ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པའི་བསྟན་བཅོས་ཀྱི་རྣམ་པར་བཤད་པའི་རྒྱན།

The Third Karmapa’s Ornament That Explains the Treatise on the Distinction Between Phenomena and the Nature of Phenomena

The Third Karmapa’s Ornament That Explains the Treatise on the Distinction Between Phenomena and the Nature of Phenomena
ཆོས་ཉིད་རྣམ་འབྱེད་ཀྱི་འགྲེལ་པ་འདི་ནི། ཀརྨ་པ་གསུམ་པས་སྤྲེལ་ལོ་ཟླ་བ་དང་པོ་ལ་མཛད། དེ་ཡང་ཆོས་ནི་གཉིས་དང་ཅི་ལྟར་མངོན་པར་སྣང་བ་དང་། ཆོས་ཉིད་ནི་དེ་བཞིན་ཉིད་རྣམ་པར་འབྱེད་པ་བསྟན་པ། མགོན་པོ་བྱམས་པས་མཛད་པའི་གཞུང་བཟང་དེའི་འགྲེལ་པ་སྟེ། མཛད་བྱང་དུ། ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པ་རྒྱས་པར་འགྲེལ་པ་རྣམ་པར་བཤད་པའི་རྒྱན་ཅེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྗེས་སུ་བཟུང་བ། རང་བྱུང་རྡོ་རྗེས། རང་ཉིད་ཀྱིས་སྣང་བར་བྱ་བ་དང་། དགེ་བའི་བཤེས་གཉེན་མཁས་གྲུབ་དུ་མས་བསྐུལ་བ་དང་། ཁྱད་པར་དུ་དགེ་བའི་བཤེས་གཉེན་ཀུན་དགའ་བྱམས་པས་བསྐུལ་བ་ལ་བརྟེན་ནས་གསལ་བར་བྱས་པའོ། །ཞེས་འབྱུང་ངོ། །

དཀར་ཆག་མེད།

ས་བཅད་མེད།

དེབ་ཕྲེང་འདི་ཡི་ཁོངས་གཏོགས་འཕྲུལ་དེབ་གཞན།