༼འབོ་དཀར་རྩོམ་སྒྲིག་སྡེ་ཚན།༽ ༧སྐྱབས་རྗེ་མཁན་ཆེན་བློ་གྲོས་དོན་ཡོད་མཆོག་གི་ཐུགས་སྐྱེད་དང་མཛད་ཕྲིན་སྨད་དུ་བྱུང་བའི་ལམ་སྟོན་འོག་འབོ་དཀར་རྩོམ་སྒྲིག་སྡེ་ཚན་འདི་ཉིད་ཕྱི་ལོ་ ༢༠༡༥ ལོར་དབུ་བརྙེས་ཤིང་། དེ་ཡང་༧སྐྱབས་རྗེ་འབོ་དཀར་རྡོ་རྗེ་འཆང་ཆེན་པོ་མཆོག་གི་གསུང་གཙོ་བོར་བྱས་ཏེ་བླ་མ་གོང་མ་དག་གི་ཞལ་གདམས་དཔེ་རྒྱུད་དཀོན་རིགས་རྣམས་སྒྲ་ཕབ་དང་ཕྱོགས་སྒྲིག་དང་དཔེ་བསྐྲུན་གྱི་ལས་ལ་གཞོལ་བཞིན་པ་ལགས་སོ། །