དྷརྨཱ་ཀ་ར་རྩོམ་སྒྱུར་ཁང་།

༄༅། །ཁྲ་འགུ་དྷརྨཱ་ཀ་ར་རྩོམ་སྒྱུར་ཁང་གི་དམིགས་ཡུལ་གཙོ་བོ་ནི་༸སྐྱབས་རྗེ་ཡོངས་འཛིན་མཁན་ཆེན་ཁྲ་འགུ་རིན་པོ་ཆེ་མཆོག་ནས་དད་ལྡན་གསར་བུ་པ་རྣམས་ཀྱི་ཆེད་དུ་གོ་བདེ་ཕལ་སྐད་ཀྱི་ལམ་ནས་སྩལ་གནང་བའི་ནང་ཆོས་ངོ་སྤྲོད་དང་རྣམ་ཐར། དམིགས་རིམ་དང་སེམས་ཁྲིད། གཞུང་འགྲེལ་དང་བསླབ་བྱ་སོགས་ཀྱི་བཀའ་ཆོས་སྒྲ་འཇུག་བྱས་པ་རྣམས་ཡིག་ཐོག་ཏུ་ཕབ་ནས་དཔེ་དེབ་དང་འཕྲུལ་དེབ་སོགས་ཀྱི་ལམ་ནས་པར་དུ་བསྐྲུན་ཏེ་དད་ལྡན་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་འབུལ་རྒྱུ་ལགས་ན་ཐུགས་དགྱེས་ཚོར་ཆེན་པོ་ཡོང་བའི་རེ་སྨོན་ཞུའོ། །