Prajnaparamita

An Ocean of Scriptural Intent: A Commentary on "The Ornament of Clear Realization" of the Prajnaparamita
བསྟན་བཅོས་འདི་ཉིད་ཀྱི་བརྗོད་བྱའི་གཙོ་བོ་ཡུམ་གྱི་ལུས་དངོས་པོ་བརྒྱད་དང་། ཡན་ལག་དོན་བདུན་ཅུར་གྲགས་པ་དང་། དེ་དག་གི་ཉིང་ལག་སོ་སོའི་མཚན་ཉིད་དང་། རབ་ཏུ་དབྱེ་བ་དང་། ས་མཚམས་དང་བཅས་པ་རགས་པ་ཙམ་ཞིག་ཡིན་ནོ།།

དཀར་ཆག་མེད།

དཔེ་སྐྲུན་གསལ་བཤད།

དེ་ལ་འདིར་གང་བཤད་པར་བྱ་བའི་ཆོས་ནི་ཡུམ་གྱི་ལུས་བརྒྱད་དང༌། ཡན་ལག་བདུན་ཅུར་གྲགས་པ་དང༌། དེ་དག་གི་ཉིང་ལག་སོ་སོའི་མཚན་ཉིད་དང༌། རབ་ཏུ་དབྱེ་བ་དང༌། ས་མཚམས་དང་བཅས་པ་རགས་པ་ཙམ་ཞིག་ཡིན་ལ། འདི་ལ་ཐོག་མར་བཤད་པ་ལ་འཇུག་པའི་བྱ་བ། བཤད་པ་ཉིད་ཉེ་བར་འགོད་པ། བཤད་པ་མཐར་ཕྱིན་པའི་བྱ་བ་དང་གསུམ། དང་པོ་༼འཇུག་པའི་བྱ་བ་༽ནི། རྒྱན་གྱི་རྩ་བའི་མདོ་གང་ཡིན་པ་དང༌། རྒྱན་ལ་སྲོལ་འབྱེད་དུ་ཞིག་ཡོད་པ་དང༌། སྲོལ་འབྱེད་དེ་ལས་གང་གི་རྗེས་སུ་འབྲངས་པ་དང་གསུམ། དང་པོ་༼རྒྱན་གྱི་རྩ་བའི་མདོ་༽ནི།

གཉིས་པ་རྒྱན་ལ་སྲོལ་འབྱེད་དུ་ཞིག་ཡོད་པ་ནི།

གསུམ་པ་༼སྲོལ་འབྱེད་དེ་ལས་གང་གི་རྗེས་སུ་འབྲངས་པ་༽ནི།

གཉིས་པ་བཤད་པ་ཉིད་ཉེ་བར་དགོད་པ་ལ། གུས་པའི་ཡན་ལག་མཆོད་བརྗོད། གཞན་བསྟན་བཅོས་ལ་འཇུག་པའི་ཡན་ལག་དགོས་འབྲེལ། བསྟན་བཅོས་ཀྱི་བརྗོད་བྱ་མངོན་རྟོགས་བཤད་པའོ། །དང་པོ་༼གུས་པའི་ཡན་ལག་མཆོད་བརྗོད་༽ནི།

གཉིས་པ་༼བསྟན་བཅོས་ལ་འཇུག་པའི་ཡན་ལག་དགོས་འབྲེལ་༽ལ་མཚན་ཉིད་ནི།

གསུམ་པ་བསྟན་བཅོས་ཀྱི་བརྗོད་བྱ་མངོན་རྟོགས་བཤད་པ་ལ། དབྱེ་གཞི་ཤེར་ཕྱིན་ངོས་བཟུང་བ་དང༌། དབྱེ་ངོ་མངོན་པར་རྟོགས་པ་བརྒྱད་ཡན་ལག་དང་བཅས་པ་བཤད་པའོ། །དང་པོ་༼དབྱེ་གཞི་ཤེར་ཕྱིན་ངོས་བཟུང་བ་༽ལ།

གཉིས་པ་བཤད་བྱ་ལ་མངོན་པར་རྟོགས་པ་བརྒྱད་བཤད་པ་དང༌། འཆད་བྱེད་དོན་བདུན་ཅུ་བཤད་པའོ། །དང་པོ་༼མངོན་པར་རྟོགས་པ་བརྒྱད་བཤད་པ་༽ལ།

གཉིས་པ་འཆད་བྱེད་དོན་བདུན་ཅུའི་ཡན་ལག་རྒྱས་པར་བཤད་པ་ལ། རྒྱུ་མངོན་པར་རྟོགས་པ་བདུན་གྱི་ཡན་ལག་རྒྱས་པར་བཤད་པ་དང༌། འབྲས་བུ་ཆོས་སྐུའི་ཡན་ལག་རྒྱས་པར་བཤད་པ་གཉིས། དང་པོ་༼རྒྱུ་མངོན་པར་རྟོགས་པ་བདུན་གྱི་ཡན་ལག་རྒྱས་པར་བཤད་པ་༽ལ། ཡུལ་མཁྱེན་པ་གསུམ་གྱི་དང༌། ཉམས་ལེན་སྦྱོར་བ་བཞིའི་ཡན་ལག་རྒྱས་པར་བཤད་པ་དང་གཉིས། དང་པོ་༼ཡུལ་མཁྱེན་པ་གསུམ་༽ལ། འབྲས་བུ་རྣམ་མཁྱེན་གྱི་དང༌། རྒྱུ་མཁྱེན་པ་གཉིས་ཀྱི་ཡན་ལག་རྒྱས་པར་བཤད་པའོ། །དང་པོ་༼འབྲས་བུ་རྣམ་མཁྱེན་༽ལ། བསམ་པ་དང༌། སྦྱོར་བ་གཉིས། དང་པོ་༼བསམ་པ་༽ལ། འདིར་བསྟན་གྱི་སེམས་བསྐྱེད་དངོས་བཤད་པ་དང༌། ཞར་ལ་གཞན་ཡང་བཤད་པའོ། །དང་པོ་༼སེམས་བསྐྱེད་དངོས་བཤད་པ་༽ལ་མཚན་ཉིད་ནི།

གཉིས་པ་ཞར་ལ་གཞན་ཡང་བཤད་པ་ལ།

གཉིས་པ་སྦྱོར་བ་ལ། སྒྲུབ་པའི་ཐབས་སྟོན་པའི་གདམས་ངག་དང༌། བསྟན་བྱ་སྒྲུབ་པ་ངོས་གཟུང་བ་དང་གཉིས། དང་པོ་༼སྒྲུབ་པའི་ཐབས་སྟོན་པའི་གདམས་ངག་༽ལ། སྤྱིར་བཤད་པ་དང༌། འདིར་བསྟན་གདམས་ངག་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་༼སྤྱིར་བཤད་པ་༽ལ།

གཉིས་པ་༼བསྟན་གདམས་ངག་བྱེ་བྲག་ཏུ་བཤད་པ་༽ལ་མཚན་ཉིད་ནི།

གཉིས་པ་བདེན་པ་བཞི་ལ་འདོམས་པའི་གདམས་ངག་ལ། མཚན་ཉིད་དངོས་དང༌། དམིགས་ཡུལ་བདེན་པ་བཞི་བཤད་པའོ། །དང་པོ་༼མཚན་ཉིད་དངོས་༽ནི།

གཉིས་པ་༼དམིགས་ཡུལ་བདེན་པ་བཞི་བཤད་པ་༽ལ།

གསུམ་པ་འགོག་བདེན་ལ་མཚན་ཉིད་ནི།

བཞི་པ་ལམ་གྱི་བདེན་པ་ལ་མཚན་ཉིད་ནི།

གསུམ་པ་རྟེན་དཀོན་མཆོག་གསུམ་ལ་འདོམས་པའི་གདམས་ངག་ལ། མཚན་ཉིད་དངོས་དང༌། རྟེན་དཀོན་མཆོག་གསུམ་བཤད་པའོ། །དང་པོ་༼མཚན་ཉིད་དངོས་༽ལ།

གཉིས་པ་༼རྟེན་དཀོན་མཆོག་གསུམ་བཤད་པ་༽ལ། དཀོན་མཆོག་གསུམ་གྱི་རྣམ་གཞག་སྤྱིར་བསྟན་པ་དང༌། རྟོགས་དཀའ་བ་དགེ་འདུན་དཀོན་མཆོག་བྱེ་བྲག་ཏུ་བཤད་པའོ། །དང་པོ་༼རྣམ་གཞག་སྤྱིར་བསྟན་པ་༽ལ།

གཉིས་པ་རྟོགས་དཀའ་བ་དགེ་འདུན་དཀོན་མཆོག་བྱེ་བྲག་ཏུ་བཤད་པ་ལ། མཚོན་བྱེད་དཔེའི་དགེ་འདུན་དང༌། མཚོན་བྱ་དོན་གྱི་དགེ་འདུན་གཉིས། དང་པོ་༼མཚོན་བྱེད་དཔེའི་དགེ་འདུན་༽ལ། གང་ལ་གནས་པ་འབྲས་བུའི་རྣམ་པར་བཞག་པ་དང༌། གང་གནས་པ་གང་ཟག་གི་རྣམ་པར་བཞག་པའོ། །དང་པོ་༼གང་ལ་གནས་པ་འབྲས་བུའི་རྣམ་པར་བཞག་པ་༽ལ། དགེ་ཚུལ་དང༌། དེའི་འབྲས་བུ་གཉིས། དང་པོ་༼དགེ་ཚུལ་༽ལ།

གཉིས་པ་གང་གནས་པ་གང་ཟག་གི་རྣམ་པར་བཞག་པ་ལ། སྤང་བྱ་ཅིག་ཅར་བ་དང༌། རིམ་གྱིས་པ་གཉིས། དང་པོ་༼སྤང་བྱ་ཅིག་ཅར་བ་༽ལ་མཚན་ཉིད་ནི།

གཉིས་པ་༼རིམ་གྱིས་པ་༽ལ།

ཆགས་བྲལ་སྔོན་སོང་བ་དང༌། ཆགས་བྲལ་སྔོན་དུ་མ་སོང་བའི་སྤང་བྱ་རིམ་གྱིས་པ་གཉིས། དང་པོ་༼ཆགས་བྲལ་སྔོན་སོང་བ་༽ལ།

གཉིས་པ་༼ཆགས་བྲལ་སྔོན་དུ་མ་སོང་བའི་སྤང་བྱ་རིམ་གྱིས་པ་༽ལ་མཚན་ཉིད་དང༌།

གཉིས་པ་མཚོན་བྱ་དོན་གྱི་དགེ་འདུན་ལ་མཚན་ཉིད་དང༌། དབྱེ་བའོ། །

བཞི་པ་མི་མཐུན་ཕྱོགས་སེལ་བྱེད་བརྩོན་འགྲུས་གསུམ་ལ་འདོམས་པའི་གདམས་ངག་ལ། གདམས་ངག་དངོས་ཀྱི་མཚན་ཉིད་དང༌། ཡུལ་བརྩོན་འགྲུས་གསུམ་གྱི་མཚན་ཉིད་བཤད་པའོ། །དང་པོ་༼གདམས་ངག་དངོས་ཀྱི་མཚན་ཉིད་༽ནི།

གཉིས་པ་༼ཡུལ་བརྩོན་འགྲུས་གསུམ་གྱི་མཚན་ཉིད་བཤད་པ་༽ལ།

ལྔ་པ་སྤྱན་དང་མངོན་ཤེས་ལ་འདོམས་པའི་གདམས་ངག་ལ། དངོས་དང༌། ཡུལ་སྤྱན་དང༌། མངོན་ཤེས་ཀྱི་མཚན་ཉིད་བཤད་པའོ། །དང་པོ་༼དངོས་༽ནི།

གཉིས་པ་༼ཡུལ་སྤྱན་༽ལ་སྤྱན་བཤད་པ་དང༌། མངོན་ཤེས་བཤད་པ་གཉིས། དང་པོ་ལ་མཚན་ཉིད་དང༌། དབྱེ་བའོ། །

དྲུག་པ་སྒྲུབ་པ་མཐར་ཐུག་པའི་རྒྱུ་མཐོང་སྒོམ་གཉིས་ལ་འདོམས་པའི་གདམས་ངག་ལ།

གཉིས་པ་བསྟན་བྱ་སྒྲུབ་པ་ཉིད་བཤད་པ་ལ། སྒྲུབ་པའི་དང་པོ་ངེས་འབྱེད་ཡན་ལག་བཤད་པ་དང༌། སྒྲུབ་པ་ཁྱད་པར་དུ་འཕེལ་བའི་རིམ་པ་བཤད་པའོ། །དང་པོ་༼སྒྲུབ་པའི་དང་པོ་ངེས་འབྱེད་ཡན་ལག་བཤད་པ་༽ལ།

གཉིས་པ་སྒྲུབ་པ་ཁྱད་པར་དུ་འཕེལ་བའི་རིམ་པ་བཤད་པ་ལ། སྒྲུབ་པའི་ཡན་ལག་བཤད་པ་དང༌། ཡན་ལག་ཅན་སྒྲུབ་པའི་དབྱེ་བ་བཤད་པའོ། །དང་པོ་༼སྒྲུབ་པའི་ཡན་ལག་བཤད་པ་༽ལ། སྒྲུབ་པའི་རྟེན་དང༌། དམིགས་པ་གཉིས། དང་པོ་༼སྒྲུབ་པའི་རྟེན་༽ལ། བསྟན་བྱའི་གཙོ་བོ་བཤད་པ་དང༌། དེ་ལས་འཕྲོས་པའི་དོན་བཤད་པའོ། །དང་པོ་༼བསྟན་བྱའི་གཙོ་བོ་བཤད་པ་༽ལ།

གཉིས་པ་དེ་ལས་འཕྲོས་ནས་རིགས་ཀྱི་རྣམ་པར་བཞག་པ་ལ།

གཉིས་པ་སྒྲུབ་པའི་དམིགས་པ་བཤད་པ་ལ། སྒྲུབ་པའི་སྒྲོ་འདོགས་གཅད་པར་བྱ་བའི་དམིགས་པ་དང༌། སྒྲུབ་པའི་ཆེད་དུ་བྱ་བའི་དམིགས་པ་གཉིས། དང་པོ་༼སྒྲུབ་པའི་སྒྲོ་འདོགས་གཅད་པར་བྱ་བའི་དམིགས་པ་༽ལ།

གཉིས་པ་ཆེད་དུ་བྱ་བའི་དམིགས་པ་ལ།

གཉིས་པ་སྒྲུབ་པའི་དབྱེ་བ་སྟོན་པར་བྱེད་པ་ལ། དབྱེ་གཞི་དང༌། དབྱེ་ངོ་གཉིས། དང་པོ་༼དབྱེ་གཞི་༽ནི།

ཐེག་ཆེན་གྱི་སྒྲུབ་པ་ལ་ས་མཚམས་ཀྱི་སྒོ་ནས་དབྱེ་ན། གོ་ཆའི་སྒྲུབ་པ། འཇུག་པའི་སྒྲུབ་པ། ཚོགས་ཀྱི་སྒྲུབ་པ། ངེས་འབྱུང་གི་སྒྲུབ་པ་དང་བཞིའོ། །དང་པོ་ལ་༼གོ་ཆའི་སྒྲུབ་པ་༽མཚན་ཉིད་ནི།

གཉིས་པ་༼འཇུག་པའི་སྒྲུབ་པ་༽ནི།

གསུམ་པ་ཚོགས་སྒྲུབ་ལ་མཚན་ཉིད་ནི།

བཞི་པ་ངེས་འབྱུང་གི་སྒྲུབ་པ་ལ་མཚན་ཉིད་ནི།

གཉིས་པ་རྒྱུ་མཁྱེན་པ་གཉིས་ཀྱི་ཡན་ལག་རྒྱས་པར་བཤད་པ་ལ། རྒྱུའི་གཙོ་བོ་ལམ་ཤེས་ཀྱི་ཡན་ལག་རྒྱས་པར་བཤད་པ་དང༌། དེ་ལ་བླང་དོར་བྱ་བའི་ཡན་ལག་གཞི་ཤེས་ཀྱི་ཡན་ལག་རྒྱས་པར་བཤད་པ་གཉིས། དང་པོ་༼རྒྱུའི་གཙོ་བོ་ལམ་ཤེས་ཀྱི་ཡན་ལག་རྒྱས་པར་བཤད་པ་༽ལ། ལམ་ཤེས་ཀྱི་ཡན་ལག་དང༌། ཡན་ལག་ཅན་གྱི་ལམ་ཤེས་གཉིས། ལམ་ཤེས་ཀྱི་ཁྱད་པར་བྱ་བྱེད་གང་གིས་བསྡུས་པའི་ཆོས་དེ།

གཉིས་པ་ལམ་ཤེས་ཀྱི་ཁྱད་པར་བྱེད་ཆོས་ལ་མཚན་ཉིད་ནི།

གཉིས་པ་ཡན་ལག་ཅན་གྱི་ལམ་ཤེས་ལ། མཚན་ཉིད་དང༌། དབྱེ་བ་གཉིས།

གཉིས་པ་དབྱེ་བ་ལ། ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས། རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས། བྱང་སེམས་ཀྱི་ལམ་ཤེས་པའི་ལམ་ཤེས་དང་གསུམ། དང་པོ་༼ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་༽ལ་མཚན་ཉིད་དང༌། ཤེས་བྱ་ལམ་གྱི་རྣམ་གཞག་གཉིས། དང་པོ་མཚན་ཉིད་ནི།

གཉིས་པ་༼ཤེས་བྱ་ལམ་གྱི་རྣམ་གཞག་༽ལ་དངོས་དང༌། རྒྱུ་ངེས་འབྱེད་ཆ་མཐུན་གཉིས།

དང་པོ་༼དངོས་༽ནི།

གཉིས་པ་རྒྱུ་ངེས་འབྱེད་ཆ་མཐུན་ལ།

གཉིས་པ་༼རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་༽ལ་མཚན་ཉིད་དངོས་དང༌། ཤེས་བྱ་ལམ་གྱི་རྣམ་གཞག་གཉིས།

ཤེས་པར་བྱ་བའི་རང་རྒྱལ་གྱི་ལམ་ལ། ལམ་རང་གི་ངོ་བོའི་ཁྱད་པར་དང༌། ཉན་ཐོས་ཀྱི་ལམ་ལས་ཁྱད་ཞུགས་པའི་ཁྱད་པར་གཉིས། དང་པོ་༼ལམ་རང་གི་ངོ་བོའི་ཁྱད་པར་༽ལ། གཟུང་རྟོག་སྤོང་བའི་ཁྱད་པར། འཛིན་རྟོག་མི་སྤོང་བའི་ཁྱད་པར། རྟེན་རིགས་ཀྱི་ཁྱད་པར་རོ། །

གཉིས་པ་༼ཉན་ཐོས་ཀྱི་ལམ་ལས་ཁྱད་ཞུགས་པའི་ཁྱད་པར་༽ལ།

གསུམ་པ་༼བྱང་སེམས་ཀྱི་ལམ་ཤེས་པའི་ལམ་ཤེས་༽ལ་མཚན་ཉིད་དངོས་དང༌། ཤེས་བྱ་ལམ་གྱི་རྣམ་པར་བཞག་པ་གཉིས།

གཉིས་པ་༼ཤེས་བྱ་ལམ་གྱི་རྣམ་པར་བཞག་པ་༽ལ་དངོས་དང༌། རྒྱུ་ངེས་འབྱེད་ཆ་མཐུན་མི་སྟོན་པའི་རྒྱུ་མཚན་གཉིས། དང་པོ་༼དངོས་༽ལ་མཚན་ཉིད་ནི།

གཉིས་པ་༼རྒྱུ་ངེས་འབྱེད་ཆ་མཐུན་མི་སྟོན་པའི་རྒྱུ་མཚན་༽ནི།

གཉིས་པ་ཐེག་ཆེན་སྒོམ་ལམ་ལ། སྒོམ་ལམ་གྱི་བྱེད་པ་དང༌། བྱེད་པ་ཅན་གྱི་སྒོམ་ལམ་གཉིས། དང་པོ་༼སྒོམ་ལམ་གྱི་བྱེད་པ་༽ལ་མཚན་ཉིད་ནི།

གཉིས་པ་༼བྱེད་པ་ཅན་གྱི་སྒོམ་ལམ་༽ལ་མཚན་ཉིད་དང༌། དབྱེ་བ་གཉིས།

དང་པོ་༼མཚན་ཉིད་༽ལ་མཚན་ཉིད་དངོས་དང༌། མོས་པའི་རྣམ་གཞག་གཉིས། དང་པོ་༼དངོས་༽ནི།

གཉིས་པ་མོས་པའི་རྣམ་གཞག་ལ། དངོས་དང༌། ཕན་ཡོན་གཉིས། དང་པོ་༼དངོས་༽ལ་མཚན་ཉིད་ནི།

གཉིས་པ་ཕན་ཡོན་ལ་མཚན་ཉིད་ནི།

གཉིས་པ་བསྔོ་བ་ཡིད་ལ་བྱེད་པའི་བླ་ན་མེད་པའི་སྒོམ་ལམ་ལ། མཚན་ཉིད་དངོས་དང༌། བསྔོ་བའི་རྣམ་གཞག་གཉིས།

མཚན་ཉིད་ནི།

གཉིས་པ་༼བསྔོ་བའི་རྣམ་གཞག་༽ལ།

གསུམ་པ་རྗེས་སུ་ཡི་རང་བའི་སྒོམ་ལམ་ལ། མཚན་ཉིད་དངོས་དང༌། ཡི་རང་གི་རྣམ་གཞག་གཉིས། དང་པོ་༼མཚན་ཉིད་དངོས་༽ནི།

གཉིས་པ་༼ཡི་རང་གི་རྣམ་གཞག་༽ལ་མཚན་ཉིད་ནི།

གཉིས་པ་ཟག་མེད་སྒོམ་ལམ་ལ། ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས་གང་ཞིག མཉམ་བཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངོ་བོར་སྐྱེས་པ་དེ། དེའི་མཚན་ཉིད། དབྱེ་ན། ཐེག་ཆེན་གྱི་སྒྲུབ་པ་སྒོམ་ལམ་དང༌། རྣམ་དག་སྒོམ་ལམ་གཉིས། དང་པོ་༼ཐེག་ཆེན་གྱི་སྒྲུབ་པ་སྒོམ་ལམ་༽ལ།

གཉིས་པ་༼རྣམ་དག་སྒོམ་ལམ་༽ལ་མཚན་ཉིད་དངོས་དང༌། མདོ་ལས་གསུངས་པའི་རྣམ་དག་གི་དབྱེ་བ་བཤད་པའོ། །དང་པོ་༼མཚན་ཉིད་དངོས་༽ནི།

གཉིས་པ་༼མདོ་ལས་གསུངས་པའི་རྣམ་དག་གི་དབྱེ་བ་བཤད་པ༽ལ་མཚན་ཉིད་ནི།

གཉིས་པ་བླང་དོར་བྱ་བའི་ཡན་ལག་གཞི་ཤེས་ལ། འཇུག་ཡུལ་གཞི་ཤེས། འཇུག་པ་སྦྱོར་བ། ཞུགས་འབྲས་མཐོང་ལམ་དང་གསུམ། དང་པོ་༼འཇུག་ཡུལ་གཞི་ཤེས་༽ལ་མཚན་ཉིད་དང༌། དབྱེ་བའོ། །དང་པོ་༼མཚན་ཉིད་༽ནི།

གཉིས་པ་འཇུག་པ་སྦྱོར་བ་ལ། དངོས་དང༌། མཉམ་ཉིད་གཉིས། དང་པོ་༼དངོས་༽ལ། དངོས་བསྟན་བྱང་སེམས་ཀྱི་སྦྱོར་བ་དང༌། ཤུགས་བསྟན་ཉན་རང་གི་སྦྱོར་བ་རྣམས་སོ། །དང་པོ་༼དངོས་བསྟན་བྱང་སེམས་ཀྱི་སྦྱོར་བ་༽ལ།

གཉིས་པ་སྤྱིར་མཚན་ཉིད་གསུམ་གྱི་རྣམ་པར་བཞག་པ་ལ། རྣམ་རིག་པའི་ལུགས་དང༌། དབུ་མ་པའི་ལུགས་གཉིས། དང་པོ་༼རྣམ་རིག་པའི་ལུགས་༽ལ།

གཉིས་པ་དབུ་མ་པའི་ལུགས་ལ།

གཉིས་པ་ཤུགས་བསྟན་ཉན་རང་གི་སྦྱོར་བ་ལ། མཚན་ཉིད་ནི།

གསུམ་པ་ཞུགས་འབྲས་མཐོང་ལམ་ལ། དངོས་བསྟན་བྱང་སེམས་ཀྱི་དང༌། ཤུགས་བསྟན་ཐེག་དམན་གྱི་མཐོང་ལམ་མོ།།

གཉིས་པ་༼ཤུགས་བསྟན་ཐེག་དམན་གྱི་མཐོང་ལམ་༽ལ།

གཉིས་པ་ཉམས་སུ་ལེན་པའི་ཐབས་སྦྱོར་བ་བཞི་བཤད་པ་ལ། དབང་དུ་བྱེད་པ་རྒྱུ་འབྲས་ཀྱི་ཡན་ལག་རྒྱས་པར་བཤད་པ་དང༌། བརྟན་པ་རྒྱུ་འབྲས་ཀྱི་ཡན་ལག་རྒྱས་པར་བཤད་པ་གཉིས། དང་པོ་༼དབང་དུ་བྱེད་པ་རྒྱུ་འབྲས་ཀྱི་ཡན་ལག་རྒྱས་པར་བཤད་པ་༽ལ། རྒྱུ་རྣམ་རྫོགས་སྦྱོར་བའི་ཡན་ལག་རྒྱས་པར་བཤད་པ་དང༌། འབྲས་བུ་རྩེ་སྦྱོར་གྱི་ཡན་ལག་རྒྱས་པར་བཤད་པའོ། །དང་པོ་༼རྒྱུ་རྣམ་རྫོགས་སྦྱོར་བའི་ཡན་ལག་རྒྱས་པར་བཤད་པ་༽ལ། སྤྱིར་ཐེག་ཆེན་གྱི་སྦྱོར་བ་ལ། འཇུག་ཚུལ་གཏན་ལ་དབབ་པ་དང༌། བྱེ་བྲག་ཏུ་རྣམ་རྫོགས་སྦྱོར་བ་རྒྱུད་ལ་སྐྱེས་པའི་སྒོམ་ལམ་གྱི་རང་བཞིན་གཏན་ལ་དབབ་པའོ། །དང་པོ་༼སྤྱིར་ཐེག་ཆེན་གྱི་སྦྱོར་བ་༽ལ། མཚོན་བྱ་ཐེག་ཆེན་གྱི་སྦྱོར་བ་བཤད་པ་དང༌། དེའི་མཚན་ཉིད་ཀྱིས་མཚོན་པའི་ཚུལ་བཤད་པའོ། །དང་པོ་༼མཚོན་བྱ་ཐེག་ཆེན་གྱི་སྦྱོར་བ་བཤད་པ་༽ལ། བསྒོམ་བྱའི་རྣམ་པ་བཤད་པ་དང༌། སྒོམ་པ་པོའི་གང་ཟག་གི་རྣམ་པ་དེ་སྒོམ་པར་བྱེད་པའི་རྣལ་འབྱོར་བཤད་པའོ། །དང་པོ་༼བསྒོམ་བྱའི་རྣམ་པ་བཤད་པ་༽ལ་སྤྱིར་བཤད་པ་དང༌། སྐབས་སུ་བབས་པའི་རྣམ་པ་བཤད་པའོ། །དང་པོ་༼སྤྱིར་བཤད་པ་༽ལ།

གསུམ་པ་རྫུ་འཕྲུལ་གྱི་རྐང་པ་ལ།

གཉིས་པ་ཐུན་མོང་མ་ཡིན་པའི་རྣམ་མཁྱེན་གྱི་ཤེས་རྣམ་ནི།

གཉིས་པ་སྒོམ་པ་པོའི་གང་ཟག་གིས་བསྒོམ་པའི་རྣལ་འབྱོར་བཤད་པ་ལ། སྒོམ་པ་པོའི་གང་ཟག་བཤད་པ་དང༌། བསྒོམ་པའི་རྣལ་འབྱོར་བཤད་པའོ། །དང་པོ་༼སྒོམ་པ་པོའི་གང་ཟག་བཤད་པ་༽ལ་མཚན་ཉིད་ནི།

གཉིས་པ་བསྒོམ་པའི་རྣལ་འབྱོར་ལ།

གཉིས་པ་རྣམ་རྫོགས་སྦྱོར་བ་རྒྱུད་ལ་སྐྱེས་པའི་གོ་རིམ་བཤད་པ་ལ། རྣམ་རྫོགས་སྦྱོར་བ་ཙམ་སྐུ་གསུམ་སོ་སོར་མ་ཕྱེ་བའི་རྒྱུར་བསྒོམ་པའི་ཚུལ་དང༌། སྦྱོར་བ་ཁྱད་པར་ཅན་སྐུ་གསུམ་འཕྲིན་ལས་དང་བཅས་པ་སོ་སོར་ངེས་པའི་རྒྱུར་བསྒོམ་པའི་ཚུལ་ལོ། །དང་པོ་༼སྐུ་གསུམ་སོ་སོར་མ་ཕྱེ་བའི་རྒྱུར་བསྒོམ་པའི་ཚུལ་༽ལ་སྦྱོར་བ་ཙམ་ངོས་གཟུང་བ་དང༌། རྟེན་གྱི་གང་ཟག་ཕྱིར་མི་ལྡོག་པའི་ཕན་ཡོན་གྱི་སྒོ་ནས་བཤད་པའོ། །དང་པོ་༼སྦྱོར་བ་ཙམ་ངོས་གཟུང་བ་༽ལ།

ཚོགས་ལམ་གྱི་རྣམ་རྫོགས་སྦྱོར་བ་དང༌། སྦྱོར་ལམ་གྱི་རྣམ་རྫོགས་སྦྱོར་བ་གཉིས། དང་པོ་༼ཚོགས་ལམ་གྱི་རྣམ་རྫོགས་སྦྱོར་བ་༽ལ།

གཉིས་པ་༼སྦྱོར་ལམ་གྱི་རྣམ་རྫོགས་སྦྱོར་བ་༽ལ་ནི།

གཉིས་པ་༼རྟེན་གྱི་གང་ཟག་ཕྱིར་མི་ལྡོག་པའི་ཕན་ཡོན་གྱི་སྒོ་ནས་བཤད་པ་༽ལ་ནི།

གཉིས་པ་༼སྐུ་གསུམ་འཕྲིན་ལས་དང་བཅས་པ་སོ་སོར་ངེས་པའི་རྒྱུར་བསྒོམ་པའི་ཚུལ་༽ལ། སྐུ་གསུམ་སོ་སོར་ངེས་པའི་རྒྱུ་སྦྱོར་བ་བཤད་པ་དང༌། འཕྲིན་ལས་ཀྱི་རྒྱུ་ཐབས་མཁས་ཀྱི་སྦྱོར་བ་བཤད་པའོ། །དང་པོ་༼སྐུ་གསུམ་སོ་སོར་ངེས་པའི་རྒྱུ་སྦྱོར་བ་བཤད་པ་༽ལ་ཆོས་སྐུའི་རྒྱུ་སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ་དང༌། གཟུགས་སྐུའི་རྒྱུ་ཞིང་དག་པའི་སྦྱོར་བའོ། །དང་པོ་༼ཆོས་སྐུའི་རྒྱུ་སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ་༽ནི།

གཉིས་པ་༼གཟུགས་སྐུའི་རྒྱུ་ཞིང་དག་པའི་སྦྱོར་བ༽ནི།

གཉིས་པ་༼འཕྲིན་ལས་ཀྱི་རྒྱུ་ཐབས་མཁས་ཀྱི་སྦྱོར་བ་བཤད་པ་༽ནི།

གཉིས་པ་དབང་ཐོབ་པའི་ཚུལ་གྱིས་བསྒོམ་པ་རྩེ་མོའི་སྦྱོར་བ་ལ། སོ་སོ་སྐྱེ་བོའི་རྩེ་སྦྱོར་དང༌། འཕགས་པའི་རྩེ་སྦྱོར་གཉིས། དང་པོ་༼སོ་སོ་སྐྱེ་བོའི་རྩེ་སྦྱོར་༽ལ་མཚན་ཉིད་ནི།

གཉིས་པ་འཕགས་པའི་རྩེ་སྦྱོར་ལ། ཤེས་སྒྲིབ་རགས་པའི་གཉེན་པོར་གྱུར་པའི་རྩེ་སྦྱོར་དང༌། གནས་ངན་ལེན་གྱི་དྲི་མ་ཕྲ་བའི་གཉེན་པོར་གྱུར་པའི་རྩེ་སྦྱོར་གཉིས། དང་པོ་༼ཤེས་སྒྲིབ་རགས་པའི་གཉེན་པོར་གྱུར་པའི་རྩེ་སྦྱོར་༽ལ། མཐོང་ལམ་རྩེ་སྦྱོར་དང༌། སྒོམ་ལམ་རྩེ་སྦྱོར་གཉིས། དང་པོ་༼མཐོང་ལམ་རྩེ་སྦྱོར་༽ལ། སྤང་བྱ་རྟོག་པ་བཤད་པ་དང༌། གཉེན་པོ་མཐོང་ལམ་རྩེ་སྦྱོར་བཤད་པ་གཉིས། དང་པོ་༼སྤང་བྱ་རྟོག་པ་བཤད་པ་༽ལ།

གཉིས་པ་༼གཉེན་པོ་མཐོང་ལམ་རྩེ་སྦྱོར་བཤད་པ་༽ལ། ཉེར་ལེན་གྱི་རྒྱུ་མཐོང་ལམ་རྩེ་སྦྱོར་གྱིས་སྤང་བྱ་རྟོག་པ་སྤངས་པའི་སྟོབས་ཀྱིས་ཐོབ་པའི་ཉེར་ལེན་ཅན་གྱི་འབྲས་བུ་བཤད་པ་དང༌། ཉེར་ལེན་གྱི་རྒྱུ་མཐོང་ལམ་རྩེ་སྦྱོར་ཉིད་བཤད་པའོ། །དང་པོ་༼ཉེར་ལེན་གྱི་རྒྱུ་མཐོང་ལམ་རྩེ་སྦྱོར་གྱིས་སྤང་བྱ་རྟོག་པ་སྤངས་པའི་སྟོབས་ཀྱིས་ཐོབ་པའི་ཉེར་ལེན་ཅན་གྱི་འབྲས་བུ་བཤད་པ་༽ལ། ལྷན་ཅིག་བྱེད་པའི་རྐྱེན་བཤད་པ་དང༌། འབྲས་བུ་བྱང་ཆུབ་ཆེན་པོ་དངོས་བཤད་པའོ། །དང་པོ་༼ལྷན་ཅིག་བྱེད་པའི་རྐྱེན་བཤད་པ་༽ལ།

གཉིས་པ་བྱང་ཆུབ་ཆེན་པོ་ལ་དངོས་དང༌། ཞར་ལ་རྣལ་འབྱོར་ས་བཞི་བཤད་པའོ། །དང་པོ་༼དངོས་༽ལ་བྱང་ཆེན་ཙམ་དང༌། འདིར་དངོས་སུ་བསྟན་པའི་བྱང་ཆེན་གཉིས། དང་པོ་༼བྱང་ཆེན་ཙམ་༽ནི།

གཉིས་པ་༼དངོས་སུ་བསྟན་པའི་བྱང་ཆེན་༽ནི།

གཉིས་པ་༼ཞར་ལ་རྣལ་འབྱོར་ས་བཞི་བཤད་པ་༽ནི།

གཉིས་པ་༼ཉེར་ལེན་གྱི་རྒྱུ་མཐོང་ལམ་རྩེ་སྦྱོར་ཉིད་བཤད་པ་༽ལ་སྤོང་ལམ་བཤད་པ་དང༌། ཁྱད་པར་གྱི་ལམ་བཤད་པ་གཉིས། དང་པོ་༼སྤོང་ལམ་བཤད་པ་༽ལ།

གཉིས་པ་ཁྱད་པར་གྱི་ལམ་ལ་མཉམ་གཞག་སེང་གེ་རྣམ་བསྒྱིངས་དང༌། རྗེས་ཐོབ་རྟེན་འབྲེལ་ལ་རྟོག་ཚུལ་གཉིས།

གཉིས་པ་སྒོམ་ལམ་རྩེ་སྦྱོར་ལ་སྒོམ་ལམ་རྩེ་སྦྱོར་གྱི་སྤངས་བྱ་རྟོག་པ་ཇི་ལྟར་སྤོང་བའི་ཚུལ་དང༌། དེས་སྤངས་པས་ཐོབ་པའི་བརྟེན་པ་ཡོན་ཏན་བཤད་པའོ། །དང་པོ་༼སྒོམ་ལམ་རྩེ་སྦྱོར་གྱི་སྤངས་བྱ་རྟོག་པ་ཇི་ལྟར་སྤོང་བ་༽ལ། གཉེན་པོ་སྒོམ་ལམ་རྩེ་སྦྱོར་དང༌། སྤངས་བྱ་རྟོག་པ་གཉིས། དང་པོ་༼གཉེན་པོ་སྒོམ་ལམ་རྩེ་སྦྱོར་༽ལ།

གཉིས་པ་༼སྤངས་བྱ་རྟོག་པ་༽ལ།

གཉིས་པ་༼སྤངས་པས་ཐོབ་པའི་བརྟེན་པ་ཡོན་ཏན་བཤད་པ༽ལ།

གཉིས་པ་ལ། དངོས་དང༌། དམིགས་རྣམ་གཉིས། དང་པོ་༼དངོས་༽ལ།

གཉིས་པ་༼དམིགས་རྣམ་༽ལ། དམིགས་རྣམ་དངོས་དང༌། དམིགས་རྣམ་ལ་རྩོད་པའི་ལོག་སྒྲུབ་གཉིས། དང་པོ་༼དམིགས་རྣམ་དངོས་༽ལ།

གཉིས་པ་༼དམིགས་རྣམ་ལ་རྩོད་པའི་ལོག་སྒྲུབ་༽ལོག་སྒྲུབ་ལ།

གཉིས་པ་བརྟན་པ་རྒྱུ་འབྲས་ལ། རྒྱུ་མཐར་གྱིས་པའི་སྦྱོར་བ་དང༌། འབྲས་བུ་སྐད་ཅིག་མའི་སྦྱོར་བ་གཉིས། དང་པོ་༼རྒྱུ་མཐར་གྱིས་པའི་སྦྱོར་བ་༽ལ།

གཉིས་པ་༼འབྲས་བུ་སྐད་ཅིག་མའི་སྦྱོར་བ་༽ལ།

གཉིས་པ་འབྲས་བུ་སྐད་ཅིག་མའི་སྦྱོར་བ་ལ། དངོས་དང༌། སྦྱོར་བཞིའི་དོན་ལྡོག་བསྡུས་ཏེ་བཤད་པའོ། །དང་པོ་༼དངོས་༽ལ།

རྟོགས་བྱེད་བློའི་སྒོ་ནས་ཡོན་ཏན་མངོན་དུ་བྱེད་པའི་སྐད་ཅིག་སྦྱོར་དང༌། རྟོགས་བྱ་ཡུལ་གྱི་སྒོ་ནས་ཡུལ་རྟོགས་ཚུལ་གྱི་སྐད་ཅིག་སྦྱོར་གཉིས། དང་པོ་༼རྟོགས་བྱེད་བློའི་སྒོ་ནས་ཡོན་ཏན་མངོན་དུ་བྱེད་པའི་སྐད་ཅིག་སྦྱོར་༽ལ།

གཉིས་པ་༼རྟོགས་བྱ་ཡུལ་གྱི་སྒོ་ནས་ཡུལ་རྟོགས་ཚུལ་གྱི་སྐད་ཅིག་སྦྱོར་༽ལ།

གཉིས་པ་༼སྦྱོར་བཞིའི་དོན་ལྡོག་བསྡུས་ཏེ་བཤད་པ༽ལ་།

གཉིས་པ་འབྲས་བུ་ཆོས་སྐུ་ལ། རྟེན་སྐུ་དང་ཡེ་ཤེས་བཤད་པ་དང༌། བརྟེན་པ་འཕྲིན་ལས་བཤད་པའོ། །དང་པོ་༼རྟེན་སྐུ་དང་ཡེ་ཤེས་བཤད་པ་༽ལ། སྐུ་བཤད་པ་དང༌། ཞར་ལ་ཡེ་ཤེས་བཤད་པའོ། །དང་པོ་༼སྐུ་བཤད་པ་༽ལ།

གཉིས་པ་ཡེ་ཤེས་ཆོས་སྐུ་ལ་མཚན་ཉིད་ནི།

གསུམ་པ་ལོངས་སྤྱོད་རྫོགས་པའི་སྐུ་ལ་མཚན་ཉིད་ནི།

གཉིས་པ་འཕྲིན་ལས་ལ།

དེབ་ཕྲེང་འདི་ཡི་ཁོངས་གཏོགས་འཕྲུལ་དེབ་གཞན།