གདམས་ཁྲིད་མན་ངག་གི་རིམ་པ་འཆི་མེད་བདུད་རྩིའི་ལྗོན་བཟང་།

Collection:  VVI Mikyo Dorje Series  –  Book 2-2

Title:  A Magic Tree of Immortal Nectar: The Hundred Pith Instructions of Karmapa Mikyö Dorje, Volume 2

Author:  Eighth Karmapa Mikyo Dorje

Publisher:  Vajra Vidya Institute

DOWNLOAD EBOOK

SKU: VVI-MD-001-2 Category:

Description

༄༅། །དེང་འདིར་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་དང་། རིགས་འཛིན་གྲུབ་ཐོབ་རྒྱ་མཚོའི་ཤེགས་ཤུལ། ཚེ་ལུས་གཅིག་གིས་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་བྱེད་པའི་མན་ངག རྩ་གསུམ་རབ་འབྱམས་རྒྱལ་བའི་སྙིང་བཅུད་དྭངས་མའི་དྭངས་མ་ནི་ཕྱག་རྒྱ་ཆེན་པོ་ཞེས་པའི་སྒྲ་བོ་ཆེ་གཡེར་པོ་ཆེ་དེ་འཕགས་བོད་མཁས་གྲུབ་ཡོངས་ལ་རྩོད་མེད་དུ་གྲགས་པའི་བྱིན་རླབས་ཀྱི་རྒྱུན་ཉམས་པ་མེད་པའི་དངོས་གྲུབ་རྗེན་གཅེར་དུ་སྦྱིན་པའི་ཐབས་དང་ཐུགས་རྗེ་ཕུལ་དུ་བྱུང་བའི་རང་བཞིན་ཅན་གྱི་ཁྲིད་ཐུང་མར་གྲགས་པ་སངས་རྒྱས་ཀརྨ་པ་བརྒྱད་པ་མི་བསྐྱོད་རྡོ་རྗེས་ཁ་སྦྱོར་བདུན་ལྡན་གྱི་དབང་ཕྱུག་དང་རོ་གཅིག་པའི་དབྱིངས་ནས་གདུལ་བྱ་ལ་ཆེད་དུ་བསྒྲགས་པའི་རིམ་པ་རྣམས་ཕྱོགས་གཅིག་བསྒྲིགས་པའི་ལེགས་བྱས་སུ་ཞུགས་པར་བྱ་བའང་བློ་ལྡོག་རྣམ་བཞི་ནས་བརྩམས་ཏེ་སྡེ་ཚན་རྣམས་རིམ་ལྡན་དུ་འབྱུང་བ་ཐོག་མ་ནས་ཤེས་པར་བྱ་དགོས་པའི་གནས་སོ། །