༧བཤད་སྒྲུབ་བསྟན་པའི་མཛེས་རྒྱན་མཚུངས་ཟླ་མ་མཆིས་པ་སྐྱབས་རྗེ་གྲུབ་ཆེན་སངས་རྒྱས་མཉན་པ་བཀྲ་ཤིས་དཔལ་འབྱོར་མཆོག་གི་སྐུའི་སེར་རི་ཕྲེང་བ་རིམ་པར་བྱོན་པ་རྣམས་ཀྱི་གདན་ས་གཞི་མ་ཁ་བ་གངས་ཅན་ལྗོངས་ཀྱི་སྒ་བན་ཆེན་དགོན་དང་། བྱེས་ཀྱི་གདན་ས་གཉིས་པ་བལ་ཡུལ་བན་ཆེན་དགོན་དུ་དཔེ་མཛོད་བན་ཆེན་ལེགས་བཤད་རྒྱུན་སྐྱོང་ཁང་དང་། གསུང་རབ་རྒྱུན་སྤེལ་ཁང་ཞེས་གཉིས་གསར་འཛུགས་གནང་ནས། སྐྱབས་རྗེ་གྲུབ་དབང་སངས་རྒྱས་མཉན་པ་རིན་པོ་ཆེ་མཆོག་དང་། སྐྱབས་རྗེ་བསྟན་དགའ་རིན་པོ་ཆེ་རྣམ་པ་གཉིས་ཀྱི་གསུང་རྩོམ་དང་། དེ་བཞིན་གསུང་ཆོས་རྣམས་ཡིག་ཐོག་ཏུ་ཕབ་ཅིང་པར་དུ་སྐྲུན་ཏེ་དད་ལྡན་སློབ་མ་རྣམས་ཀྱི་སྤྱན་ལམ་དུ་འབུལ་རྒྱུ་དང་། དེ་བཞིན་དཔེ་རྒྱུན་དཀོན་པ་རྣམས་པར་སྐྲུན་ཞུ་བཞིན་ལགས་སོ། །

Filter Products ཚང་མ་སྟོན་བཞིན་པ 15 སྟོན་བཞིན་པ།
Publishers