ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་གྱི་འགྲེལ་པ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ།།

A Precious Garland: A Commentary on the Ornament of the Mahayana Sutras

A Precious Garland: A Commentary on the Ornament of the Mahayana Sutras
འགྲོ་བ་ཐམས་ཅད་ཀྱི་གནས་སྐབས་དང་མཐར་ཐུག་གི་བདེ་བ་ནི་ཐེག་པ་ཆེན་པོའི་ཆོས་ལ་རག་ལས་ཤིང༌། དེ་ཡང་ཐུབ་པ་ཆེན་པོ་ཉིད་ཀྱིས་ཐེག་པ་ཆེན་པོའི་མདོ་སྡེ་རྣམས་ལས་ཡང་དང་ཡང་དུ་གསུང་ཀྱང་སྐྱེ་བོ་ཕལ་པོ་ཆེ་རྣམས་ཀྱིས་ཐེག་པ་ཆེན་པོའི་རིགས་དང༌། ལམ་དང༌། འབྲས་བུའི་ཚུལ་ལེགས་པར་མ་རྟོགས་པ་ལས་ཐུབ་པ་ཉིད་ཀྱི་སྲས་ཀྱི་ཐུ་བོ་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་མགོན་པོ་བྱམས་པས་སྐྱེ་བོ་ཕལ་པོ་ཆེ་རྣམས་ལ་ཐུགས་བརྩེ་བའི་སྟོབས་ཀྱིས་ཐེག་པ་ཆེན་པོའི་རིགས་དང་ལམ་དང་འབྲས་བུའི་ཚུལ་ཕྱིན་ཅི་མ་ལོག་པ་སྟོན་པའི་བསྟན་བཅོས་འདི་མཛད་ནས། ས་གསུམ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་འཕགས་པ་ཐོགས་མེད་ལ་ལེགས་པར་གསུངས་ཏེ། དེས་འཛམ་བུའི་གླིང་དུ་ཆོས་ཀྱི་ཚུལ་འདི་རྒྱས་པར་མཛད་ནས་སྐྱེ་བོ་ཕལ་པོ་ཆེ་རྣམས་ཐེག་པ་ཆེན་པོའི་ཆོས་ཕྱིན་ཅི་མ་ལོག་པ་ལ་ལོངས་སྤྱོད་པའི་སྐལ་པ་དང་ལྡན་པར་མཛད་པའི་བསྟན་བཅོས་བླ་ན་མེད་པའོ།།

པར་སྐྲུན་གསལ་བཤད།

ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་ཞེས་བྱ་བའི་ཚིག་ལེའུར་བྱས་པ་བཞུགས་སོ། །

ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་གྱི་འགྲོལ་པ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །

དེ་ལ་གཉིས་ཏེ། བསྟན་བཅོས་ཀྱི་མཚན་གྱི་དོན་དང༌། བསྟན་བཅོས་དངོས་སོ། །དང་པོ་༼བསྟན་བཅོས་ཀྱི་མཚན་གྱི་དོན་༽ནི།

དེ་ལ་མཚམས་སྦྱར་དང༌། བརྒལ་ལན་གྱི་དོན་ནི་ཕལ་ཆེར་ཤུགས་ལ་བསྟན་ཅིང་དེ་དག་ཀྱང་སྐབས་སྐབས་སུ་འཆད་པར་འགྱུར་པས་འདིར་གསུམ་སྟེ། དགོས་པའི་དོན་དང༌། བསྡུས་པའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་༼དགོས་པའི་དོན་༽ལ་། སྤྱི་དོན་དང་། གཞུང་དོན་ནོ། །དང་པོ་༼སྤྱི་དོན་༽ལ་གསུམ་སྟེ། དགོས་འབྲེལ་གྱི་དགོས་པ་དང་། སོོ་སོའི་ངོ་བོ་དང་། གྲངས་ངེས་སོ། །དང་པོ་༼དགོས་འབྲེལ་གྱི་དགོས་པ་༽ལ།

བསྡུས་དོན་ལ་གསུམ་སྟེ། །མཚན་དོན་དང་སྦྱར་ནས་བརྗོད་བྱ་གཏན་ལ་དབབ་པ་དང༌། རྩོད་པ་སྤང་བ་དང༌། ཕན་ཡོན་བསྟན་པའོ། །དང་པོ་༼མཚན་དོན་དང་སྦྱར་ནས་བརྗོད་བྱ་གཏན་ལ་དབབ་པ་༽ནི།

ཕན་ཡོན་བསྟན་པ་ལ་གསུམ་སྟེ། །སྨན་གྱི་དཔེས་སྒྲིབ་པ་སྤོང་བོ་དང༌། རྒྱལ་པོའི་དཔེས་ཡོན་ཏན་ལ་དབང་འབྱོར་པ་དང༌། རིན་པོ་ཆིའི་དཔེས་འཕགས་པའི་ནོར་ལ་ལོངས་སྤྱོད་པའི་རྒྱུར་བསྟན་པའོ། །དང་པོ་ནི།

ཚིག་གི་དོན་ལ་གཉིས་ཏེ། གང་ལ་བསླབ་པར་བྱ་བ་ཐེག་པ་ཆེན་པོ་བཀར་སྒྲུབ་པ་དང༌། བསྒྲུབས་པའི་ཐེག་ཆེན་གྱི་རང་བཞིན་ནོ། །དང་པོ་ལ། ཕྱོགས་སྔ་མ་བརྗོད་པ་དང་། ད་དགགེ་པའོ། །དང་པོ་ནི།

ལན་ལ་གཉིས་ཏེ། བཀའ་ཡིན་པར་སྒྲུབ་པ་དང༌། མ་ཡིན་པའི་རྒྱུ་མཚན་དགག་པའོ། །དང་པོ་ལ་གཉིས་ཏེ། གཏན་ཚིགས་གཉིས་བསྟན་པ་དང༌། ཀྱོན་སྤོང་གིས་རྒྱས་པར་བཤད་པའོ། །དང་པོ་ནི།

གཉིས་པ་ལ་མ་ངེས་པ་སྤང་བ་དང༌། མ་གྲུབ་པ་སྤང་བ་དང༌། ཐེག་ཆེན་ཁྱད་པར་དུ་འཕགས་པར་བསྟན་པ་དང་གསུམ་ལས། དང་པོ་ནི་།

གཉིས་པ་ལ་གསུམ་སྟེ། ཡོད་མེད་དང༌། སྒྲ་གཞན་དང༌། སྤྱོད་ཡུལ་མ་ཡིན་པ་མ་གྲུབ་པ་སྤང་བའོ། །དང་པོ་ལ་སྤྱིར་བསྟན་པ་དང༌། འགལ་བ་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི།

བཀའ་མ་ཡིན་པའི་རྒྱུ་མཚན་སུན་དབྱུང་བ་ལ་ལྔ་སྟེ། སྐྲག་པའི་རྒྱུ། མི་སྐྲག་པའི་རྒྱུ། ཚད་མས་འདོར་བ་མི་འཐད། དམན་པས་དོར་བས་མཆོག་ཏུ་གྲུབ་པ། ཚད་མིན་གྱིས་དོར་བ་མི་འཐད་པའོ། །དང་པོ་ནི།

གསུམ་པ་ལ་མངོན་སུམ་དང༌། རྗེས་དཔག་གིས་འདོར་བ་མི་འཐད་པ་དང་གཉིས་ལས། དང་པོ་ནི།

ལྔ་པ་ལ་མ་རྟོགས་པ་དང༌། ལོག་ཤེས་དང༌། ཐེ་ཚོམ་གྱིས་འདོར་བར་མི་འཐད་པ་གསུམ་ལས། དང་པོ་ནི།

གཉིས་པ་བསྒྲུབས་པའི་ཐེག་ཆེན་གྱི་རང་བཞིན་ལ་བཞི་སྟེ། སྐལ་བ་དང་ལྡན་པའི་གཞི་རིགས་དང༌། སྤྱོད་པ་ཉམས་ལེན་གྱི་གཞི་སེམས་བསྐྱེད་པ་དང༌། མྱུར་དུ་འཚང་རྒྱ་བའི་གཞི་བྱང་ཆུབ་སེམས་དཔའི་སྤྱོད་པ་དང༌། སྤྱོད་པ་དེས་ཐོབ་པའི་འབྲས་སུ་ཕུན་སུམ་ཚོགས་པའོ། །དང་པོ་ལ། རིགས་ལྡན་གྱིས་ཐོབ་པར་བྱ་བའི་ཡོན་ཏན་དང་ལྡན་པའི་སྐྱབས་འགྲོ་དང༌། རིགས་ཀྱི་རང་བཞིན་ནོ། །དང་པོ་ལ། སྤྱི་དོན་དང༌། གཞུང་དོན་ནོ། །དང་པོ་ལ། སྐྱབས་འགྲོ་སྤྱིའི་མཚན་ཉིད་དང༌། སོོ་སོའི་རང་བཞིནིན་ནོ། །དང་པོ་ནི།

གཉིས་པ་ལ་གཉིས་ལས། འཇིག་རྟེན་པའི་སྐྱབས་འགྲོ་ནི།

འཇིག་རྟེན་ལས་འདས་པའི་སྐྱབས་འགྲོ་ལ་གསུམ་སྟེ། དངོས་དང༌། བསླབ་བྱ་དང༌། ཕན་ཡོན་ནོ། །དང་པོ་ལ། གཉིས་ལས། ཐེག་ཆུང་གི་སྐྱབས་འགྲོ་ནི།

གཞུང་གི་དོན་ལ་གཉིས་ཏེ། སྐྱབས་འགྲོའི་རང་བཞིན་དང༌། ཆེ་བའོ། །དང་པོ་ལ་བཞི་སྟེ། ཁྱད་པར་མདོར་བསྟན། སྤྲོ་བ་བསྐྱེད་པ། ཁྱད་ཆོས་རྒྱས་པར་བཤད་པ། སྐྱབས་འདྲོ་གཏན་ལ་དབབ་པའོ། །དང་པོ་ནི། །

གསུམ་པ་ལ་བཞི་སྟེ། ཀུན་འགྲོ་དང༌། ཁས་ལེན་དང༌། རྟོགས་པ་དང༌། ཟིལ་གནོན་གྱི་ཁྱད་པར་རོ། །དང་པོ་ལ་སེམས་ཅན་ཀུན་ཏུ་འགྲོ་བ་ནི།

གཉིས་པ་ལ་དངོས་དང༌། ཆེ་བ་དཔས་བསྟན་པ་གཉིས་ལས། དངོས་ལ་སྨོན་ལམ་གྱི་ཁྱད་པར་ནི།

གཉིས་པ་ལ་གཉིས་ཏེ། །རྒྱལ་པོ་སྲས་ཀྱི་དཔེ་དང༌། བློན་པོ་ཆེན་པོའི་དཔེས་བསྟན་པའོ། །དང་པོ་ལ་སྐྱེ་གནས་རིགས་དང༌། སྐྱེས་པ་ལུས་དང༌། གདུང་མི་གཅོད་པའི་ཁྱད་པར་རོ། །དང་པོ་ནི།

དེ་ལ་གཉིས་ཏེ། དངོས་དང༌། རྩོད་པ་སྤང་བའོ། །དངོས་ལ་བཞི་སྟེ། རིགས་ཡོད་པའི་དབྱེ་བ་དང༌། མེད་པའི་དབྱེ་བ་དང༌། རིགས་ཡོད་པའི་ཆེ་བ་དང༌། འབྲས་བུའི་སྒོ་ནས་རིགས་མཆོག་ཏུ་བསྟན་པའོ། །དང་པོ་ལ་གཉིས་ལས། མདོར་བསྟན་པ་༼ལ༽ནི། རིགས་ཐ་དད་ཡོད་པར་སྒྲུབ་པ་དང༌། དེ་དག་གི་ནང་ནས་ཐེག་ཆེན་གྱི་རིགས་མཆོག་ཏུ་བསྟན་པ་དང༌། རིགས་ཀྱི་མཚན་ཉིད་དང༌། ཐེག་ཆེན་གྱི་རིགས་ཡོད་པ་སད་པའི་རྟགས་དང༌། རིགས་ཀ་རབ་ཏུ་དབྱེ་བ་དང༌། རིགས་རྒྱས་པ་ལ་བར་དུ་གཅོད་པར་བྱད་པའི་ཉེས་དམིགས་དང༌། རིགས་ཀྱི་ཕན་ཡོན་དང༌། ཐུན་མོང་གི་ཡོན་ཏན་སྐྱེད་པ་གསེར་གྱི་རིགས་ཀྱི་དཔེ་དང༌། ཐུན་མོང་མ་ཡིན་པའི་ཡོན་ཏན་སྐྱེད་པ་རིན་པོ་ཆེའི་རིགས་ཀྱི་དཔེ་སྟེ། དཔེ་རྣམ་པ་གཉིས་ཏེ། རེ་རེ་ལ་ཡང་རྣམ་པ་བཞི་བཞི་ཡོད་དོ། །རྒྱས་པར་བཤད་པ་ལ་དོན་དགུ་པོ་དེ་ཉིད་རིམ་པ་ལྟར་སྟོན་པ་ལས་དང་པོ་རིགས་ཐ་དད་ཡོད་པར་སྒྲུབ་པ་ནི།

དེེ་ལ་གཉིས་ཏེ། སྤྱི་དོན་དང༌། གཞུང་དོན་ནོ། །དང་པོ་ལ་གཉིས་ཏེ། དངོས་དང༌། ལེན་ཚུལ་ལ་སོགས་པ་གཏན་ལ་དབབ་པའོ། །དང་པོ་ལ་གསུམ་སྟེ། རྒྱུ་དང༌། ངོ་བོ་དང༌། འབྲས་བུའོ། །དང་པོ་ནི།

གཉིས་པ་ཀུན་རྫོབ་སེམས་བསྐྱེད་ཀྱི་མཚན་ཉིད་ལ་གཉིས་ལས། སྤྱིའི་མཚན་ཉིད་ནི།

འབྲས་བུ་ལ་གཉིས་ཏེ། གནས་སྐབས་དང༌། མཐར་ཐུག་གིའོ། །དང་པོ་ལ་བཞི་ལས། མིང་དོན་འཕོ་བ་ནི།

གཉིས་པ་ལ་གཉིས་ཏེ། སྨོན་པ་དང༌། འཇུག་པའི་བསླབ་པ་ལ་སློབ་ཚུལ་ལོ། །དང་པོ་ནི།

གཉིས་པ་ལ་གསུམ་སྟེ། ས་མཚམས་དང༌། ཐོབ་ཚུལ་དང༌། ཆེེ་བ་དཔེའི་སྒོ་ནས་དབྱེ་བའོ། །དང་པོ་ལ་གཉིས་ལས། དངོས་ནི།

གཉིས་པ་ཐོབ་ལུགས་ཀྱི་སྒོ་ནས་དབྱེ་བ་ལ་གཉིས་ལས། དང་པོ་བརྡ་ལས་བྱུང་བ་ནི།

གཉིས་པ་ཆོས་ཉིད་ཀྱིས་ཐོབ་པ་ལ་གསུམ་སྟེ། དོན་དམ་པའི་རྒྱུ་མཚན། སའི་ཁྱད་པར། ངོ་བོའི་ཁྱད་པར་རོ། །དང་པོ་ལ།

གསུམ་པ་ལ་བསྟན་བཤད་གཉིས་ལས། དང་པོ་ནི།

རྗེས་སུ་སྒྲུབ་པ་ལ་གསུམ་སྟེ། སྐྱེ་བ་རྗེས་སུ་སྒྲུབ་པ་དང༌། གནས་པ་རྗེས་སུ་སྒྲུབ་པ་དང༌། དེ་དག་གི་གེགས་དོར་བའོ། །དང་པོ་༼སྐྱེ་བ་རྗེས་སུ་སྒྲུབ་པ་༽ལ། སེམས་མ་བསྐྱེད་པའི་ཉེས་པ་དང༌། བསྐྱེད་པའི་ཕན་ཡོན་གཉིས་ལས། དང་པོ་༼སེམས་མ་བསྐྱེད་པའི་ཉེས་པ་༽ནི།

གཉིས་པ་ལ་འབྲས་བུ་ངན་སོང་གི་སྡུག་བསྔལ་གྱིས་མི་འཇིགས་པ་དང༌། རྒྱུ་སྡིག་པ་མི་བྱེད་པའི་སྡོམ་པ་ཐོབ་པའོ། །དང་པོ་ནི།

གཉིས་པ་ལ། ཉེས་པས་མི་འཇིགས་པ་དང༌། ཡོན་ཏན་དང་ལྡན་པ་གཉིས་ལས། དང་པོ་༼ཉེས་པས་མི་འཇིགས་པ་༽ནི། །

གཉིས་པ་༼ཡོན་ཏན་དང་ལྡན་པ་གཉིས་ལས།༽ནི།

གསུམ་པ་དེ་དག་གི་གེགས་དོར་བ་ལ་གསུམ་སྟེ། སྡུག་བསྔལ་གྱིས་འཇིགས་པ་དང༌། སེམས་ཅན་ཡལ་བར་འདོར་བ་དང༌། ལམ་ལ་མི་བརྩོན་པ་དགག་པའོ། །དང་པོ་༼སྡུག་བསྔལ་གྱིས་འཇིགས་པ་༽ནི།

གཉིས་པ་༼སེམས་ཅན་ཡལ་བར་འདོར་བ་༽ནི།

གསུམ་པ་༼ལམ་ལ་མ་བརྩོན་པ་དགག་པ་༽ནི།

མྱུར་དུ་འཚང་རྒྱ་བའི་གཞི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གསུམ་སྟེ། །གང་ལ་བསླབ་པར་བྱ་བའི་དམིགས་པ། ཇི་ལྟར་སློབ་པའི་སྤྱོད་པ། གང་དག་སློབ་པའི་རྟེན་གྱི་གང་ཟག་གོ །དང་པོ་ལ་ལྔ་སྟེ། སྒྲུབ་པ། དེ་ཁོ་ན། མཐུ། ཡོངས་སྨིན། བྱང་ཆུབ་བོ། །དང་པོ་༼སྒྲུབ་པ་༽ནི།

དེ་ལ་གཉིས་ཏེ། རང་བཞིན་དང༌། ཆེ་བའོ། །དང་པོ་༼རང་བཞིན་༽ལ་དྲུག་སྟེ། སྒྲུབ་པའི་མཚན་ཉིད། རང་གཞན་གྱི་དོན་མཉམ་དུ་སྒྲུབ་པ། གཙོ་བོར་གཞན་དོན་སྒྲུབ་པ་དང༌། ཁྱད་པར་དུ་འཕགས་པའི་མཚན་ཉིད་དང༌། ཐབས་ལ་མཁས་པའི་ཁྱད་པར་དང༌། མི་སྐྱོ་བའི་ཁྱད་པར་རོ། །དང་པོ་༼སྒྲུབ་པའི་མཚན་ཉིད་༽ལ།

གཉིས་པ་༼རང་གཞན་གྱི་དོན་མཉམ་དུ་སྒྲུབ་པ་༽ནི།

གསུམ་པ་༼གཙོ་བོར་གཞན་དོན་སྒྲུབ་པ་༽ལ། གཞན་དོན་ཆེད་ཆེར་བྱེད་པའི་ཚུལ་དང༌། གཞན་དོན་གྱི་རྣམ་པའི་རབ་ཏུ་དབྱེ་བ་དང༌། གཞན་དོན་ཕུན་སུམ་ཚོགས་པའི་མཚན་ཉིད་དོ། །དང་པོ་༼གཞན་དོན་ཆེད་ཆེར་བྱེད་པའི་ཚུལ་༽ནི།

གཉིས་པ་༼གཞན་དོན་གྱི་རྣམ་པའི་རབ་ཏུ་དབྱེ་བ་༽ནི།

གསུམ་པ་༼གཞན་དོན་ཕུན་སུམ་ཚོགས་པའི་མཚན་ཉིད་༽ནི།

ཁྱད་པར་དུ་འཕགས་པའི་མཚན་ཉིད་ལ། ཉོན་མོངས་པ་མེད་པ་དང༌། སྡུག་བསྔལ་མེད་པས་ཁྱད་པར་དུ་འཕགས་པ་གཉིས་ལས། དང་པོ་༼ཉོན་མོངས་པ་མེད་པ་༽ནི།

གཉིས་པ་༼སྡུག་བསྔལ་མེད་པས་ཁྱད་པར་དུ་འཕགས་པ་༽ནི།

འདི་ལ་གཉིས་ཏེ། དེ་ཁོ་ན་ཉིད་ཀྱི་གནས་ལུགས་དང༌། དེ་རྟོགས་པའི་ཆེ་བའོ། །དང་པོ་༼དེ་ཁོ་ན་ཉིད་ཀྱི་གནས་ལུགས་༽ལ། དེ་ཁོ་ན་ཉིད་ཀྱི་མཚན་ཉིད་དང༌། དེ་ལ་ཕྱིན་ཅི་ལོག་དགག་པ་དང་། ཕྱིན་ཅི་ལོག་ཟད་པའི་ཚུལ་དང༌། ཕྱིན་ཅི་ལོག་གི་གཉེན་པོའི་རང་བཞིན་ཏེ་བཞི་ལས། དང་པོ་༼དེ་ཁོ་ན་ཉིད་ཀྱི་མཚན་ཉིད་༽ནི།

གཉིས་པ་༼དེ་ལ་ཕྱིན་ཅི་ལོག་དགག་པ་༽ལ། ངོ་བོ་དང༌། རྒྱུ་ལ་ཕྱིན་ཅི་ལོག་དགག་པའོ། །དང་པོ་༼ངོ་བོ་༽ལ། དངོས་དང༌། གནོད་བཅས་སུ་བ་པའོ། །དང་པོ་༼དངོས་༽ནི།

གཉིས་པ་༼གནོད་བཅས་སུ་བ་པ་༽ནི།

གཉིས་པ་༼རྒྱུ་ལ་ཕྱིན་ཅི་ལོག་དགག་པ་༽ནི།

གསུམ་པ་༼ཕྱིན་ཅི་ལོག་ཟད་པའི་ཚུལ་༽ནི།

བཞི་པ་༼ཕྱིན་ཅི་ལོག་གི་གཉེན་པོ་༽ལ་བཞི་ལས། དང་པོ་ཚོགས་ལམ་སྟོན་པ་ནི།

གཉིས་པ་དེ་རྟོགས་པའི་ཆེ་བ་ནི།

དེ་ལ་གཉིས་ཏེ། སྤྱི་དོན་དང༌། གཞུང་དོན་ནོ། །དང་པོ་༼སྤྱི་དོན་༽ལ་གསུམ་སྟེ། ངོ་བོ་དང༌། དབྱེེ་བ། མངོན་ཤེས་ཀྱི་མཐུ་བྱེ་བྲག་ཏུ་བཤད་པའོ། །དང་པོ་༼ངོ་བོ་༽ནི།

མངོན་པར་ཤེས་པའི་མཐུ་བྱེེ་བྲག་ཏུ་བཤད་པ་ལ། དངོས་དང༌། ཞར་བྱུང་གཉིས་ལས། དངོས་ལ་དྲུག་ལས། ལུས་ཀྱི་ རྫུ་འཕྲུལ་གྱི་མངོན་པར་ཤེས་པའ་ངོ་བོ་ནི།

གཞུང་དོན་ལ་གཉིས་ཏེ། མཐུའི་རང་ཞིན་དང༌། ཆེ་བའོ། །དང་པོ་༼མཐུའི་རང་ཞིན་༽ལ་དྲུག་ལས། ངོ་བོའི་དོན་ནི།

དེ་ལྟར་མཐུ་ཐོབ་པ་ནི་སེམས་ཅན་སྨིན་པར་བྱེད་པ་ལ་མི་སྐྱོ་བས་དེའི་འོག་ཏུ་ཡོངས་སྨིན་གྱི་ལེའུ་སྟོན་ནོ། །དེ་ལ་གཉིས་ཏེ། བྱང་སེམས་རང་སྨིན་པ་དང༌། གདུལ་བྱ་གཞན་སྨིན་པར་བྱེད་པའོ། །དང་པོ་༼བྱང་སེམས་རང་སྨིན་པ་༽ལ་མདོར་བསྟན། རྒྱས་བཤད། དོན་བསྡུས་པས་ཆེ་བ་བསྟན་པ་གསུམ་ལས། དང་པོ་༼མདོར་བསྟན་༽ནི།

གདུལ་བྱ་གཞན་སྨིན་པར་བྱེད་པ་ལ། རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་༼རྒྱས་པར་བཤད་པ་༽ལ་བཞི་སྟེ། སྨིན་པའི་ངོ་བོ། རབ་ཏུ་དབྱེ་བ། བསམ་པ་ཇི་ལྟ་བུས་སྨིན་པར་བྱེད་པ། སྦྱོར་བ་ཇིི་ལྟ་བུས་སྨིན་པར་བྱེད་པའོ། །དང་པོ་༼སྨིན་པའི་ངོ་བོ་༽ནི།

གཉིས་པ་༼རབ་ཏུ་དབྱེ་བ་༽ནི།

གསུམ་པ་༼བསམ་པ་ཇི་ལྟ་བུས་སྨིན་པར་བྱེད་པ་༽ནི།

བཞི་པ་༼སྦྱོར་བ་ཇིི་ལྟ་བུས་སྨིན་པར་བྱེད་པ་༽ལ་དྲུག་ལས། སྦྱིན་པ་ལ་དབྱེ་བ་ནི།

འདི་ལ་བྱང་ཆུབ་ཀྱི་ལེའུ་དངོས་དང༌། དེ་ཡན་ཆད་ཀྱི་མཇུག་སྡུད་དོ། །དང་པོ་ལ་གཉིས་ཏེ། བྱང་ཆུབ་ཀྱི་གནས་ལུགས་དང༌། དེ་ལ་སྤྲོ་བ་བསྐྱེད་པའོ། །དང་པོ་ལ་གསུམ་སྟེ། བྱང་ཆུབ་དངོས་དང༌། དེ་ལ་འཇུག་པའི་ཐབས། སངས་རྒྱས་ཐམས་ཅད་མཛད་པ་གཅིག་པར་བསྟན་པའོ། །དང་པོ་ལ་དྲུག་སྟེ། ཐམས་ཅད་མཁྱེན་པ་ཉིད་གཏན་ལ་དབབ་པ། གནས་གྱུར་ཕུན་སུམ་ཚོགས་པ། མཛད་པ་ཕུན་སུམ་ཚོགས་པ། དོན་གཉིས་ཕུན་སུམ་ཚོགས་པ། དབྱིངས་དང་ཡེ་ཤེས་ཀྱི་མཚན་ཉིད། གཅིག་དང་ཐ་དད་ལས་གྲོལ་བའི་མཚན་ཉིད་དོ། །དང་པོ་ལ་གསུམ་སྟེ། རྒྱུ་དང་ངོ་བོ་དང་དཔེ་གསུམ་གྱི་སྒོ་ནས་ཐམས་ཅད་མཁྱེན་པའི་རང་བཞིན། གཉིས་སུ་མེད་པ་མཐུ་དང་བཅས་པས་དེའི་ཡོན་ཏན་བསྟན་པ། སྐྱབས་བླ་ན་མེད་པས་དེའི་མཛད་པ་བསྟན་པའོ། །དང་པོ་ལ་བསྟན་བཤད་གཉིས་སོ། །དང་པོ་ལ་གསུམ་ལས། རྒྱུའི་སྒོ་ནས་བསྟན་པ་ནི།

གཉིས་པ་ལ་བསྟན་པ་དང༌། བཤད་པའོ། །དང་པོ་ལ་གཉིས་ལས། གཉིས་སུ་མེད་པའི་མཚན་ཉིད་ནི།

གཉིས་པ་སྡུག་བསྔལ་དང་ཕྱིན་ཅི་ལོག་ལས་སྐྱོབ་པ་ནི།

གསུམ་པ་དེ་ཉིད་ཀྱི་ཕྱིར་སྐྱབས་མཆོག་ཏུ་བསྒྲུབ་པ་ནི།

བཞི་པ་སྐྱབས་མཆོག་ཏུ་གྲུབ་པའི་རྒྱུ་མཚན་ནི།

ལྔ་པ་སྐྱབས་ཀྱི་བྱེད་པ་མདོར་བསྡུ་བ་ནི།

གཉིས་པ་གནས་གྱུར་ཕུན་སུམ་ཚོགས་པ་ལ་བཞི་སྟེ། གནས་གྱུར་གྱི་རང་བཞིན། དེ་གཞན་ལས་ཁྱད་པར་དུ་འཕགས་པར་བསྟན་པ། དེའི་ཡོན་ཏན་གྱི་དབྱེ་བ། དེའི་རང་བཞིན་དུ་གྱུར་པའི་སངས་རྒྱས་ཀྱི་ཕྲིན་ལས་ཀྱིས་སེམས་ཅན་ལ་ཁྱབ་པར་བསྟན་པའོ། །དང་པོ་༼གནས་གྱུར་གྱི་རང་བཞིན་༽ནི།

གཉིས་པ་༼དེ་གཞན་ལས་ཁྱད་པར་དུ་འཕགས་པར་བསྟན་པ་༽ནི།

གསུམ་པ་༼དེའི་ཡོན་ཏན་གྱི་དབྱེེ་བ་༽ནི།

བཞི་པ་༼དེའི་རང་བཞིན་དུ་གྱུར་པའི་སངས་རྒྱས་ཀྱི་ཕྲིན་ལས་ཀྱིས་སེམས་ཅན་ལ་ཁྱབ་པར་བསྟན་པ་༽ལ་དངོས་དང་ཙོད་པ་སྤོང་བ་གཉིས་ལས། དངོས་ནི།

གསུམ་པ་མཛད་པ་ཕུན་སུམ་ཚོགས་པ་ལ་གཉིས་ཏེ། ལྷུན་གྱིས་གྲུབ་པ་དང༌། རྒྱུན་མི་ཆད་པའོ། །དང་པོ་༼ལྷུན་གྱིས་གྲུབ་པ་༽ལ་གཉིས་ལས། གསུང་གི་ཕྲིན་ལས་ལྷུན་གྱིས་གྲུབ་པ་ནི།

སྐུའི་མཛད་པ་ལྷུན་གྱིས་གྲུབ་པ་ནི།

གཉིས་པ་༼རྒྱུན་མི་ཆད་པ་༽ནི།

བཞི་པ་དོན་གཉིས་ཕུན་སུམ་ཚོགས་པ་ལ་གཉིས་ཏེ། རང་དོན་དང༌། གཞན་དོན་ཕུན་སུམ་ཚོགས་པའོ། །དང་པོ་༼རང་དོན་༽ལ་གཉིས་ཏེ། ཟབ་པ་དང༌། རྒྱ་ཆེ་བའོ། །དང་པོ་༼ཟབ་པ་༽ལ་གཉིས་ཏེ། རྒྱས་པར་བཤད་པ་དང༌། མཇུག་བསྡུ་བའོ། །དང་པོ་༼རྒྱས་པར་བཤད་པ་༽ལ་གསུམ་སྟེ། མཚན་ཉིད་དང༌། གནས་པ་དང༌། ཕྲིན་ལས་ཟབ་པའོ། །དང་པོ་༼མཚན་ཉིད་༽ལ་བཞི་སྟེ། རྣམ་པར་དག་པ་དང༌། བདག་མཆོག་དང༌། ལུང་དུ་མི་སྟོན་པ་དང༌། རྣམ་པར་གྲོལ་བའིི་མཚན་ཉིད་ཟབ་པའོ། །དང་པོ་༼རྣམ་པར་དག་པ་༽ནི། །རྒྱུད་བླར།

གཉིས་པ་སེམས་ཅན་ཡོངས་སུ་སྨིན་པར་མཛད་པའི་ཕྲིན་ལས་ནི།

རྒྱ་ཆེ་བ་ལ་གཉིས་ཏེ། འབྱོར་པའི་ཁྱད་པར་དང༌། དོན་སྡུབ་བའོ། །དང་པོ་༼འབྱོར་པའི་ཁྱད་པ་༽ལ་གསུམ་སྟེ། འབྱོར་པ་ཕུལ་དུ་ཕྱིན་པ། བསམ་གྱིས་མི་ཁྱབ་པ། འབྱོར་པའི་དབྱེ་བའོ། །དང་པོ་༼འབྱོར་པ་ཕུལ་དུ་ཕྱིན་པ་༽ནི།

གཉིས་པ་༼བསམ་གྱིས་མི་ཁྱབ་པ་༽ནི།

གསུམ་པ་༼འབྱོར་པའི་དབྱེ་བ་༽ལ་བདུན་ལས། དབང་པོ་ལྔ་གནས་གྱུར་པ་ནི།

ཊཱི་ཀ་ལས། དེ་ལྟར་རང་དོན་དུ་འབྱོར་བ་མཐར་ཐུག་བརྙེས་པ་ནི་རྣམ་པར་མི་རྟོག་བཞིན་དུ་སེམས་ཅན་ཡོངས་སུ་སྨིན་པར་མཛད་པས་འབྱོར་བའི་འོག་ཏུ་ཡོངས་སུ་སྨིན་པར་མཛད་པའི་སྐབས་སྟོན་ནོ་ཞེས་བྱུང་བས་དེའི་འོག་ཏུ་གཞན་དོན་ཕུན་སུམ་ཚོགས་པ་ལ་གསུམ་སྟེ། མཛད་པ་ལྷུན་གྱིས་གྲུབ་པ་དང༌། རྒྱུན་མི་ཆད་པ་དང༌། ཁམས་ལ་འཕེལ་འགྲབ་མེད་པའོ། །དང་པོ་ལ་བཞི་ལས། གཞན་དན་ལ་འཇུག་པའི་རྣམ་པ་ནི།

གཉིས་པ་ལ་གསུམ་ལས། དང་པོ་ལོངས་སྐུ་ནི།

གཉིས་པ་ཆོས་སྐུ་ནི།

གཉིས་པ་བྱང་ཆུབ་ལ་འཇུག་པའིི་ཐབས་ལ་ལྔ་ལས། གཞི་རྟོགས་ཚུལ་ནི།

དེ་ལ་གཉིས་ཏེ། ཆོས་ལ་འཇུག་པ་དང༌། དོན་ལ་འཇུག་པའི་སྤྱོད་པའོ། །དང་པོ་ལ་གཉིས་ཏེ། །རྒྱས་པར་བཤད་པ་དང༌། མཇུག་བསྡུ་བའོ། །དང་པོ་ལ་ལྔ་སྟེ། མོས་པ་དང༌། ཆོས་ཚོལ་བ། ཆོས་བཤད་པ། ཆོས་སྒྲུབ་པ། གདམས་ངག་དང་རྗེས་སུ་བསྟན་པའོ། །དང་པོ་ལ་སྤྱི་གཞུང་གཉིས་ལས་དང་པོ་ལ། མོས་པའི་ཡུལ་ནི།་

གཞུང་གི་དོན་ལ་གཉིས་ཏེ། དབྱེ་བ་སྤྱིར་བསྟན་པ་དང༌། ཐེག་ཆེན་གྱི་མོས་པ་ལ་སྦྱར་བའོ། །དང་པོ་ལ་གསུམ་ལས། མོས་པའི་དབྱེ་བ་དངོས་ནི།

གཉིས་པ་ཐེག་ཆེན་གྱི་མོས་པ་ལ་སྦྱར་བ་ལ་གཉིས་ཏེ། རྒྱས་པར་བཤད་པ་དང༌། དོན་བསྡུས་པའི་སྒོ་ནས་འབྲས་བུ་བསྟན་པའོ། །དང་པོ་ལ་བཞི་ལས། མོས་པའི་ཁྱད་པར་ནི།

གཉིས་པ་ཁྱད་པར་རྟོགས་ནས་ཐེག་ཆེན་གྱི་མོས་པ་ལ་སྦྱར་བ་དངོས་ནི།

དེ་ལྟར་མོས་པ་མང་པོ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཆོས་ཚོལ་བས་མོས་པའི་འོག་ཏུ་ཆོས་ཚོལ་སྟོན་ཏོ། །དེ་ལ་སྤྱི་དོན་དང༌། གཞུང་དོན་གཉིས་ལས། དང་པོ་ལ་ལྔ་སྟེ། ཆོས་ཚོལ་གྱི་ངོ་བོ། གང་ལས་བཙལ་བའི་ཡུལ། གང་བཙལ་བར་བྱ་བའི་ཆོས། ཚུལ་ཇི་ལྟར་ཚོལ་བ། བཙལ་བའི་དགོས་པའོ། །དང་པོ་ནི།

གཞུང་གི་དོན་ལ་གཉིས་ཏེ། ཆོས་ཚོལ་རྒྱས་པར་བཤད་པ་དང༌། དོན་བསྡུ་བའི་སྒོ་ནས་ཆེ་བ་བརྗོད་པའོ། །དང་པོ་ལ་གཉིས་ཏེ། བླང་བྱ་དང༌། དོར་བྱ་ཚོལ་བའི། །དང་པོ་ལ་གཉིས་ཏེ། གང་བཙལ་བྱའི་ཆོས་དང༌། གང་གི་ཕྱིར་བཙལ་བའི་དགོས་པའོ། །དང་པོ་ལ་གཉིས་ཏེ། བཙལ་བྱའི་ཆོས་དངོས་དང༌། ཆོས་ཚོལ་གྱི་དབྱེ་བའོ། །དང་པོ་ལ་གསུམ་སྟེ། གཙོ་བོར་ནང་རིག་པ་དང༌། སྤྱིར་རིག་པའི་གནས་ལྔ་དང༌། ཁྱད་པར་དུ་ཁམས་རྒྱས་པར་བྱེད་པའི་ཆོས་བཙལ་བའོ། །དང་པོ་ལ་གཉིས་ཏེ། །རྗོད་བྱེད་གཞུང་དང༌། བརྫོད་བྱའི་དོན་བཙལ་བའོ། །དང་པོ་ལ་གསུམ་སྟེ། དམིགས་པ་དང༌། དམིགས་པ་རྙེད་པ་དང༌། རྙེད་པའི་ཐབས་ཡིད་ལ་བྱེད་པའོ། །དང་པོ་ལ་གཉིས་ཏེ། སྡེ་སྣོད་ཀྱི་རྣམ་གཞག་སྤྱིར་བསྟན་པ་དང༌། སོ་སོའི་རྒྱུ་མཚན་བཤད་པའོ། །དང་པོ་ལ་དབྱེ་བ། ངེས་ཚིག །གྲངས་ངེས། དགོས་པ་སྟེ་བཞི་ལས། དང་པོ་ནི།

གཉིས་པ་སོ་སོའི་རྒྱུ་མཚན་ལ་གཉིས་ལས། མདོར་བསྟན་པ་ནི།

རྒྱས་པར་བཤད་པ་ལ་གསུམ་ལས། མདོ་སྡོར་འཇོག་པའི་རྒྱུ་མཚན་ནི།

འདུལ་བར་འཇོག་པའི་རྒྱུ་མཚན་ལ་བཞི་ཚན་གཉིས་ལས། དང་པོ་ནི།

བཞི་ཚན་གཉིས་པ་ནི།

དམིགས་པ་རྙེད་པ་ལ་གཉིས་སྟེ། དམིགས་པ་དབྱེ་བ་དང༌། དམིགས་པ་རྙེད་པའི་ཚུལ་ལོ། །དང་པོ་ལ་དམིགས་པ་ཆོས་ནི།

དམིགས་པ་རྙེད་ཚུལ་ལ་གཉིས་ཏེ། དོ་ན་དང༌། ཆོས་ཀྱི་དམིགས་པ་རྙེད་ཚུལ་ལོ། །དང་པོ་ནི།

གཉིས་པ་ཆོས་ཀྱི་དམིགས་པ་རྙེད་ཚུལ་ནི།

དམིགས་པ་རྙེད་པའི་ཐབས་ཡིད་ལ་བྱེད་པ་ལ་རྣལ་འབྱོར་ཡིད་ལ་བྱེད་པ་བཅོ་བརྒྱད་ལས། རིགས་གསུམ་པ་ནི།

བརྗོད་བྱའི་དོན་བཙལ་བ་ལ་གཉིས་ཏེ། ངེས་དོན་གྱི་མདོའི་དོན་བཙལ་བ་དང༌། དགོངས་པ་ཅན་གྱི་མདོའི་དོན་བཙལ་བའོ། །དང་པོ་༼ངེས་དོན་གྱི་མདོའི་དོན་བཙལ་བ་༽ལ་གསུམ་སྟེ། ཆོས་ཉིད་དེ་ཁོ་ན་ཉིད་བཙལ་བ། ཆོས་ཅན་སྒྱུ་མ་ལྟ་བུར་བཙལ་བ། དེ་དང་རྗེས་སུ་མཐུན་པའི་དོན་སྒྲུབ་པའོ། །དང་པོ་༼ཆོས་ཉིད་དེ་ཁོ་ན་ཉིད་བཙལ་བ་༽ནི།

གཉིས་པ་༼ཆོས་ཅན་སྒྱུ་མ་ལྟ་བུར་བཙལ་བ་༽ལ་སྒྱུ་མ་ལྟ་བུའི་ཆོས་དང༌། དཔེ་བརྒྱད་དང་འདྲ་བའི་དོན་ནོ། །དང་པོ་༼སྒྱུ་མ་ལྟ་བུའི་ཆོས་༽ལ་གཉིས་ཏེ། གཟུང་བྱ་དང༌། འཛིན་ཆ་སྒྱུ་མ་ལྟ་བུའོ། །དང་པོ་༼གཟུང་བྱ་༽ལ། ཡུལ་གགྱི་གནས་ཚུལ། བློས་རྟོགས་ཚུལ། ཡུལ་གཉིས་སུ་མེད་པར་བསྟན་པའོ། །དང་པོ་༼ཡུལ་གགྱི་གནས་ཚུལ་༽ནི།

གཉིས་པ་༼བློས་རྟོགས་ཚུལ་༽ནི།

གསུམ་པ་༼ཡུལ་གཉིས་སུ་མེད་པར་བསྟན་པ་༽ལ་གཉིས་ཏེ། །དངོས་དང༌། དེའི་དགོས་པའོ། །དང་པོ་༼དངོས་༽ལ་དཔེ་དོན་གཉིས་ལས། དཔེ་ནི།

གཉིས་པ་དོན་ནི།

གཉིས་པ་དགོས་པ་ནི།

འཛིན་ཆ་སྒྱུ་མ་ལྟ་བུ་ལ་གསུམ་སྟེ། འཛིན་པ་འཁྲུལ་པའི་རྒྱུ་དང་རང་བཞིན་བསྟན་པ། སྤང་གཉེན་སྒྱུ་མ་དང་འདྲ་བ། སྤོང་ཚུལ་སྒྱུ་མ་དང་འདྲ་བའོ། །དང་པོ་ནི།

གཉིས་པ་ལ་གཉིས་ཏེ། དཔེ་དང་དོན་ནོ། །དཔེེ་ལ་གཉིས་ལས། ཀུན་ནས་ཉོན་མོངས་པའི་དཔེ་ནི།

གཉིས་པ་དོན་ལ་གཉིས་ལས། མི་མཐུན་ཕྱོགས་ནི།

གསུམ་པ་དེ་དང་རྗེས་སུ་མཐུན་པའི་དོན་སྒྲུབ་པ་ལ་དྲུག་སྟེ། ཤེས་བྱ་དང༌། ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་དང༌། རྣམ་རིག་ཙམ་དང༌། མཚན་ཉིད་དང༌། རྣམ་པར་གྲོལ་བ་ཚོལ་བའོ། །དང་པོ་ལ་ཡང་དག་པ་མིན་པར་རྟོག་པ་ནི།

དྲུག་པ་རྣམ་པར་གྲོལ་བ་ཚོལ་བ་ལ་བཞི་སྟེ། གཟུང་ཆར་སྣང་བ་དང༌། འཛིན་ཆར་སྣང་བ་གཞན་དུ་གྱུར་པ་དང༌། གཟུང་འཛིན་གཉིས་ལས་གྲོལ་བའི་ཡེ་ཤེས་དང༌། ཕྱིན་ཅི་ལོག་དང་བྲལ་བའི་སྤངས་པའོ། །དང་པོ་༼གཟུང་ཆར་སྣང་བ་༽ནི།

གཉིས་པ་༼འཛིན་ཆར་སྣང་བ་གཞན་དུ་གྱུར་པ་༽ལ་གཉིས་ལས། ངོ་བོ་ནི།

གསུམ་པ་༼གཟུང་འཛིན་གཉིས་ལས་གྲོལ་བའི་ཡེ་ཤེས་༽ནི།

བཞི་པ་༼ཕྱིན་ཅི་ལོག་དང་བྲལ་བའི་སྤངས་པ་༽ནི།

དགོངས་པ་ཅན་གྱི་མདོའི་དོན་བཙལ་བ་ལ་གསུམ་སྟེ། ཤེས་བྱ་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་དང༌། ལམ་མི་སྐྱེ་བའི་ཆོས་ལ་བཟོད་པ་དང༌། འབྲས་བུ་ཐེག་པ་གཅིག་པའི་དགོངས་པའོ། །དང་པོ་༼ཤེས་བྱ་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་༽ལ་གཉིས་ལས། ངོ་བོ་ཉིད་མེད་པའི་དགོངས་པ་དངོས་ནི།

ཁྱད་པར་དུ་ཁམས་རྒྱས་པར་བྱེད་པའི་ཆོས་བཙལ་བ་ལ་གཉིས་ཏེ། རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་༼རྒྱས་པར་བཤད་པ་༽ལ། ཐེག་པ་ཆེན་པོའི་རང་བཞིན་དང་ལྡན་པ་དང༌། དེ་ཉམས་སུ་ལེན་པའི་སྤྱོད་པ་དང་ལྡན་པ་ཡིད་ལ་བྱེད་པའོ། །དང་པོ་༼ཐེག་པ་ཆེན་པོའི་རང་བཞིན་དང་ལྡན་པ་༽ནི།

གཉིས་པ་ལ་གཉིས་ཏེ། ཆོས་ལ་འཇུག་པའི་སྤྱོད་པ་དང༌། དོན་ལ་འཇུག་པའི་སྤྱོདད་པའོ། །དང་པོ་༼ཆོས་ལ་འཇུག་པའི་སྤྱོད་པ་༽ནི།

གཉིས་པ་༼དོན་ལ་འཇུག་པའི་སྤྱོད་པ་༽ལ་བཞི་སྟེ། ལས་གསུམ་ཐབས་ཀྱིས་ཟིན་པ། ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ། བྱང་ཆུབ་ཕྱོགས་མཐུན་གྱི་སྤྱོད་པ། དེ་གཉིས་ཉམས་སུ་བླངས་པའི་ཡོན་ཏན་ཡིད་ལ་བྱེད་པའོ། །དང་པོ་༼ལས་གསུམ་ཐབས་ཀྱིས་ཟིན་པ་༽ནི།

གཞུང་དོན་ལ། རྒྱས་བཤད་དང༌། མཇུག་བས་པས་ཕན་ཡོན་བསྟན་པའོ། །དང་པོ་༼རྒྱས་བཤད་༽ལ་ལྔ་སྟི། །ཆོས་སྟོན་པ་ལ་སར་སྣ་དགག་པ། ཆོས་སྟོན་པ་དོན་ཡོད་པ། སྟོན་པ་པོ་་གང་ཟག་ཕུན་སུམ་ཚོགས་པ། བཤད་པ་ངག་ཚིག་ཕུན་སུམ་ཚོགས་པ། བཤད་བྱ་ཆོས་ཕུན་སུམ་ཚོགས་པའོ། །དང་པོ་ནི།

གསུམ་པ་ལ་གཉིས་ཏེ། སྟོན་ཚུལ་གྱི་དབྱེ་བ་དང༌། སྟོན་པ་པོ་ཕུན་སུམ་ཚོགས་པའིི་མཚན་ཉིད་དོ། །དང་པོ་༼སྟོན་ཚུལ་གྱི་དབྱེ་བ་༽ནི།

གཉིས་པ་ལ་གཉིས་ལས། ཡོན་ཏན་བཞི་དང་ལྡན་པ་ནི།

བཤད་པ་ངག་ཚིག་ཕུན་སུམ་ཚོགས་པ་ལ་གཉིས་ཏེ། དངོས་དང༌། ཕན་ཡོན་ནོ། །དངོས་ལ་གཉིས་ཏེ། བྱང་ཆུབ་སེམས་དཔའི་གསུང་དང༌། སངས་རྒྱས་ཀྱི་གསུང་ངོ༌། །དང་པོ་ལ་ཚིག་ཡན་ལག་བརྒྱད་ལྡན་དང༌། ཡི་གེ་ཡན་ལག་བརྒྱད་ལྡན་གཉིས་ལས། དང་པོ་ནི།

ཁྱད་པར་དུ་དགོངས་པ་ཅན་གྱི་མདོའི་དོན་བཤད་པ་ལ་གསུམ་སྟེ། ལྡེམ་དགོངས་དང༌། དགོངས་པ་དང༌། དེ་དག་གི་དགོས་པའོ། །དང་པོ་ལ། གཞུག་པ་ལ་ལྡེམ་པོར་དགོངས་པ་ནི།

སྒྲུབ་པའི་ངོ་བོ་ལ་གསུམ་སྟེ། མཐུན་རྐྱེན་བསྒྲུབ་པ་དང༌། འགལ་རྐྱེན་སྤང་བ་དང༌། བ་པ་ཉིད་ཇི་ལྟར་བྱ་བའོ། །དང་པོ་ལ་གཉིས་ཏེ། བག་ཡོད་པར་བྱ་བ་དང༌། ངེས་པར་འབྱུང་བར་བྱ་བའོ། །དང་པོ་ལ་བཞི་ལས། མཐུན་པའི་ཡུལ་དུ་གནས་པ་ནི།

གཉིས་པ་ལ་གསུམ་ལས། ཉོན་མོངས་པ་ལམ་དུ་གསུངས་པའི་དོན་ནི།

གཉིས་པ་འགལ་རྐྱེན་སྤང་བ་ལ་གསུམ་སྟེ། ཉན་རང་གི་ཡིད་ལ་བྱེད་པ་དང༌། ཐེག་ཆེན་གྱི་ལྟ་བས་སྐྲག་པ་དང༌། སེམས་ཅན་ཡལ་བར་འདོར་བ་སྤང་བའོ། །དང་པོ་༼ཉན་རང་གི་ཡིད་ལ་བྱེད་པ་༽ནི།

གཉིས་པ་༼ཐེག་ཆེན་གྱི་ལྟ་བས་སྐྲག་པ་༽ནི།

གསུམ་པ་༼སེམས་ཅན་ཡལ་བར་འདོར་བ་སྤང་བ་༽ནི།

སྒྲུབ་པ་ཉིད་ཇི་ལྟར་བྱ་བས་དངོས་དང༌། དོན་བསྡུ་བའོ། །དང་པོ་ལ་བཞི་སྟེ། གནས་འཁོར་བ་དང༌། ཡུལ་སེམས་ཅན་དང༌། བྱེད་པ་པོ་བདག་ཉིད་དང༌། ལམ་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་བསྒྲུབ་པའོ། །དང་པོ་ནི།

དེ་ལྟར་སྒྲུབ་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་ལམ་རྣམ་པར་དག་པ་མཐར་ཐུག་པར་བྱ་བའི་ཕྱིར་གདམས་ངག་དང་རྗེས་སུ་བསྟན་པ་རང་གིས་བཙལ་བ་དང་གཞན་དག་ལ་ཡང་འདོམས་པར་བྱེད་པས་དེའི་འོག་ཏུ་གདམས་ངག་དང་རྗེས་སུ་བསྟན་པའི་ལེའུ་སྟོན་ནོ། །དེ་ལ་གཉིས་ཏེ། སྤྱི་དོན་དང༌། གཞུང་དོན་ནོ། །དང་པོ་༼སྤྱི་དོན་༽ལ་གཉིས་ཏེ། གདམས་ངག་དང༌། རྗེས་བསྟན་ནོ། །དང་པོ་༼གདམས་ངག་༽ལ་གཉིས་ལས། ངོ་བོ་ནི།

གཞུང་དོན་ལ་གཉིས་ཏེ། དངོས་དང༌། འབྲས་བུའོ། །དང་པོ་༼དངོས་༽ལ་གཉིས་ཏེ། །གདམས་ངག་དང༌། རྗེས་སུ་བསྟན་པའོ། །དང་པོ་༼གདམས་ངག་༽ལ་གསུམ་སྟེ། གདམས་ངག་ངེས་པར་ཐོབ་པའི་དུས། ཚུལ་བཞིན་ཡིད་ལ་བྱེད་པའི་ཁྱད་པར། གདམས་ངག་ཐོབ་པའི་ཕན་ཡོན་ནོ། །དང་པོ་༼གདམས་ངག་ངེས་པར་ཐོབ་པའི་དུས་༽ནི།

ཚུལ་བཞིན་ཡིད་ལ་བྱེད་པའི་ཁྱད་པར་ལ། སྤྱི་དོན་དང༌། གཞུང་དོན་ནོ། །དང་པོ་ལ་གཉིས་༼གསུམ༽སྟེ། ལུས་དང༌། བསམ་པའི་རྟེན་དང༌། དེ་ལ་བརྟེན་པའི་ལམ་མོ། །དང་པོ་ལ་ལུས་ཀྱི་རྟེན་ནི།

དེ་ལ་བརྟེན་པའི་ལམ་ལ་གསུམ་སྟེ། །མཚན་ཉིད། དབྱེ་བ། ངེས་ཚིག་གི་སྒོ་ནས་རྣམ་གྲངས་བཤད་པའོ། །མཚན་ཉིད་ནི།

གཉིས་པ་༼དབྱེ་བ་༽ནི།

གཞུང་གི་དོན་ལ་གཉིས་ཏེ། སློབ་པའི་ལམ་བཞི་ཡིད་ལ་བྱེད་པ་དང༌། ཡིད་ལ་བྱས་པའི་འབྲས་བུ་མཐར་ཕྱིན་པའི་ལམ་མོ། །དང་པོ་ལ་བཞི། །ཚོགས་ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ་། །དང་པོ་ལ་བཞི་སྟེ། དམིགས་པའི་ཁྱད་པར། ཡིད་ལ་བྱེད་པའི་ཁྱད་པར། སེམས་གནས་པའི་ཐབས། གནས་པའི་འབྲས་བུའོ། །དང་པོ་ལ་སེམས་དྲུག་ལས། རྩ་བའི་སེམས་ནི།

འབྲས་བུ་ལ་གཉིས་ཏེ། ཚོགས་འགྲུབ་པ་དང༌། ཕན་ཡོན་ལྔ་འགྲུབ་པའོ། །དང་པོ་༼ཚོགས་འགྲུབ་པ་༽ལ་གཉིས་ལས། ཚོགས་ཀྱི་རྟེན་ནི།

མཐོང་ལམ་དུ་ཡིད་ལ་བྱེད་པ་ལ། མཐོང་ལམ་གྱི་གནས་ལུགས་དང༌། དེའི་ཡོན་ཏན་ནོ། །དང་པོ་༼མཐོང་ལམ་གྱི་གནས་ལུགས་༽ལ། ངོ་བོ་དང༌། ཁྱད་པར་གཉིས་ལས། ངོ་བོ་ནི།

སྒོམ་ལམ་དུ་ཡིད་ལ་བྱེད་པ་ལ་གསུམ་སྟེ། །སྒོམ་ལམ་གྱི་རང་བཞིན། དེ་རྫོགས་པའི་དུས། ཁྱད་པར་གྱི་ལམ་མོ། །དང་པོ་ནི།

གཉིས་པ་མཇུག་བསྡུ་བ་ནི། དོན་ལ་འཇུག་པའི་སྤྱོད་པ་ལ་བཞི་སྟེ། ཐུན་མོང་གི་རྟེན་ལས་གསུམ་ཐབས་ཀྱིས་ཟིན་པ་དང༌། ཐམས་ཅད་མཁྱེན་པའི་ཐབས་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ། མྱ་ངན་ལས་འདས་པའི་ཐབས་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་སྤྱོད་པ། དེ་གཉིས་སྤྱོད་པའི་འབྲས་བུའོ། །དང་པོ་ལ་གསུམ་སྟེ། །གཉེན་པོ་ཀུན་ནས་སློང་་བའི་ཐབས་དང༌། བར་ཆད་ལས་ལྡང་བའི་ཐབས་དང༌། རྣམ་པར་དག་པའི་ཐབས་སོ། །དང་པོ་ནི།

གཉིས་པ་ལ་གཉིས་ལས། ཐེག་ཆེན་ལ་སྐྱོ་བ་སྤོང་བ་ནི།

དེ་ལྟར་ལས་གསུམ་ཐབས་ཀྱིས་ཟིན་པ་ནི། དགེ་བ་ཐམས་ཅད་ལ་ཀུན་ཏུ་འགྲོ་བས་དེས་བསླབ་པ་སྤྱིར་བསྟན་ནས། ད་ནི་ཁྱད་པར་དུ་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་སྟོན་ཏོ། །དེ་ལ་གཉིས་ཏེ། སྤྱོད་པའི་ངོ་བོ་དང༌། ལྷན་ཅིག་བྱེད་པའི་རྐྱེན་ནོ། །དང་པོ་ལ། སོ་སོའི་རང་བཞིན་དང༌། ཐུན་མོང་གི་མཇུག་སྡུད་དོ། །དང་པོ་ལ་གཉིས་ཏེ། རང་གི་སངས་རྒྱས་ཀྱི་ཆོས་རྫོགས་པར་བྱེད་པའི་ཐབས་ཕ་རོལ་ཏུ་ཕྱིན་པ་དྲུག་དང༌། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཐབས་བསྡུ་བའི་དངོས་པོ་བཞིའོ། །དང་པོ་ལ། བསྟན་བཤད་གཉིས་ལས། བསྟན་པ་ནི།

རྒྱས་པར་བཤད་པ་ལ། བཅུའི་དང་པོ་གྲངས་ངེས་ལ་ལྔ་ལས། མངོན་མཐོ་དང་ངེས་ལེགས་སྒྲུབ་པ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་ཏུ་གྲངས་ངེས་པ་ནི།

སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་བསྡུ་བའི་་དངོས་པོ་བཞི་ལ་ལྔ་སྟེ། སོ་སོའི་ངོ་བོ། གྲངས་ངེས་པ། བྱེད་ལས། དབྱེ་བ། ཡོན་ཏན་ནོ། །དང་པོ་ལ། སྦྱིན་པ་ནི།

དགེ་བའི་བཤེས་གཉེན་བསྟེན་པ་ལ་གསུམ་ཏེ། བསྟེན་པ་ཕུན་སུམ་ཚོགས་པ་དང༌། དབྱེ་བ་དང༌། མཆོག་ཏུ་གྱུར་པའོ། །དང་པོ་ལ། གཉིས་ལས། བསྟེན་པ་ནི།

ཚད་མེད་པ་སྒོམ་པ་ལ་གསུམ་སྟེ། སྤྱིར་བསྟན་པ་དང༌། སྙིང་རྗེ་བྱེ་བྲག་ཏུ་བཤད་པ་དང༌། ཚད་མེད་པ་མཆོག་ཏུ་གྱུར་པའོ། །དང་པོ་ལ་གཉིས་ཏེ། མཚན་ཉིད་དང༌། དབྱེ་བའ། །དང་པོ་ལ་གཉིས་ལས། སྤྱིར་བསྟན་པ་ནི།

དབྱེ་བ་ལ་བཞི་སྟེ། །རྟེན་དང༌། མཆོག་དམན་དང༌། རྒྱུ་འབྲས་རྟགས་གསུམ་དང༌། སྐྱོན་ཡོན་གྱི་སྒོ་ནས་དབྱེ་བའོ། །དང་པོ་ནི།

ཡོན་ཏན་གྱི་དབྱེ་བ་ལ་གཉིས་ཏེ། རང་གཞན་གྱི་དོན་སྒྲུབ་པ་དང༌། ཐུན་མོང་མ་ཡིན་ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་གྱི་འགྲེལ་པ་རིན་པོ་ཆེའི་ཕྲེང་བ། པའི་ཡོན་ཏན་ནོ། །དང་པོ་ལ་རང་དོན་ནི།

སྙིང་རྗེ་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ། །རྣམ་པར་དབྱེ་བ་དང༌། སྙིང་རྗེ་ཆེན་པོ་བསྟན་པའོ། །དང་པོ་ལ་དམིགས་པ། འབྲས་བུ། ལས། དབྱེ་བ། ཆེ་བ་དཔེས་བསྔགས་པ། མི་འདོར་བའི་འཐད་པ། སྐྱེ་བའི་རྐྱེན་ཏེ་བདུན་ལས། དམིགས་པ་ནི།

མི་འདོར་བའི་འཐད་པ་ལ་གསུམ་སྟེ། བདེ་བ་དང་འབྲེལ་བ་དང༌། ཉེས་པ་དང་མ་འབྲེལ་བ་དང༌། ཡོན་ཏན་དང་འབྲེལ་བའོ། །དང་པོ་ནི།

ཉེས་པ་དང་མ་འབྲེལ་བ་ལ། རྒྱུ་ཉོན་མོངས་པ་དང་མ་འབྲེལ་བ་དང༌། འབྲས་བུ་སྡུག་བསྔལ་དང་མ་འབྲེལ་བ་གཉིས་ལས། དང་པོ་ལ་ཆགས་པ་དང་མ་འབྲེལ་བ་དང༌། དྲི་མས་མ་གོས་པའོ། །དང་པོ་ནི།

ཡོན་ཏན་དང་འབྲེལ་བ་ལ་གཉིས་ཏེ། བདེ་བ་དང༌། དགེ་བ་སྒྲུབ་པའོ། །དང་པོ་ལ་གསུམ་ལས། སྦྱིན་པའི་བདེ་བ་རྒྱས་པ་ནི།

དགེ་བ་སྒྲུབ་པ་ལ་གཉིས་ཏེ། སྦྱིན་པ་དང༌། ཕར་ཕྱིན་ཐམས་ཅད་ཀྱི་དགེ་བ་སྒྲུབ་པའོ། །དང་པོ་ལ་གསུམ་སྟེ། སྦྱིན་པ་ལ་འཇུག་པའི་རྒྱུ་མཚན་དང༌། འབྲས་བུ་དོན་དུ་མི་གཉེར་བ་དང༌། སྦྱིན་པའི་རང་བཞིན་ནོ། །དང་པོ་ལ་གཉིས་ལས། བརྩེ་བས་བསྐུལ་བ་ནི།

གཉིས་པ་ལ་ལྔ་སྟེ། སྦྱིན་པས་རང་བདེ་མི་འདོད་པ། འབྲས་བུ་དང་བཅས་ཏེ་སེམས་ཅན་ལ་གཏོང་བ། གཏོང་བ་ཉིད་གོམས་པར་འདོད་པ། འབྲས་བུ་ལ་དོན་གཉེར་མེད་པའི་རྒྱུ་མཚན། ལན་ལ་མི་རེ་བའོ། །དང་པོ་ནི།

དེ་ལ་རྒྱས་པར་བཤད་པ་དང༌། མཇུག་བསྡུ་བའོ། །དང་པོ་ལ་གསུམ་སྟེ། སྤྱོད་པའི་ཆོས། སྤྱོད་པའི་རང་བཞིན། སྤྱོད་པ་དབང་དུ་བྱེད་པའི་ཐབས་སོ། །དང་པོ་ལ་གཉིས་ཏེ། ཚུལ་ཁྲིམ་དང༌། ཤེས་རབ་བོ། །དང་པོ་ལ་གསུམ་སྟེ། ངོ་ཚ་ཤེས་པ་དང༌། བརྟན་པ་དང༌། མི་སྐྱོ་བའོ། །དང་པོ་ངོ་ཚ་ཤེས་པ་ནི།

གཉིས་པ་ལ་བཞི་སྟེ། ཡུལ་དང་མཆོག་དམན་དང༌། སྐྱོན་ཡོན་དང༌། ཆེ་བ་དཔེའི་སྒོ་ནས་དབྱེ་བའོ། །དང་པོ་ལ། བསམ་པ་ནི།

ཤེས་རབ་ལ་གསུམ་སྟེ། ངོ་བོ་དང༌། ཆུད་མི་ཟ་བའི་རྒྱུ་རྟོན་པ་བཞི་དང༌། གཞན་སྨིན་པར་བྱེད་པའི་ཐབས་སོ་སོ་ཡང་དག་པར་རིག་པ་བཞིའོ། །དང་པོ་ལ། བསྟན་བཅོས་དང༌། འཇིག་རྟེན་ཤེས་པ་གཉིས་ལས། དང་པོ་ནི།

རྒྱས་པར་བཤད་པ་ལ་གསུམ་སྟེ། འཇིག་རྟེན་འདུན་པའི་ཐབས་ཤེས་པ་དང༌། འཇིག་རྟེན་འབྱུང་ནུབ་ཤེས་པ་དང༌། དེ་ཤེས་པའི་བྱེད་ལས་སོ། །དང་པོ་ནི།

སྤྱོད་པའི་རང་བཞིན་ལ་གཉིས་ཏེ། །ཉེ་བར་སྟོན་པའི་ཚོགས་དང༌། ངེས་པར་འབྱིན་པའི་ལམ་མོ། །དང་པོ་ནི།

གཉིས་པ་ལ་བཞི་སྟེ། རྗེས་སུ་མཐུན་པའི་རང་བཞིན་ཐབས་མཁས་དང༌། རྟོགས་པ་ཆུད་མི་ཟ་བའི་རྒྱུ་གཟུངས་དང༌། མཐུན་རྐྱེན་བ་པའི་རྒྱུ་སྨོན་ལམ་དང༌། འགལ་རྐྱེན་སྤོང་བའི་རྒྱུ་ཏིང་ངེ་འཛིན་གསུམ་དང་ཆོས་ཀྱི་སྡོམ་བཞིའོ། །དང་པོ་ནི།

དེ་ལ་གཉིས་ཏེ། སྒྲུབ་པ་དང༌། ཕན་ཡོན་གྱི་ཡོན་ཏན་ནོ། །དང་པོ་ལ་གཉིས་ཏེ། དོན་གཉིས་ཕུན་སུམ་ཚོགས་པ་དང༌། བསམ་སྦྱོར་ཕུན་སུམ་ཚོགས་པའོ། །དང་པོ་ལ་གཉིས་ཏེ། །རང་དོན་དང༌། གཞན་དོན་ནོ། །དང་པོ་ལ་གཉིས་ཏེ། ངོ་མཚར་ཆེ་བ་དང༌། མི་ཆེ་བའོ། །དང་པོ་ལ་གཉིས་ལས། རྒྱུ་ངོ་མཚར་ཆེ་བ་ནི།

གཉིས་པ་ལ་གསུམ་སྟེ། སྦྱོར་བ་སེམས་སྙོམས་པ། དངོས་གཞི་ཕན་འདོགས་པ། རྗེས་ལན་དུ་དགེ་བ་འདོད་པའོ། །དང་པོ་ལ་གཉིས་ལས། ཡུལ་སེམས་ཅན་ལ་སེམས་སྙོམས་པ་ནི།

གཉིས་པ་ལ་གཉིས་ཏེ། སྤྱིར་བསྟན་པ་དང༌། ཆོས་མཐུན་གྱིས་རྒྱས་པར་བཤད་པའོ། །དང་པོ་ནི།

གཉིས་པ་ལ། བསམ་པ་སྨོན་པ་དང༌། སྦྱོར་བ་ཆུད་མི་ཟ་བ་གཉིས་ལས། དང་པོ་ནི།

ཕན་ཡོན་གྱི་ཡོན་ཏན་ལ་གཉིས་ཏེ། །རང་དོན་དང༌། གཞན་དོན་ནོ། །དང་པོ་ལ་གསུམ་སྟེ། སྦྱོར་བ་དང་། འབྲས་བུ་དང༌། རྒྱུའི་ཡོན་ཏན་ནོ། །དང་པོ་ལ་བཞི་ལས། ཡང་དག་པའི་སྦྱོར་བ་ནི།

གཞན་དོན་གྱི་ཡོན་ཏན་ལ་གཉིས་ཏེ། རིགས་ཅན་གསུམ་ལ་ཆོས་སྟོན་པ་དང༌། ཁྱད་པར་དུ་ཐེག་ཆེན་གྱི་རིགས་ཅན་ལ་ཆོས་སྟོན་པའོ། །དང་པོ་ལ། གཉིས་ལས། ཆོས་ཀྱིི་རང་བཞིན་གདགས་པ་རྣམ་པར་གཞག་པ་དང༌། ཆོས་ཚུལ་ཕུན་སུམ་ཚོགས་པའི་ཡན་ལག་གོ། །དང་པོ་ལ་བཞི་ལས། རྗོད་བྱེད་ཆོས་རྣམ་པར་གཞག་པ་ནི།

བརྗོད་བྱ་བདེན་པ་རྣམ་པར་གཞག་པ་ནི།

སྒྲུབ་བྱེད་རིགས་པ་རྣམ་པར་གཞག་པ་ནི།

གཉིས་པ་ལ་བཞི་སྟེ། ཆོས་ཚོལ་གྱི་་རང་བཞིན་དང༌། ཡང་དག་པ་ཇི་་ལྟ་བ་བཞིནིན་དུ་ཡོངས་སུ་ཤེས་པ་དང༌། དཔག་ཏུ་མེད་པ་ལྔས་གཞན་ལ་ཆོས་བཤད་པ་དང༌། བཤད་པའི་་འབྲས་བུའོ། །དང་པོ་ནི།

གཉིས་པ་ལ་བཞི་སྟེ། ཤེས་བྱ་དང༌། སྤང་བྱ་དང༌། གཉེན་པོ་དང༌། འབྲས་བུའི། །དང་པོ་ནི།

གསུམ་པ་ལ་གཉིས་ཏེ། མཚན་མ་དང༌། གནས་ངན་ལེན་གྱི་གཉེན་པོའོ། །དང་པོ་ནི།

བཞི་པ་ལ་གསུམ་སྟེ། །ཡེ་ཤེས། སྤངས་པ། ཞིང་དག་པའི་ཐབས་སོ། །དང་པོ་ལ་གཉིས་ལས། ཉན་ཐོས་ཀྱི་མཚན་མེད་ལས་ཁྱད་པར་དུ་འཕགས་པར་བསྟན་པ་ནི།

གཉིས་པ་ཐེག་ཆེན་གྱི་རིགས་ཅན་ལ་ཆོས་སྟོན་པ་ལ་གཉིས་ལས། ཐེག་ཆེན་གྱི་མིང་དོན་ནི།

ཐེག་ཆེན་གྱི་དོན་མཐའ་དག་བསྡུས་ཏེ་བསྟན་པ་ནི།

དེ་ལ་གཉིས་ཏེ། གནས་སྐབས་དང༌། མཐར་ཐུག་གིི་འབྲས་བུའོ། །དང་པོ་ལ་གསུམ་སྟེ། ས་ཐོབ་མ་ཐོབ་ཐུན་མོང་གི་འབྲས་བུ་དང༌། ས་ཐོབ་པའི་འབྲས་བུ་དང༌། དེ་གཉིས་ཁྱད་པར་དུ་བྱེད་པའིི་སྤྱོད་པའི་དབྱེ་བའོ། །དང་པོ་ལ་ལྔ་སྟེ། །རྟགས་དང༌། ཕྱོགས་དང༌། ལྷག་པའི་བསམ་པ་དང༌། ཡོངས་སུ་འཛིན་པ་དང༌། སྐྱེ་བ་རྣམ་པར་དབྱེ་བའོ། །དང་པོ་ནི།

ས་ཐོབ་པའི་འབྲས་བུ་ལ་གཉིས་ཏེ། །སྤྱི་དོན་དང༌། གཞུང་དོན་ནོ། །དང་པོ་ལ་གཉིས་ལས། སྐྱེ་བའི་རྟེན་གྱི་གང་ཟག་ནི།

བརྟེན་པ་སའི་རང་བཞིན་ལ་གསུམ་སྟེ། མཚན་ཉིད་དང༌། དབྱེ་བ་དང༌། ཁྱད་པར་གྱི་ཆོས་བཤད་པའོ།། །དང་པོོ་ལ་སྤྱིའི་མཚན་ཉིད་ནི།

དེ་ལ་གཉིས་ཏེ། སངས་རྒྱས་ཀྱི་ཡོན་ཏན་ཁྱད་པར་ཅན་གྱི་སྒོནས་བསྟོད་པ་དང༌། ངོ་བོ་ཉིད་དོ། །དང་པོ་ལ་གཉིས་ཏེ། ཐུན་མོང་དང༌། ཐུན་མོང་མ་ཡིན་པའི་ཡོན་ཏན་ཁྱད་པར་ཅན་གྱི་སྒོ་ནས་བསྟོད་པའོ། །དང་པོ་ལ་དྲུག་ལས། ཚད་མེད་པ་བཞའི་སྒོ་ནས་བསྟོད་པ་ནི།

ཐུན་མོང་མ་ཡིན་པའི་ཡོན་ཏན་ཁྱད་པར་ཅན་གྱི་སྒོནས་བསྟོད་པ་ལ། བཅུ་གཅིག་ལས། མཚན་དཔེ་ནི།

དེབ་ཕྲེང་འདི་ཡི་ཁོངས་གཏོགས་འཕྲུལ་དེབ་གཞན།