ལེགས་བཤད་གླིང་དཔེ་སྐྲུན་ཁང་ནི་སྤྱི་ལོ་༡༩༩༩ལོའི་ནང་ལ་ཕྱབ་བཏབ། གློག་རྡུལ་དཔེ་མཛོད་ཕབ་ལེན་ཁང་དེ་སྤྱི་ལོ་༢༠༠༦ལ་དབུ་བརྙེས། ད་བར་ཀརྨ་ལེགས་བཤད་གླིང་ནས་ནང་ཆོས་ཀྱི་གསུང་རབ་རྣམས་ས་བཅད་དྲུག་ལ་ཕྱེ་ནས་པར་བསྐྲུན་ཞུ་བཞིན་ཡོད། ༡༽བཀའ་གྱུར་གཅེས་བསྡུས་ཕྱོགས་བསྒྲིགས། ༢༽ ཕྱག་ཆེན་གཞུང་ཕྱོགས་བསྒྲིགས། ༣༽ ནང་པའི་ལྟ་གྲུབ་དང་རིག་གཞུང་ཕྱོགས་བསྒྲིགས། ༤༽ གསུང་འབུམ་ཕྱོགས་བསྒྲིགས། ༥༽ ཆོ་གའི་འདོན་ཆ་ཕྱོགས་བསྒྲིགས། ༦༽སྒྲ་འཇུག་ཞུས་པའི་ཉེ་མཁོ་སྣ་ཚོགས་ཕྱོགས་བསྒྲིགས་བཅས་སོ། དྲ་རྒྱ་འདི་ནས་ཀརྨ་ལེགས་བཤད་གླིང་གི་ཕྱག་ཆེན་དང་ལྟ་གྲུབ་ཀྱི་གསུང་རབ་ཁག་ཕབ་ལེན་ཞུ་ཐུབ།

Filter Products ཚང་མ་སྟོན་བཞིན་པ 27 སྟོན་བཞིན་པ།
Publishers