༄༅། དེ་ཡང་གངས་ཅན་ས་ཡི་ཐིག་ལེ་ལྷོ་ཕྱོགས་གཡོ་རུའི་ཆར་གཏོགས་གྲྭ་ཕྱི་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་ནི། ཕྱི་ལོ༡༦༧༠ རབ་དྲག་ལྕགས་ཁྱི་ལོར་གཏེར་ཆེན་རིག་འཛིན་འགྱུར་མེད་རྡོ་རྗེས་ཕྱག་བཏབ། ༧གོང་ས་ལྔ་པ་ཆེན་པོས་མཁོ་དགུའི་ཡོ་བྱད་ཐམས་ཅད་བསྩལ། ཐོག་མར་དགེ་འདུན་གྱི་སྡེ་གསར་བསྡུ་མཛད། དུས་བཞིའི་འཆད་ཉན་གྱི་ཆོས་གྲྭ་དང་། དཀྱིལ་འཁོར་དུ་མའི་སྒྲུབ་མཆོད། གཞ