༈ ཞེ་ཆེན་རབ་འབྱམས་སྐུ་ཕྲེང་དང་པོ་བསྟན་པའི་རྒྱལ་མཚན་གྱིས་ཕྱི་ལོ་ ༡༦༩༥ ལོར་ཁམས་སྡེ་དགེའི་ས་ཕྱོགས་སུ་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་དགོན་ཐོག་མར་ཕྱག་བཏབ། གངས་ལྗོངས་རིས་མེད་བསྟན་པ་རྒྱ་མཚོའི་མངའ་བདག་༧སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་མཆོག་གིས་སྤྱི་ལོ་ ༡༩༨༠ ལོར་བལ་ཡུལ་ཞེ་ཆེན་དགོན་རྟེན་དང་བརྟེན་པར་བཅས་པ་གསར་བཞེངས་མཛད་ནས་དགེ་འདུན་གྱི་སྡེ་གསར་དུ་བཙུགས། མཐོང་བ་བརྒྱུད་པའི་ཕྱག་བཞེས་དང་། མདོ་སྔག་རིག་གནས་དང་བཅས་པར་ཐོས་བསམ་སྒོམ་གསུམ་དང་། གཟོ་རིག་སྒྱུ་རྩལ་དང་བཅས་པར་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་དུ་གཏོང་གནང་མཛད་པ་མ་ཟད་ལྷག་པར་དུ་རྩ་རླག་ཏུ་འགྲོ་ཉེ་བའི་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེ་གཙོ་བོར་གྱུར་པའི་བཀའ་གཏེར་དག་སྣང་གི་ཆོས་སྐོར་ཕལ་མོ་ཆེ་འཚོལ་སྡུད་ཀྱིས་པར་བསྐྲུན་དང་དེ་དག་གི་དབང་ལུང་མན་ངག་གི་རྒྱུན་མ་ལུས་པ་སྤེལ་བར་མཛད། ༧སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེ་སྐུ་ཞི་བར་གཤེགས་རྗེས་གང་གི་ཐུགས་སྲས་ཀྱི་གཙོ་བོ་ཞེ་ཆེན་ཞྭ་ལམ་རབ་འབྱམས་སྐུ་ཕྲེང་བདུན་པ་འགྱུར་མེད་ཆོས་ཀྱི་སེང་གེ་མཆོག་དང་དགེ་སློང་དཀོན་མཆོག་བསྟན་འཛིན་རྣམ་གཉིས་ནས་ཀྱང་མགོན་པོ་གང་གི་ཐུགས་བཞེད་བཞིན་བསྟན་དོན་སྤྱི་དང་ཁྱད་པར་དུ་གསུང་རབ་པར་བསྐྲུན་གྱི་རིགས་ཡོངས་སུ་རྫོགས་པ་དེང་དུས་རྩིས་འཕྲུལ་ལམ་ནས་སླར་ཡང་མུ་འཐུད་དེ་ཡར་རྒྱས་གནང་བཞིན་ཡོད།། །།

Filter Products ཁྱོན་བསྡོམས་བཙལ་འབྲས་ 1 - 40 ནང་ནས་ 98 སྟོན་བཞིན་པ།