དབུས་དང་མཐའ་རྣམ་པར་འབྱེད་པའི་ཚིག་ལེའུར་བྱས་པ།

Middle Beyond Extremes

Middle Beyond Extremes
དེབ་ཕྲེང་འདི་ནི་ཀུན་མཁྱེན་མི་ཕམ་དང་། མཁན་པོ་གཞན་དགའ་གཉིས་ཀྱི་གསུངས་མཉམ་སྡེབ་བྱས་པ་ཞིག་ཡིན། དེ་ཡང་མི་ཕམ་པས། ཀཿཐོག་མགོན་པར་ཀ་ཐོག་སི་ཏུ་རིན་པོ་ཆེ་ལ་བྱམས་ཆོས་ལྔའི་བཤད་པ་བྱས་པའི་སྐབས་བརྩམས་པའི་དབུས་དང་མཐའ་རྣམ་པར་འབྱེད་པའི་བསྟན་བཅོས་ཀྱི་འགྲེལ་པ་འོད་ཟེར་ཕྲེང་བ་དང་། གཞན་དགའ་རིན་པོ་ཆེས་སློབ་དཔོན་སངས་རྒྱས་གཉིས་པ་དབྱིག་གཉེན་གྱི་འགྲེལ་བ་ལས་བཏུས་ནས་མཆན་དུ་བཀོད་པ་གཉིས་གཅིག་ཏུ་བསྒྲིགས་པ་ཞིག་སྣང་། འདིའི་ནང་དོན་ལ། ཐེག་པ་ཆེ་ཆུང་མཐའ་དག་གི་ལམ་གྱི་གནད་ཟབ་མོ་མཐའ་གཉིས་དང་བྲལ་བའི་དེ་ཁོ་ཉིད་སྟོན་པར་བྱེད་པ་ཞིག་ཡིན། དེ་ལ་དབུ་ནས་མི་ཕམ་གསུངས་མཆོད་བརྗོད་ནས་གཞུང་དཀྱུས་ས་བཅད། མཇུག་བྱང་བཅས་དང་། མཆན་ནི་གཞུང་གི་རྩ་བ་དང་སྦྲག་ནས་བཞག་པར་གསལ།

དཀར་ཆག་མེད།

ས་བཅད་མེད།

དེབ་ཕྲེང་འདི་ཡི་ཁོངས་གཏོགས་འཕྲུལ་དེབ་གཞན།