ཕྱག་རྒྱ་ཆེན་པོ་ལྔ་ལྡན་ལས་བཀའ་བརྒྱུད་ཞལ་ལུང་བདུད་རྩིའི་ཐིགས་པ།

Drops of Nectar: The Kagyu Oral Transmission of the Fivefold Mahāmudrā

བསྟན་བཅོས་འདི་ཉིད་མཛད་པ་པོ། འཕྲེང་པོ་གཏེར་སྟོན་ཤེས་རབ་འོད་གསལ་ནི། འབྲི་གུང་རྒྱལ་དབང་རིན་ཆེན་ཕུན་ཚོགས་ཀྱི་དངོས་སློབ་མཁས་གྲུབ་ཀྱི་གོ་འཕང་ཐོབ་པའི་བདག་ཉིད་ཆེན་པོ་ཞིག་ཡིན། དམིགས་བསལ་ཁྱད་ཆོས་ནི། ལྔ་ལྡན་གྱི་ལམ་རིམ་ཐུན་མོང་སྔོན་འགྲོ་བཞི་བསྒོམས་ནས། ཐུན་མིན་སྔོན་འགྲོ་སྐྱབས་འགྲོ་བསྒོམས་ཤིང་། མདུན་མཁར་འཇའ་འོད་འཁྲིགས་པའི་གུར་ཁང་དབུས་སུ། རྡོ་རྗེ་འཆང་ལ་རྩ་བརྒྱུད་བླ་མ་དང་། མདུན་དུ་པད་ཟླའི་གདན་ལ་ཇོ་བོ་ཐུགས་རྗེ་ཆེན་པོ་ཕྱག་བཞི་པ་ལ་རྒྱུད་སྡེ་བཞིའི་ཡི་དམ་གྱིས་བསྐོར་བ་ཅན་དང་། སྐྱབས་འགྲོའི་རྗེས་སུ་ཚད་མེད་བཞི་དང་བྱང་སེམས་བསྐྱེད། དངོས་གཞི་ལ་ཁྲིད་རིམ་གསུང་རྒྱུན་གྱི་རིམ་པ་ལ། དཔལ་འཁོར་ལོ་སྡོམ་པ་ལྷན་སྐྱེས་ཡབ་ཡུམ་ཡོང་བ་ཡིན་ཀྱང་། ད་ལམ་སྤྱན་དམིགས་སྐྱོང་བདེ་བའི་དབང་དུ་བྱས་ཏེ་ཇོ་བོ་ཐུགས་རྗེས་ཆེན་པོ་ཡི་དམ་དུ་བསྒོམ་པའི་རིམ་པ་བསྟན་ཡོད། བླ་མའི་རྣལ་འབྱོར་རྡོ་རྗེ་འཆང་སྐུ་རྐྱང་ལ། མ་ནམ་བཞི་སྐོར་གྱི་གསོལ་འདེབས་དང་། བློ་ཆོས་སུ་འགྲོ་བ་སོགས་འདོད་དོན་གསོལ། བླ་རྣལ་གྱི་རྫོགས་རིམ་སྐབས་སུ་ཕྱག་ཆེན་སྤྱི་ཁྱབ་ཀྱི་སྒོམ་ཚུལ་སྦྱར་ཞིང་། དེ་ཡང་སྣང་སྟོང་ཟུང་འཇུག་ཁོ་ན་ལས། སྟོང་པ་བསྒོམ་པས་གྲོལ་བ་མ་ཡིན་པའི་ཚུལ་གསལ་པོར་གདམས་ནས། དགེ་བ་འདི་ཡིས་སྐྱེ་བོ་ཀུན་སོགས་རིགས་པ་དྲུག་ཅུ་པའི་བསྔོ་བ་ཚིགས་སུ་བཅད་པས་མཐའ་བརྒྱན་པ་ཡོད། ཁུངས་སྐྱེལ་ནི། ལྔ་ལྡན་རྡོ་རྗེའི་ཚིག་རྐང་གི་ཉམས་ལེན་ལམ་རིམ་གོ་རིམ་གང་ཡིན་པ་གཞིར་བཞག་གིས་བཀོད་ཡོད། གང་གི་ཆེད་དུ་ན། དཔོན་ས་དཔལ་ཆེན་རྒྱལ་མོ་ཞེས་པ་སྡེ་པ་འཕྱོངས་རྒྱས་པའི་བཙུན་མོ་ལ་གནང་བ་ཞིག་གོ།

དཀར་ཆག་མེད།

ས་བཅད་མེད།

དེབ་ཕྲེང་འདི་ཡི་ཁོངས་གཏོགས་འཕྲུལ་དེབ་གཞན།