༄༅། །ཨོཾ་སྭསྟི། དཔལ་གོའུ་ཏ་མ་སངས་རྒྱས་ཀྱི་གཙུག་ལག་ཁང་ངམ་ཤྲཱི་གཽ་ཏམ་བུདྡྷ་ཝི་ཧཱ་ར་རྟེན་དང་བརྟེན་པ་གསར་བཞེངས་མཛད་པ་པོ་ཐར་ཆེན་རྡོ་རྗེ་གླིང་པ་རིན་པོ་ཆེའམ་མཚན་ཡོངས་གྲགས་སུ་བླ་མ་ཕྲིན་ལས་རྣམ་རྒྱལ་རིན་པོ་ཆེ་མཆོག་གི་ཐུགས་བསྐྱེད་རྨད་དུ་བྱུང་བ་ལས་བལྟམས་པའི་འབྲུག་གསུང་རབ་རྒྱུན་སྤེལ་ཁང་འདི་ཉིད་དུ། སྔོན་བྱོན་རྒྱལ་བ་གོང་མ་རྣམས་ཀྱི་གསུང་འབུམ་དང་ཞལ་གདམས། རྣམ་ཐར་སོགས་ཀྱི་དཔེ་ལུང་གི་རྒྱུན་ཀ་རྣམས་མི་ནུབ་པའི་ཆེད་དུ་དམིགས། ལོ་མང་ཞིག་གི་སྔོན་ནས་རྒྱ་བོད་བལ་འབྲུག་གི་གཙོས་ཤར་ནུབ་ཡུལ་གྲུ་ཁག་ནས་དཔེ་རྙིང་རྣམས་གང་ཐུབ་བསྡུ་རུབ་ཞུས་ཏེ་རྒྱུན་སྤེལ་ཕྲན་བུ་རེ་ཞུས་དང་ཞུ་བཞིན་པའི་ངོ་སྤྲོད་མདོར་བསྡུས་པའི་ཚུལ་དུ། བལ་ཡུལ་འཕགས་ཤིང་ཉེ་འདབས་འབྲུག་གསུང་རབ་རྒྱུན་སྤེལ་ཁང་ནས། རྣམ་དཀར་གྱི་འདུ་བྱེད་པོ་མཁན་མིང་བཤད་སྒྲུབ་བསྟན་འཛིན་པས་བཀོད་པ་དགེ་ལེགས་སུ་གྱུར་ཅིག། །།  འདི་ཕུལ་ཟིན།

Filter Products No products found!
Publishers